ཡོངས་འཛིན་རིག་མཛོད། >ལུས་རྩལ། >ར་ནང་ལུས་རྩལ། >གཞན་དག

ལྗིད་འདེགས།

ལྗིད་འདེགས་ནི་གནའ་སྔ་མོའི་དུས་རབས་ཁྲོད་མིའི་རིགས་ཀྱིས་རྡོ་ལ་སོགས་ཡར་བཀྱགས་ནས་ལུས་སྟོབས་མངོན་པ་ལས་བྱུང་བ་ཡིན་ལ། རྗེས་སུ་རིམ་གྱིས་ལུས་རྩལ་རྣམ་གྲངས་ཀྱི་གྲས་སུ་ཚུད། ཉེ་རབས་ཀྱི་ལྗིད་འདེགས་ལུས་རྩལ་ནི་དུས་རབས་བཅོ་བརྒྱད་པའི་དུས་མཇུག་དུ་དར་བ་ཡིན་ལ། ཨའོ་གླིང་དུ་རྒྱུགས་ཆེ། དུས་རབས་བཅུ་དགུ་པའི་ལོ་རབས་བརྒྱད་ཅུ་པའི་དུས་མགོར་ལྗིད་འདེགས་དངོས་སུ་འགྲན་སྡུར་རྣམ་གྲངས་ཀྱི་གྲས་སུ་ཚུད།

རིགས་དབྱེ།  

འཇུ་རེས།

འཇུ་རེས་ནི་འཛམ་གླིང་སྟེང་ཆེས་སྔ་བའི་ལུས་རྩལ་འགྲན་སྡུར་ཞིག་ཡིན་པ་ཀུན་གྱིས་ཁས་ལེན། ཀེ་རི་སེ་དང་ཨེ་ཅིབ། ཀྲུང་གོ འཇར་པན་ལ་སོགས་རྒྱལ་ཁབ་ཀྱི་གནའ་བོའི་རིག་གནས་ཁྲོད་འཇུ་རེས་ཀྱི་སྐོར་ཡིག་ཐོག་ཏུ་བཀོད་ཡོད། སྤྱི་ལོ་སྔོན་གྱི776ལོར་གནའ་རབས་ཨོ་རྩལ་བྱུང་བ་ནས་བཟུང་། འཇུ་རེས་ནི་ནང་གསེས་ཀྱི་འགྲན་སྡུར་རྣམ་གྲངས་ཤིག་ཡིན།

རིགས་དབྱེ།  

ཁུ་ཚུར་གཞུ་རྩལ།

ཁུ་ཚུར་གཞུ་རྩལ་ནི་མི་གཉིས་ཀྱིས་ལག་འབོལ་གྱོན་ཏེ་སྒྲིག་ཁྲིམས་ཀྱི་ཚད་བཀག་འོག་ཁུ་ཚུར་གྱིས་ཕན་ཚུན་གཞུ་རེས་དང་རང་སྲུང་བྱེད་པའི་ལུས་རྩལ་ཞིག་ཡིན།

རིགས་དབྱེ།  

རལ་གྲིའི་སྣུན་རྩལ།

རལ་གྲིའི་སྣུན་རྩལ་ནི་མི་གཉིས་ཀྱིས་ཆེད་དུ་བཟོས་པའི་རྣོ་ལྕགས་རིགས་ཀྱི་རལ་གྲི་ཐོགས་ཤིང་། གཏན་ཁེལ་བྱས་ཟིན་པའི་ལུས་རྩལ་ར་བ་དང་། གཏན་ཁེལ་བྱས་ཟིན་པའི་དུས་ཚོད་དང་རལ་གྲིའི་རྡེག་གྲངས་ནང་། སྣུན་འགུལ་སྐྱོད་སྟངས་ལ་བརྟེན་ནས་འཐབ་མོ་བྱེད་པའི་ལུས་རྩལ་བྱ་འགུལ་ཞིག་ཡིན།

རིགས་དབྱེ།  

རུའུ་ཏའོ་དྲག་རྩལ།

རུའུ་ཏའོ་དྲག་རྩལ་ནི་མི་གཉིས་ཀྱིས་ལག་འཛིང་བྱས་ཏེ་རྩལ་འགྲན་པའི་ལུས་རྩལ་ཞིག་ཡིན། རུའུ་ཏའོ་དྲག་རྩལ་ནི་འཇར་པན་ནས་དར་བ་ཡིན་ལ། དང་པོར་རུའུ་ཏའོ་དྲག་རྩལ་ནི་འཇར་པན་དྲག་རྩལ་བ་དག་གིས་བཀོལ་བ་ཞིག་ཡིན་པ་དང་། རྗེས་སུ་རིམ་གྱིས་ལུས་རྩལ་རྣམ་གྲངས་ཀྱི་གྲས་སུ་ཚུད།

རིགས་དབྱེ།  

རལ་རྩེད།

རལ་རྩེད་ནི་གནའ་རབས་ཀྱི་གྲི་རྩལ་འཐབ་རྩོད་ཁྲོད་འཕེལ་རྒྱས་བྱུང་བའི་ལུས་རྩལ་རྣམ་གྲངས་ཤིག་ཡིན་ཞིང་། དེས་ཞི་འཇམ་གྱི་འགུལ་སྟངས་དང་སྟབས་བསྟུན་གྱི་འཐབ་རྩལ་ཟུང་འབྲེལ་བྱས་ཏེ། ལུས་རྩལ་པའི་སྙིང་སྟོབས་ཚད་མཐོའི་གཅིག་བསྡུས་དང་ལུས་ཕུང་གི་མཐུན་སྦྱོར་རང་བཞིན་ལེགས་པོ་ཡོང་བའི་བླང་བྱ་དང་། ལུས་རྩལ་པའི་འགུལ་སྟངས་ལེགས་པོ་དང་བདེ་ལྕགས་འཁྱུག་པོའི་རང་བཞིན་མངོན་ཡོད།

རིགས་དབྱེ།  

ལུས་རྩལ་ཁང་།

ལུས་རྩལ་ཁང་ནི་ཁང་པའི་ནང་ལུས་རྩལ་འགྲན་བསྡུར་བྱེད་པ་དང་། ལུས་རྩལ་སྦྱོང་བརྡར་བྱེད་པའམ་ཡང་ན་གླུ་ལེན་ཆེད་ཚོགས་གཉེར་བའི་འཛུགས་སྐྲུན་ཞིག་ཡིན། ལུས་རྩལ་ཁང་བཀོལ་སྤྱོད་ཀྱི་ངོ་བོ་ལྟར་དབྱེ་ན་འགྲན་བསྡུར་ཁང་དང་སྦྱོང་བརྡར་ཁང་རིགས་གཉིས་ཡོད། ལུས་རྩལ་རྣམ་གྲངས་ལྟར་དབྱེ་ན་སྤོ་ལོ་ཁང་དང་འཁྱགས་གྲུག་ཁང་། མཆོང་འཕེན་ཁང་སོགས་ཡོད། རྒྱ་ཁྱོན་ལ་ཆེ་བ་དང་། འབྲིང་ཙམ། ཆུང་བ་བཅས་སུ་དབྱེ་ཆོག་པ་དང་། སྤྱིར་བཏང་དུ་ལྟད་མོ་བ་མང་ཉུང་ལ་གཞིགས་ནས་དབྱེ་ཆོག ད་ཆ་ཀྲུང་གོས་ལྟད་མོ་བ་བཞུགས་གནས8000ལས་བརྒལ་བ་དེར་ལུས་རྩལ་ཁང་ཆེ་གྲས་ཞེས་བརྗོད་པ་དང་། ལྟད་མོ་བ་མི3000ལས་ཉུང་བ་དེར་ལུས་རྩལ་ཁང་ཆུང་གྲས། ལྟད་མོ་བ8000དང3000གི་བར་ཡིན་ན་ལུས་རྩལ་ཁང་འབྲིང་གྲས་ཞེས་བརྗོད་ཀྱིན་ཡོད། སྐབས་འགར་ལུས་རྩལ་ཁང་ཡང་འཁྲབ་སྟོན་ལྟེ་གནས་བྱས་ནས་འཁྲབ་སྟོན་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད།

རིགས་དབྱེ།  

ཞན་གོང་།

ཞན་གོང་ནི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ཞིང་། དེས་གཟུགས་གཞི་བདེ་ཐང་དུ་གཏོང་བ་དང་། ལྷག་པར་དུ་ལུས་གཞུང་དང་རྐང་ལག་གི་སྟོབས་ཤུགས་འཕེལ་རྒྱས་གཏོང་བར་ནུས་པ་མངོན་གསལ་ཡོད། ཆེས་སྔ་དུས་ནི་སྔར་གནས་ནས་ཞན་གོང་འདེད་པའི་ལག་རྩལ་སྤྱད་པ་དང་། རྗེས་སུ་དུས་ཚོད་ཀྱི་འགྱུར་ལྡོག་བརྒྱུད་དེ། རིམ་གྱིས་བྱེད་ཐབས་སྣ་ཚོགས་བྱུང་བ་སྟེ། དཔེར་ན་གཞོགས་ངོས་སུ་མདུན་ཕྱོགས་དང་གཞོགས་ངོས་སུ་ཤུད་འདེད་བྱེད་པ་ལྟ་བུ་ཡིན། དོར་ཟིན་པའི་ཞན་རྫས་སྒྱོགས་མདེལ་གྱིས་རྡོ་ཡི་ཚབ་བྱས་ནས་ལད་ཟློས་སྦྱོང་བརྡར་བྱེད་པ་ནི་དེང་རབས་ཞན་གོང་གི་ཐད་ཀའི་འབྱུང་ཁུངས་ཡིན།

རིགས་དབྱེ།  

ལྕགས་སྒོར།

ལྕགས་སྒོར་ནི་སྤྱི་ལོའི་སྔོན་གྱི་དུས་རབས12ནས་སྤྱི་ལེ་སྔོན་གྱི་དུས་རབས8པའི་ནང་ཀེ་རི་སེའི་མིས་རྡོ་གཡུག་པའི་བྱ་འགུལ་ཞིག་ཡིན་ལ། དབྱིན་ཇིའི་སྐད་དུdiscusཟེར། སྤྱི་ལོའི་སྔོན་གྱི708ལོའི་སྐབས18པའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ནི་ཀུན་ནུས་རྣམ་གྲངས་ཀྱི་གྲས་ཤིག་ཡིན།

རིགས་དབྱེ།  

ཐག་འཐེན།

ཕྱོགས་གཉི་གར་མི་གྲངས་མང་ཉུང་མེད་པར་ཤེད་ཤུགས་འགྲན་པའི་སྤྲོ་སྐྱིད་རང་བཞིན་གྱི་ལུས་རྩལ་བྱ་འགུལ་ཞིག་ཡིན་ལ། ཀྲུང་གོའི་སྲོལ་རྒྱུན་གྱི་ལུས་རྩལ་རྣམ་གྲངས་ཤིག་ཡིན།

རིགས་དབྱེ།  

ལྕགས་སྒོར།

ལྕགས་སྒོར་ནི་སྤྱི་ལོའི་སྔོན་གྱི་དུས་རབས12ནས་སྤྱི་ལེ་སྔོན་གྱི་དུས་རབས8པའི་ནང་ཀེ་རི་སེའི་མིས་རྡོ་གཡུག་པའི་བྱ་འགུལ་ཞིག་ཡིན་ལ། དབྱིན་ཇིའི་སྐད་དུdiscusཟེར། སྤྱི་ལོའི་སྔོན་གྱི708ལོའི་སྐབས18པའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ནི་ཀུན་ནུས་རྣམ་གྲངས་ཀྱི་གྲས་ཤིག་ཡིན།

རིགས་དབྱེ།  

རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་མིག་མངས་ལུས་རྩལ་དོ་དམ་ལྟེ་གནས།

རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་མིག་མངས་ལུས་རྩལ་དོ་དམ་ལྟེ་གནས་ནི་སྤྱི་ལོ1991ལོའི་ཟླ10བའི་ཚེས24ཉིན་བཙུགས་པ་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ཁོངས་སུ་གཏོགས་ཡོད། ཀྲུང་གོའི་མིག་མངས་དང་། མིག་མངས། རྒྱལ་སྤྱིའི་མིག་མངས་བཅས་ཀྱི་འགོ་ཁྲིད་ལས་ཁུངས་མཐོ་ཤོས་ཡིན།

རིགས་དབྱེ།