ཡོངས་འཛིན་རིག་མཛོད། >ལུས་རྩལ། >ར་ནང་ལུས་རྩལ། >ལུས་སྦྱོང་།

ལུས་སྦྱོང་།

ལུས་སྦྱོང་ནི་ལག་སྟོང་ངམ་འཕྲུལ་ཆས་ལ་བརྟེན་ནས་ལུས་ཕུང་སྦྱོང་བརྡར་བྱེད་པའི་རྩལ་སྦྱོང་གི་རིགས་ཤིག་ཡིན།

རིགས་དབྱེ།  

གཟུགས་མཛེས་ལུས་རྩལ།

གཟུགས་མཛེས་ལུས་རྩལ་ནི་ལག་པ་དང་འབྲེལ་ཡོད་ཀྱི་སྒྲིག་ཆས་ལ་བརྟེན་ནས། ཚད་ལྡན་གྱི་སྦྱོང་བརྡར་དང་ལག་པའི་འགུལ་སྟངས་ལྟར་ལུས་ཤུགས་ཇེ་ཆེ་དང་ལུས་ཀྱི་ཤ་གནད་ཇེ་རྒྱས། མིའི་གཟུགས་གཞི་ལེགས་བསྒྱུར་དང་སེམས་ཁམས་སྙོམ་སྒྲིག་བཅས་དམིགས་ཡུལ་དུ་བྱེད་པའི་ལུས་རྩལ་འགུལ་སྐྱོད་ཀྱི་རིགས་ཤིག་ཡིན།

རིགས་དབྱེ།  

ཆུ་འཁྱགས་ཀྱི་ཁྲུས།

ཆུ་འཁྱགས་ཀྱི་ཁྲུས་ནི་ཆུ་འཁྱགས་ཀྱིས་ཁྲུས་བྱས་ནས་ལུས་ཕུང་སྦྱོང་བརྡར་བྱེད་པའམ་ནད་རིགས་འགོག་པའི་བྱ་ཐབས་ཤིག་ཡིན།

རིགས་དབྱེ།  

སྒྱུ་རྩལ་ལུས་སྦྱོང་།

སྒྱུ་རྩལ་ལུས་སྦྱོང་ནི་རོལ་མོའི་རམ་འདེགས་ཁྲོད་ལག་སྟོང་ངམ་རྒྱུ་ཆ་ཡང་མོ་བཟུང་ནས་རྒྱུན་མ་ཆད་པར་ལུས་ཕུང་སྦྱོང་བརྡར་བྱེད་པ་ལ་ཟེར།

རིགས་དབྱེ།  

དཔྱངས་གདུབ།

དཔྱངས་གདུབ་ནི་སྐྱེས་པའི་ལུས་སྦྱོང་རྣམ་གྲངས་ཀྱི་གྲས་ཤིག་ཡིན། ཉེ་རབས་ཀྱི་དཔྱངས་གདུབ་ལུས་རྩལ་ནི་ཧྥ་རན་སི་ནས་བྱུང་བ་དང་། དེ་ནི་རྩལ་རྩེད་འཁྲབ་སྟོན་པས་བར་སྣང་ཐག་པས་འཁྲབ་སྟོན་བྱས་ནས་བློ་སྒོ་ཕྱེ་སྟེ་གསར་གཏོད་བྱས་པ་ཞིག་ཡིན་ཞིང་། དེའི་རྗེས་ནས་འཇར་མན་དང་དབྱི་ཐ་ལིར་དར་བ་རེད། སྤྱི་ལོ1842ལོར་འཇར་མན་གྱི་མི་ཧྲེ་ཕི་སིས་དཔྱངས་གདུབ་དང་པོ་བཟོས་པ་རེད། སྔ་དུས་ཀྱི་དཔྱངས་གདུབ་ལུས་རྩལ་ལ་གཡོ་འགུལ་འགུལ་སྟངས་དང་སྟབས་བདེ་བའི་དཔྱང་བ་མ་གཏོགས་མེད་ཅིང་། དེ་ནི་རྩལ་སྦྱོང་སྦྱོང་བརྡར་གྱི་རམ་འདེགས་བྱེད་ཐབས་ཤིག་ཡིན། དུས་རབས19པར་དཔྱངས་གདུབ་དེ་རང་ཚུགས་ཀྱི་སྐྱེས་པའི་ལུས་སྦྱོང་རྣམ་གྲངས་སུ་གྱུར། སྤྱི་ལོ1896ལོར་སྐབས་དང་པོའི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས་སུ་བཀོད།

རིགས་དབྱེ།  

སྙོམས་ཤིང་།

སྙོམས་ཤིང་གི་ལུས་རྩལ་ནི་སྤྱི་ལོའི་སྔོན་གྱི་རོ་མའི་དུས་རབས་ནས་བྱུང་བ་དང་། ལུས་རྩལ་པས་འཕྲེད་ཤིང་ཞིག་གི་སྟེང་ནས་ཞབས་བྲོ་དང་ཨ་ལོག་རྒྱག་དགོས།

རིགས་དབྱེ།  

བྱེ་སྒྱེ།

བྱེ་སྒྱེ་ནི་སྤྱིར་བཏང་དུ་རས་སྲ་མོ་དང་། དར་རས་དཀར་པོ། གསོ་སྒྱེ་བཅས་ལས་གྲུབ་པ་དང་། གོང་འོག་རིམ་པ་བཅུ་དང་། ཆེ་ཆུང་ཁྲེ་ཙེ1.5*1.5ཡོད་པ་དང་། ནང་དུ་ལྕགས་བྱེ་སྤྱི་རྒྱ8ཙམ་བླུགས་ཡོད། བྱེ་སྒྱེ་ལ་ལར་བྱེ་མ་དང་སོག་ལེའི་ཕྱེ་མ། སྲན་མའམ་ཁྲེ་རྒོད་སོགས་བླུགས་ཡོད། གྲུ་བཞི་དང་སྒོར་དབྱིབས་རིགས་གཉིས་ཡོད་ལ། ལྗིད་ཚད་དང་ཆེ་ཆུང་ནི་སྦྱོང་བརྡར་མཁན་གྱི་དགོས་མཁོ་ལྟར་གཏན་འཁེལ་བྱེད་དགོས། གཙོ་བོ་ཤ་གནད་སྦྱོང་བརྡར་བྱེད་སྤྱད་ཡིན།

རིགས་དབྱེ།  

མཐོ་དམན་གདང་།

མཐོ་དམན་གདང་ནི་བུད་མེད་ཀྱི་ལུས་སྦྱོང་ལ་དམིགས་བསལ་དུ་ཡོད་པའི་རྣམ་གྲངས་ཤིག་ཡིན་ཞིང་། དེ་ནི་གཅིག་མཐོ་ལ་ཅིག་ཤོས་དམའ་བའི་གདང་གཉིས་ཀྱིས་གྲུབ་པ་ཞིག་ཡིན། དམའ་བའི་གདང་གི་མཐོ་ཚད་ནི་ལི་སྨི130-160ཡིན་པ་དང་། མཐོ་བའི་གདང་གི་མཐོ་ཚད་ནི་ལི་སྨི190-240ཡིན། འཕྲེད་གདང་ནི་འཇོང་དབྱིབས་ཤིག་ཡིན་པ་དང་། དེའི་རིང་ཚད་ལ་ལི་སྨི5དང་ཚངས་ཐིག་ལ་ལི་སྨི4ཡོད། དེ་ནི་ཤེལ་གྱི་ལྕགས་དང་ཤིང་གིས་བཟོས་པ་ཡིན་ཞིང་། དེར་ལྡེམ་ཤུགས་དང་སྲ་བརྟན་གྱི་རང་བཞིན་ལེགས་པོ་ལྡན་ཡོད། སྒྲིག་སྲོལ་ཁྲོད་དུ་འགུལ་སྟངས་ཆ་ཚང་གི་དཀའ་ཚད་མི་འདྲ་བའི་སྡེབ་སྒྲིག་གི་བླང་བྱ་ཡོད། དུས་རབས19པའི་དུས་མཇུག་ཏུ། བུད་མེད་ཀྱི་ལུས་སྦྱོང་དེ་ཡོ་རོབ་གླིང་དུ་དར་བ་དང་། སྐབས་དེར་བུད་མེད་ནི་སྐྱེས་པ་དང་འདྲ་བར་དོ་མཉམ་ཟུང་གདང་གདང་སྤྱོད་པ་ཡིན། རྗེས་སུ་བུད་མེད་ལུས་རྩལ་པའི་ཁྱད་ཆོས་དང་བསྟུན་ཆེད་ཟུང་གདང་གི་གཞོགས་གཅིག་ཇེ་མཐོར་བཏང་སྟེ་མཐོ་དམན་གདང་དུ་གྱུར། མཐོ་དམན་གདང་ནི་སྤྱི་ལོ1952ལོའི་ཨོ་རྩལ་འགྲན་ཚོགས་ཐོག་ད་གཟོད་བྱུང་བ་རེད། དེའི་སྔོན་ལ་བུད་མེད་ལུས་རྩལ་པས་སྤྱོད་པ་ནི་སྐྱེས་པ་དང་འདྲ་བའི་ཟུང་གདང་ཡིན། ཟུང་གདང་ནི་དཔུང་བའི་སྟོབས་ཤུགས་ཀྱི་རེ་བ་ཧ་ཅང་མཐོ་བས། བུད་མེད་ལུས་རྩལ་པའི་ལག་ཟུང་འཁྲབ་སྟོན་གྱིས་མིའི་འདོད་བློ་སྐོང་མ་ཐུབ། དེ་བས་ད་གཟོད་བུད་མེད་ལུས་རྩལ་པར་ཇུས་འགོད་བྱས་པའི་མཐོ་དམན་གདང་བྱུང་པ་རེད།

རིགས་དབྱེ།  

ལྗིད་འགྱོག

ལྗིད་འགྱོག་ནི་འཇལ་དྲིལ། དེམ་དྲིལ་སོགས་བེད་སྤྱད་དེ་ལུས་རྩལ་སྦྱོང་བརྡར་དང་འགྲན་བསྡུར་བྱེད་པའི་ལུས་རྩལ་རྣམ་གྲངས་ཤིག་ཡིན་པ་དང་། ལུས་རྩལ་ནང་ནས་སྟོབས་ཤུགས་སྦྱོང་བརྡར་བྱེད་པའི་ཐབས་ལམ་གཙོ་ཤས་ཤིག་ཀྱང་ཡིན། ལོ་ཉིས་སྟོང་ལྷག་གི་ཡར་སྔོན་ནས་བཟུང་། ཀྲུང་གོ་རུ་ལྗིད་འགྱོག་གི་བྱ་འགུལ་ཡོད་པ་ཡིག་ཚང་དུ་གསལ་ལོ། །

རིགས་དབྱེ།  

འཐམ་འཁྱུད།

འཐམ་འཁྱུད་ནི་མི་གཉི་གས་དཔུང་འཇུ་བྱས་ནས་རྩལ་ཤུགས་འགྲན་པ་ཞིག་ཡིན་ཞིང་། ཕ་རོལ་པོ་བསྒྱེལ་དུ་འཇུག་པའམ་རྟགས་ཀྱི་ཕན་ཆད་དུ་ཕུད་ཐབས་བྱེད་པའི་ལུས་རྩལ་རྣམ་པ་ཞིག་ཡིན།

རིགས་དབྱེ།  

ཐའེ་ཅི་ཆོན།

ཐའེ་ཅི་ཆོན་ནི་དྲག་རྩལ་དང་ལུས་ཕུང་སྦྱོང་བརྡར་གཉིས་མཉམ་འཛོམས་ཀྱི་ལུས་རྩལ་ཞིག་ཡིན་ལ། སྔོན་མར་དེའི་འགུལ་སྟངས་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས་དེ་ལ་ཁྲང་ཆོན་ནམ་མེན་ཆོན་ཀྱང་ཟེར་སྲོལ་ཡོད།

རིགས་དབྱེ།  

ནན་ཆོན།

ནན་ཆོན་ཞེས་པའི་མིང་འདི་ནི་ལྷོ་ཁུལ་ས་ཆའི་དྲག་རྩལ་སྤྱིའི་མིང་ཡིན་ལ། དྲག་རྩལ་གྱི་གྲས་ནས་ལུས་རྩལ་ཁ་ཚང་ཞིང་མཚོན་བྱེད་རང་བཞིན་ལྡན་པའི་དྲག་རྩལ་ཚན་ཁག་ཅིག་ཡིན།

རིགས་དབྱེ།  

མཉེན་རྩལ།

མཉེན་རྩལ་ནི་མི་གཉིས་ལག་འཛིང་བྱས་ཏེ་རྩལ་འགྲན་པའི་ལུས་རྩལ་ཞིག་ཡིན། སྤྱི་ལོ1882ལོར་འཇར་པན་རྒྱལ་ཁབ་ཀྱི་ཇ་ན་ཀྲི་བོའུ་ལང་གིས་ཀྲུང་གོའི་དྲག་རྩལ་ལས་རྡོག་རྫིས་དང་རྡུང་བ། འཇུ་རེས། འཛིན་བཟུང་བཅས་ཀྱི་རྩལ་བསྡུ་ལེན་དང་། དེ་མིན་ཅང་ཕན་རང་གི་དྲག་རྩལ་ལ་ཟུང་དུ་སྦྲེལ་ཏེ་སྲོལ་གཏོད་གནང་བ་ཞིག་ཡིན།

རིགས་དབྱེ།  

ཐེ་རྩལ།

ཐེ་རྩལ་ཞེས་པ་ནི་ཐེ་གོ་རྒྱལ་ཁབ་ཀྱི་དྲག་རྩལ་ལུས་རྩལ་ཞིག་ཡིན་ལ། ཁྱད་འཕགས་ཅན་གྱི་ལག་འཛིང་འཐབ་རྩལ་ཞིག་ཡིན་པས་རྨས་སྐྱོན་འཐེབ་སླ་ཞིང་། ལུས་ཀྱི་རྩལ་ཤུགས་དང་དྲུང་ཤ་དོད་པའི་ལུས་རྩལ་རིགས་ཤིག་ཡིན།

རིགས་དབྱེ།  

དཔྱངས་ལོང་།

དཔྱངས་ལོང(hand ring)ཞེས་པ་སྐྱེས་པའི་ལུས་སྦྱོང་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ལ། ཉེ་རབས་སུ་དཔྱངས་ལོང་ལུས་རྩལ་འདི་དབྱིན་ཇི་ནས་དར་ཞིང་། ཚུལ་དེ་ནི་རྩལ་རྩེད་སྣ་ཚོགས་བར་སྣང་དུ་ཐག་པས་འཁྲབ་སྟོན་བྱས་པ་ལས་བློ་སྒོ་འབྱེད་ཅིང་གསར་དུ་གཏོད་པ་ཞིག་ཡིན།

རིགས་དབྱེ།  

ཉིས་རྡང་།

ཉིས་རྡང(parallel bars)ཞེས་པ་སྐྱེས་པའི་རྩལ་འགྲན་ལུས་སྦྱོང་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ཞིང་། ལྕགས་རིགས་ཀྱི་རྡང་བུ་གཉིས་མཉམ་དུ་གཤིབས་ཡོད་ལ། རྒྱུ་ཆ་ཤིང་དང་། འགྱིག ལྕགས་རིགས་བཅས་མཉམ་དུ་བསྲེས་པའི་རྡང་བུ་གཉིས་གཤིབ་ཅན་ཞིག་ཡིན།

རིགས་དབྱེ།  

རྐྱང་རྡང་།

རྐྱང་རྡང(horizontal bar)ནི་སྐྱེས་པའི་རྩལ་འགྲན་ལུས་སྦྱོང་གི་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ཞིང་། སྤྱི་ལོ1896ལོར་རྐྱང་རྡང་ནི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་སྡུར་རྣམ་གྲངས་སུ་ཚུད། དེང་སྐབས་ཀྱི་རྐྱང་རྡང་འགྲན་སྡུར་གྱི་རྡང་བུའི་ཚངས་ཐིག་ལ་སྨི2.8ཅན་གྱི་རྒྱུ་ལྕགས་ལས་བཟོས་པའི་འཕྲེད་དབྱུག་ཅིག་ཡིན།

རིགས་དབྱེ།  

དོ་མཉམ་རྩེད་ཤིང་།

དོ་མཉམ་རྩེད་ཤིང་ཞེས་པ་སྤྱི་ལེ་སྔོན་གྱི་རོ་མའི་དུས་རབས་སུ་བྱུང་ཞིང་། ལུས་རྩལ་པས་འཕྲེད་ཤིང་སྟེང་དུ་ཞབས་བྲོ་དང་ལྡིང་སྐོར་སོགས་ཀྱི་སྟངས་སྟབས་མངོན།

རིགས་དབྱེ།  

རང་མོས་ལུས་སྦྱོང་།

རང་མོས་ལུས་སྦྱོང་ནི་རྩལ་འགྲན་ལུས་སྦྱོང་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ཞིང་། གཏན་ཁེལ་བྱས་པ་ལྟར་འགུལ་སྟངས་སྣ་ཚོགས་ཡོངས་སུ་ལེགས་འགྲུབ་བྱུང་དགོས།

རིགས་དབྱེ།