བསྟན་པ་ཕྱི་དར་སྐབས་སུ་ཚད་མའི་འགྱུར་གཞུང་བྱུང་ཚུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བསྟན་པ་ཕྱི་དར་གྱི་སྐབས་སུ། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཇོ་བོ་རྗེ་ཨ་ཏི་ཤ་བོད་དུ་གདན་དྲངས་ཏེ་བསྟན་པ་ལ་དག་ཐེར་མཛད་པ་དང་། ལོ་ཙཱ་བ་རིན་ཆེན་བཟང་པོས་མཐོ་ལྡིང་དུ་སྨན་དང་ཆོས་ཀྱི་བཤད་གྲྭ་བཙུགས་ཤིང་། ལྷ་ལྡེའི་ཁང་ལ་ཁ་ཆེ་པཎ་ཆེན་གདན་དྲངས་ནས་ཆོས་དང་ཚད་གཞུང་མང་དུ་བསྒྱུར་པ་ཡིན། ལོ་ཆེན་རིན་ཆེན་བཟང་པོའི་སློབ་མ་རྨ་དགེ་བའི་བློ་གྲོས་ཀྱིས་ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་དང་། ལྷ་དབང་བློས་མཛད་པའི་ཚད་མ་རྣམ་འགྲེལ་ལེའུ་ཕྱི་མ་གསུམ་གྱི་འགྲེལ་པ། ཤཱཀྱ་བློས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་སྟོང་ཕྱེད་དང་ཕྲག་བཞི་པ། དྷརྨ་ཀི་རྟིས་མཛད་པའི་རྩོད་པའི་རིག་པ་སོགས་བོད་སྐད་དུ་བསྒྱུར་བ་དང་། དགེ་བསྙེན་ཞ་མ་སེང་རྒྱལ་གྱིས་ཕྱོགས་གླང་གིས་མཛད་པའི་ཚད་མ་ཀུན་བཏུས་དང་ཀུན་བཏུས་ཀྱི་འགྲེལ་བ་བོད་སྐད་དུ་བསྒྱུར་ཏེ་འཆད་ཉན་དར་བར་བྱས།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
བསྟན་པ་ཕྱི་དར་སྐབས་སུ་ཚད་མའི་འགྱུར་གཞུང་བྱུང་ཚུལ།
རིགས།
ཚད་མ།
1 ​ནང་དོན་མདོར་བསྟན། 

བསྟན་པ་ཕྱི་དར་གྱི་སྐབས་སུ།  ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཇོ་བོ་རྗེ་ཨ་ཏི་ཤ་བོད་དུ་གདན་དྲངས་ཏེ་བསྟན་པ་ལ་དག་ཐེར་མཛད་པ་དང་།  ལོ་ཙཱ་བ་རིན་ཆེན་བཟང་བོས་མཐོ་ལྡིང་དུ་སྨན་དང་ཆོས་ཀྱི་བཤད་གྲྭ་བཙུགས་ཤིང་།  ལྷ་ལྡེའི་ཁང་ལ་ཁ་ཆེ་པཎ་ཆེན་གདན་དྲངས་ནས་ཆོས་དང་ཚད་གཞུང་མང་དུ་བསྒྱུར་བ་ཡིན།  ལོ་ཆེན་རིན་ཆེན་བཟང་བོའི་སློབ་མ་རྨ་དགེ་བའི་བློ་གྲོས་ཀྱིས་ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་དང་།  ལྷ་དབང་བློས་མཛད་པའི་ཚད་མ་རྣམ་འགྲེལ་ལེའུ་ཕྱི་མ་གསུམ་གྱི་འགྲེལ་བ།  ཤཱཀྱ་བློས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་སྟོང་ཕྱེད་དང་ཕྲག་བཞི་བ།  དྷརྨ་ཀི་རྟིས་མཛད་པའི་རྩོད་པའི་རིག་པ་སོགས་བོད་སྐད་དུ་བསྒྱུར་བ་དང་།  དགེ་བསྙེན་ཞ་མ་སེང་རྒྱལ་གྱིས་ཕྱོགས་གླང་གིས་མཛད་པའི་ཚད་མ་ཀུན་བཏུས་དང་ཀུན་བཏུས་ཀྱི་འགྲེལ་པ་བོད་སྐད་དུ་བསྒྱུར་ཏེ་འཆད་ཉན་དར་བར་བྱས།  

བསྟན་པ་ཕྱི་དར་རྗེས་ནས་བཟུང་ཚད་གཞུང་དེ་ཡང་བསྟན་བཅོས་གཞན་དང་འདྲ་བར་གཙིགས་ཆེ་བ་དང་དེ་དག་ཡིག་སྒྱུར་བྱ་བར་ཤུགས་སྣོན་བྱུང་ཡོད་དེ།  བུ་སྟོན་ཆོས་འབྱུང་དུ་ཆོས་བསྒྱུར་བའི་རྣམ་གྲངས་ཞེས་པ་ལས།  ཚད་མའི་མདོ་ཀུན་ལས་བཏུས་བ་སེང་གེ་རྒྱལ་མཚན་གྱི་འགྱུར།  ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་ལྷ་ཆོས་ཀྱི་རིན་ཆེན་གྱི་འགྱུར།  ཕྱོགས་ཆོས་དགུའི་འཁོར་ལོ་ཆོས་ཀྱི་སྣང་བའི་འགྱུར།  ཚད་མ་རྣམ་འགྲེལ་དགེ་བློ་དང་རྔོག་དང་ཀུན་དགའ་རྒྱལ་མཚན་གྱི་འགྱུར།  ཚད་མ་རྣམ་ངེས་རྔོག་འགྱུར།  རིགས་ཐིག་བམ་པོ་གཅིག་རྔོག་འགྱུར།  པཎྡི་ཏ་རྒྱལ་དབང་བློས་མཛད་པའི་ཚད་མ་ཀུན་ལས་བཏུས་ཀྱི་འགྲེལ་བ་སྟོག་ཕྲག་དགུ་བ་དཔང་བློ་བརྟན་གྱི་འགྱུར།  འདི་མ(བསྟན་འགྱུར་དུ)ཚུད་དྲུག་ཅུ་རྩ་གཅིག་གོ་ཞེས་གསུངས་པ་བཞིན་འདིར་མ་གཏོགས་པ་བསྟན་འགྱུར་ནང་ཁོ་ནར་ཚད་གཞུང་མི་འདྲ་བ་དྲུག་ཅུ་ལྷག་ཡོད་པ་དང་།  ཕྱིས་སུ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ(1059--1109)ཀྱིས་ཆོས་ཀྱི་གྲགས་པའི་མཛད་པའི་ཚད་མ་རྣམ་ངེས་དང་རིགས་ཐིགས།  ཆོས་མཆོག་གིས་མཛད་པའི་རྣམ་ངེས་ཊིཀྐྰ་འཐད་ལྡན་དང་ཚད་མ་བརྟག་པ་ཆེ་ཆུང་།  རྒྱན་མཁན་པོས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པ་མན་ཆད་ཀྱི་འགྲེལ་པ་རྣམ་འགྲེལ་གྱི་རྒྱན་སོགས་རྒྱ་གར་གྱི་ཚད་གཞུང་མཐའ་ཡས་པ་ཞིག་བོད་སྐད་དུ་བསྒྱུར་ཐོག་བསྒྱུར་གཞུང་རྙིང་བར་འགྱུར་བཅོས་མཛད་པས།  རྒྱ་གར་དུ་ཚད་གཞུང་གང་ཡོད་ཐམས་ཅད་བོད་དུ་ཡང་མ་ལུས་པ་མེད་པ་ལྟ་བུའི་གནས་སུ་གྱུར།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-04-10

གསར་སྤེལ་མཁན། :བསེ་ཆང་རྡོ་རིན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།