ལུས་སྦྱོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལུས་སྦྱོང་།
ལུས་སྦྱོང་ནི་ལག་སྟོང་ངམ་འཕྲུལ་ཆས་ལ་བརྟེན་ནས་ལུས་ཕུང་སྦྱོང་བརྡར་བྱེད་པའི་རྩལ་སྦྱོང་གི་རིགས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
体操
ཕྱི་ཡིག་གི་མིང་།
Gymnastics
འབྱུང་ཡུལ།
ཀྲུང་གོ་དང་གནའ་བོའི་ཀེ་རི་སེ།
རྩ་འཛུགས།
རྒྱལ་སྤྱིའི་ལུས་སྦྱོང་མཉམ་འབྲེལ་ལྷན་ཚོགས།
1 ​ངོ་སྤྲོད།

ལུས་སྦྱོང་ནི་ལག་སྟོང་ངམ་འཕྲུལ་ཆས་ལ་བརྟེན་ནས་ལུས་ཕུང་སྦྱོང་བརྡར་བྱེད་པའི་རྩལ་སྦྱོང་གི་རིགས་ཤིག་ཡིན།  དེ་ལ་རྩ་བའི་ལུས་སྦྱོང་དང་རྩལ་འགྲན་ལུས་སྦྱོང་།  ཐབས་བཀོད་ལུས་སྦྱོང་།  སྒྱུ་རྩལ་ལུས་སྦྱོང་སོགས་ཡོད།  རྩལ་འགྲན་ལུས་སྦྱོང་ནི་ཨོ་རྩལ་འགྲན་ཚོགས་ཀྱི་ཚན་ཁག་གཙོ་གྲས་ཤིག་ཡིན།

2 བྱུང་འཕེལ།

ལུས་སྦྱོང་ནི་གནའ་བོའི་ཀེ་རི་སེའི་སྐད་དུ་བྱུང་ཞིང་དབྱི་ཐ་ལིའི་སྐད་དུ་རྗེན་རྩལ་དུ་འབོད་དེ་རྒྱུ་མཚན་ཁོ་ཚོས་སྐབས་དེར་ལུས་རྗེན་པར་ལུས་སྦྱོང་བྱེད་པས་ཡིན། ཕྱིས་སུ་ཡོ་རོབ་གླིང་དང་མེ་གླིང་དུ་སྤྱད་ཅིང་། ཀྲུང་གོས་དེ་ལ་ལུས་སྦྱོང་དུ་མིང་བཏགས། དེའི་གོ་དོན་དང་ནང་དོན་དུས་རབས་དང་བསྟུན་ནས་འཕོ་འགྱུར་བྱུང་བས་ཅུང་མི་འདྲ་བར་སྣང་། རྣམ་གྲངས་འདི་ཀྲུང་གོར་སྤྱི་ལོ1840ལོའི་ཉལ་ཐའི་དམག་འཁྲུག་གི་མཇུག་ཏུ་དར་ཅིང་། སྐབས་དེར་ལུས་སྦྱོང་བྱ་འགུལ་འདི་ཧ་ཅང་སྐྱོ་པོ་ཡིན་ལ་མང་ཚོགས་རང་བཞིན་གྱི་ལུས་སྦྱོང་བྱ་འགུལ་ཞིག་ཆགས་མི་འདུག ཆིན་རྒྱལ་རབས་ཀྱི་དུས་མཇུག་ཏུ། ཀྲུང་གོའི་ཕྱི་གླིང་བའི་སློབ་གྲྭ་རུ་ལུས་སྦྱོང་སློབ་ཐུན་བཀོད་སྒྲིག་བྱས་ཡོད། དེ་ནི་དེང་གི་རྩལ་སྦྱོང་སློབ་ཐུན་གྱི་ཕྱི་མོ་ལྟ་བུ་ཡིན། ཡིན་ཡང་། སྤྱི་ལོ1924ལོའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པར་ད་གཟོད་ཆ་མི་ཚང་བའི་རྒྱལ་ཡོངས་རང་བཞིན་གྱི་ལུས་སྦྱོང་འཁྲབ་སྟོན་བྱས། སྤྱི་ལོ1896ལོའི་ཨ་ཐེན་སིའི་ཨོ་རྩལ་འགྲན་ཚོགས་སྐབས་དང་པོ་ནས་རྩལ་རྩེད་ཤིང་རྟ་དང་དཔྱང་ལོང་། ཤིང་རྟ་མཆོང་བ། རྩལ་ཤིང་ཆ་ཅན་དང་ཡ་ཅན། ཐག་འཛེག་བཅས་ཀྱི་རྣམ་གྲངས་བཙུགས། སྐབས་དེར་རང་མོས་ལུས་སྦྱོང་རྣམ་གྲངས་ཚུགས་མེད་ལ་སྐྱེས་པའི་ལུས་སྦྱོང་འགྲན་སྡུར་ཁོ་ན་མ་གཏོགས་མེད།  རྗེས་ཀྱི་ཨོ་རྩལ་འགྲན་སྡུར་ཁྲོད་རྣམ་གྲངས་རེ་འགའ་ཁ་བསྣན་ཡོད་ལ། སྤྱི་ལོ1932ལོར་ཨ་རིའི་ལོ་ཧྲན་ཅི་ནས་བསྡུས་པའི་ཨོ་རྩལ་འགྲན་ཚོགས་སྐབས་བཅུ་བར་རང་མོས་ལུས་སྦྱོང་རྣམ་གྲངས་ཁ་བསྣན། སྤྱི་ལོ1936ལོའི་པོ་ལིན་ནས་བསྡུས་པའི་ཨོ་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པར་ལུས་སྦྱོང་འགྲན་སྡུར་དེ་དངོས་སུ་སྐྱེས་པའི་རྣམ་གྲངས་དྲུག་གི་འགྲན་སྡུར་ཏུ་གྲུབ་པ་མ་ཟད། ལོ་དེར་སྐྱེས་མའི་ལུས་སྦྱོང་འགྲན་སྡུར་རྣམ་གྲངས་ཀྱང་སྤེལ་བ་རེད། སྐྱེས་མའི་འགྲན་སྡུར་རྣམ་གྲངས་ཆ་ཚང་བ་གཏན་ལ་ཁེལ་བ་དེ་སྤྱི་ལོ1960ལོའི་རོ་མའི་ཨོ་རྩལ་འགྲན་ཚོགས་སྐབས་བཅུ་བདུན་པའི་ཐོག་ཡིན། སྤྱི་ལོ1984ལོའི་ལོ་ཧྲན་ཅིའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་གསུམ་པའི་ཐོག་སྒྱུ་རྩལ་ལུས་སྦྱོང་འགྲན་སྡུར་རྣམ་གྲངས་དངོས་གཞིར་བཞག་ཅིང་། སྤྱི་ལོ2000ལོའི་སའེ་ནེའི་ཨོ་རྩལ་འགྲན་ཚོགས་ཐོག་ལྡེམ་སྟེགས་འགྲན་སྡུར་དེ་རྣམ་གྲངས་དངོས་གཞིར་ཚུད་པ་རེད། 

3 འགྲན་ཞུགས་རྣམ་གྲངས།

A、སྐྱེས་པ།  ཚོགས་པ། མི་སྒེར་ཀུན་ཐུབ། རང་མོས་ལུས་སྦྱོང་། ཤིང་རྟ་རྩལ་རྩེད། དཔྱང་ལོང་། ཤིང་རྟར་མཆོང་བ། རྩལ་ཤིང་ཆ་ཅན་དང་ཡ་ཅན།  མི་སྒེར་ལྡེམ་སྟེགས་འགྲན་སྡུར།

B、སྐྱེས་མ།  ཚོགས་པ། མི་སྒེར་ཀུན་ཐུབ། སྦྱོང་གདང་མཐོ་དམན་ཉིས་སྒྲིག དོ་མཉམ་རྩེད་ཤིང་། རང་མོས་ལུས་སྦྱོང་། སྒྱུ་རྩལ་ལུས་སྦྱོང་ལས་མི་སྒེར་ཀུན་ཐུབ་དང་ཚོགས་པའི་ཀུན་ཐུབ། མི་སྒེར་ལྡེམ་སྟེགས་འགྲན་སྡུར།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-22

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།