ལུས་རྩལ་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལུས་རྩལ་ཁང་།
ལུས་རྩལ་ཁང་ནི་ཁང་པའི་ནང་ལུས་རྩལ་འགྲན་བསྡུར་བྱེད་པ་དང་། ལུས་རྩལ་སྦྱོང་བརྡར་བྱེད་པའམ་ཡང་ན་གླུ་ལེན་ཆེད་ཚོགས་གཉེར་བའི་འཛུགས་སྐྲུན་ཞིག་ཡིན། ལུས་རྩལ་ཁང་བཀོལ་སྤྱོད་ཀྱི་ངོ་བོ་ལྟར་དབྱེ་ན་འགྲན་བསྡུར་ཁང་དང་སྦྱོང་བརྡར་ཁང་རིགས་གཉིས་ཡོད། ལུས་རྩལ་རྣམ་གྲངས་ལྟར་དབྱེ་ན་སྤོ་ལོ་ཁང་དང་འཁྱགས་གྲུག་ཁང་། མཆོང་འཕེན་ཁང་སོགས་ཡོད། རྒྱ་ཁྱོན་ལ་ཆེ་བ་དང་། འབྲིང་ཙམ། ཆུང་བ་བཅས་སུ་དབྱེ་ཆོག་པ་དང་། སྤྱིར་བཏང་དུ་ལྟད་མོ་བ་མང་ཉུང་ལ་གཞིགས་ནས་དབྱེ་ཆོག ད་ཆ་ཀྲུང་གོས་ལྟད་མོ་བ་བཞུགས་གནས8000ལས་བརྒལ་བ་དེར་ལུས་རྩལ་ཁང་ཆེ་གྲས་ཞེས་བརྗོད་པ་དང་། ལྟད་མོ་བ་མི3000ལས་ཉུང་བ་དེར་ལུས་རྩལ་ཁང་ཆུང་གྲས། ལྟད་མོ་བ8000དང3000གི་བར་ཡིན་ན་ལུས་རྩལ་ཁང་འབྲིང་གྲས་ཞེས་བརྗོད་ཀྱིན་ཡོད། སྐབས་འགར་ལུས་རྩལ་ཁང་ཡང་འཁྲབ་སྟོན་ལྟེ་གནས་བྱས་ནས་འཁྲབ་སྟོན་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
体育馆
དབྱིན་ཡིག་གི་མིང་།
Gymnasium
ངོ་བོའི་རིག་དབྱེ།
ལུས་རྩལ་འགྲན་བསྡུར་། ལུས་རྩལ་སྦྱོང་བརྡར།
1 གཞི་ཁྱོན་ངོ་སྤྲོད།

མིག་སྔར་འཛམ་གླིང་ཐོག་གི་ལུས་རྩལ་ཁང་ཆེ་ཤོས་ནི་ཨ་རིའི་སྨི་ཤེ་ཀེན་ཀྲོའུ་ཡི་ཕང་ཏི་ཡ་ཁེ་ལུས་རྩལ་ཁང་ཡིན་པ་དང་ལྟད་མོ་བ་ཁྲི8ཤོང་ཐུབ། ཨེ་ཤེ་ཡའི་ཆེས་ངོ་མཚར་ཆེ་བའི་ལུས་རྩལ་ཁང་ཞེས་བརྗོད་ཀྱིན་ཡོད། མིག་སྔར་ཀྲུང་གོའི་ལུས་རྩལ་ཁང་ཆེ་ཤོས་ནི་སྤྱི་ལོ1968ལོར་བསྐྲུན་པའི་པེ་ཅིང་རྒྱལ་སའི་ལུས་རྩལ་ཁང་དང་སྤྱི་ལོ1975ལོར་བསྐྲུན་པའི་ཧྲང་ཧའེ་ལུས་རྩལ་ཁང་ཡིན་པ་དང་ལྟད་མོ་བ18000ཤོང་ཐུབ། རྒྱལ་སྤྱིའི་ཐོག་སྐད་གྲགས་ཆེ་བའི་ལུས་རྩལ་ཁང་ནི། སྤྱི་ལོ1960ལོར་བསྐྲུན་པའི་རོ་མའི་ལུས་རྩལ་ཁང་ཆེ་ཆུང་གཉིས་དང་། སྤྱི་ལོ1964ལོར་བསྐྲུན་པའི་ཏུང་ཅིང་ཏའེ་མུའུ་རྒྱལ་བཙུགས་ཕྱོགས་བསྡུས་ལུས་རྩལ་ཁང་དང་། སྤྱི་ལོ1972ལོར་བསྐྲུན་པའི་འཇར་མན་གྱི་མུའུ་ཉི་ཧེ་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཁང་སོགས་ཡོད། ལུས་རྩལ་ཁང་གི་ཇུས་འགོད་ཨར་ལས་དེ་ཨོ་རྩལ་འགྲན་ཚོགས་གཉེར་བའི་འགྲན་བསྡུར་གྱི་བླང་བྱ་ཚད་གཞིར་བྱས་ནས་སྤོ་ལོ་དང་། ཕྲེང་གྲུག འཕེན་འཕང་སྤོ་ལོ། སྒྲོ་བཟེད། ལག་གྲུག་སོགས་ཀྱི་འགྲན་བསྡུར་བྱེད་ཐུབ་ལ། དེ་དང་ཆབས་ཅིག་རྒྱལ་སྤྱིའི་ཚད་ལྡན་རིག་གནས་རོལ་རྩེད་བྱེད་སྒོ་ཆེ་གྲས་གཉེར་བའི་ནུས་པ་ཡང་ལྡན་ཡོད་པ་རེད།

2 ཇུས་འགོད་ཀྱི་གཙོ་གནད།
2_1 འགྲིམ་འགྲུལ་ཁ་འགྲེམས།

ལུས་རྩལ་ཁང་གི་རྟེན་གཞིའི་འཆར་འགོད་བཀོད་སྒྲིག་ལུགས་མཐུན་བྱེད་དགོས་པ་དང་། ལུས་རྩལ་ཁང་ཆེ་གྲས་ཀྱི་ཇུས་འགོད་ནང་མི་དང་རླངས་འཁོར། གྲོང་ཁྱེར་གྱི་འགྲིམ་འགྲུལ་དབར་གྱི་འགལ་བར་བསམ་བློ་གཏོང་དགོས་ཤིང་། དེའི་ནང་གྲོང་ཁྱེར་གྱི་འགྲིམ་འགྲུལ་མང་བའི་སྐབས་ཀྱི་འགལ་ཟླ་དང་མྱུར་སྐྱོབ་རླངས་འཁོར་དབར་གྱི་འགལ་ཟླ་ཚུད་ཡོད། ཕྱོགས་གཅིག་ནས་ལུས་རྩལ་ཁང་གི་ལྟད་མོ་བ་འབོར་ཆེན་བདེ་འཇགས་ངང་ཁ་འགྲེམས་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ལུས་རྩལ་ཁང་བེད་སྤྱོད་བྱེད་སྐབས་གྲོང་ཁྱེར་གྱི་འགྲིམ་འགྲུལ་འགོག་ཐུབ་པ་བྱེད་དགོས། ལུས་རྩལ་ཁང་ལ་རླངས་འཁོར་འཇོག་ས་དགོས་པ་མ་ཟད། འགྲིམ་འགྲུལ་མ་ལམ་དང་ཐག་ཉེ་དགོས།

2_2 སྙོམས་ངོས་སྒྲིག་བཀོད།

ལུས་རྩལ་ཁང་གི་སྙོམས་ངོས་བཀོད་སྒྲིག་བྱེད་སྐབས་རྒྱལ་སྤྱིའི་ཚད་གཞི་ཁག་སྟེ་དཔེར་ན་དྲྭ་གྲུག་དང་ཕྲེང་གྲུག་ཐང་གི་མཐོ་ཚད་སྨི12ལས་མི་དམའ་བ་བྱེད་དགོས། སྤྱིར་བཏང་དུ་རྒྱལ་སྤྱིའི་འགྲན་བསྡུར་གྱི་ལུས་རྩལ་ཁང་གི་ཁང་པའི་ནང་དུ་སྨི15ལས་མི་དམའ་བ་རེད། ལྟད་མོ་སྟེགས་བུ་ཆེས་ལེགས་པའི་མཐོང་ཚོར་ཁྱབ་ཁོངས་སུ་བཀོད་སྒྲིག་བྱེད་དགོས། འགྲན་བསྡུར་གནས་ཡུལ་དང་སྦྱོང་བརྡར་བྱེད་སའི་བར་འགྲོ་འོང་སྟབས་བདེ་ཡིན་དགོས། ཀྲུའུ་ཞི་སྟེགས་བུའི་གནས་ཡུལ་གྱིས་འགྲན་བསྡུར་གྱི་མཛད་སྒོའི་བླང་བྱ་ལྟར་གནས་བབ་འོས་འཚམ་དང་མཐོང་ལམ་ཡག་ཤོས་ཀྱི་གདམ་ག་བྱེད་དགོས། ཀྲུའུ་ཞི་སྟེགས་བུའི་མི་སྣ་དང་། ལྟད་མོ་བ། ལུས་རྩལ་པ་བཅས་ཀྱི་འགྲོ་འོང་ལམ་ཐིག་དང་ཁང་པ་ལོགས་སུ་དབྱེ་དགོས། ལུས་རྩལ་པའི་འཇུག་སྒོ་ཀྲུའུ་ཞི་སྟེགས་བུའི་ཁ་གཏད་དུ་འཛུགས་དགོས། འགྲན་བསྡུར་བདེ་བླག་ངང་སྤེལ་ཆེད། ཤན་འབྱེད་པའི་སྟེགས་བུ་དང་། སྐར་འགོད་བྱང་བུ། དུས་ཚོད་བརྩི་བའི་སྒྲིག་ཆས། རླུང་འཕྲིན། བརྙན་འཕྲིན། ཚོད་འཛིན་ཁང་བཅས་ཀྱི་གནས་ཡུལ་ཚང་མ་འོས་འཚམ་གྱིས་བཀོད་སྒྲིག་བྱེད་དགོས།  

2_3 གཤགས་ངོས་ཇུས་འགོད།

ལྟད་མོ་བའི་འདུག་སྟེགས་ཀྱི་གཤགས་ངོས་ཇུས་འགོད་ཀྱིས་ཐད་ཀར་ལྟད་མོའི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་ངེས། སྟེགས་བུ་མང་ཆེ་བ་སྐས་རིམ་དབྱིབས་ཇུས་འགོད་བྱས་ཡོད། སྟེགས་བུའི་གཟར་ཚད་ཏུའུ30ལས་མི་བརྒལ་བ། མཐོ་ཚད་ལི་སྨི45ལས་མི་ཆེ། གཤགས་ངོས་ཇུས་འགོད་ཁྲོད་གནས་ཡུལ་གྱི་མཐོ་ཚད་གཏན་འཁེལ་བྱེད་སྐབས་འགྲིམ་འགྲུལ་ཁ་འགྲེམས་དང་། འཕྲུལ་ཆས་སྐྱེལ་འདྲེན། འཛུགས་སྐྲུན་སོགས་ལ་གཞིགས་ནས་ཇུས་འགོད་བྱེད་དགོས།

2_4 ཁང་ཐོག་སྒྲིག་གཞི།

ལུས་རྩལ་ཁང་གི་བརྒལ་ཚད་ཆེ་བ་དང་ཁང་པའི་ཐོག་གི་གྲུབ་ཆ་དེས་འཛུགས་སྐྲུན་ཇུས་འགོད་ཧྲིལ་པོའི་ནང་གལ་ཆེའི་གནས་བབ་བཟུང་ཡོད་པས་བཟོ་སྐྲུན་གྱི་བཟོ་དབྱིབས་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་ཡོད། ལུས་རྩལ་ཁང་གི་གསར་སྐྲུན་གྱིས་སྒྲིག་གཞི་འཛུགས་སྐྲུན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱས། སྤྱོད་ཆོག་པའི་ཁང་ཐོག་གི་སྒྲིག་གཞི་ལ་བར་སྟོང་གི་དྲ་སྒྲོམ་སྒྲིག་གཞི་དང་དཔྱང་ཐག་སྒྲིག་གཞི། རླངས་སྣོན་སྒྲིག་གཞི་སོགས་ཡོད། པེ་ཅིང་རྒྱལ་སའི་ལུས་རྩལ་ཁང་དང་ནན་ཅིང་རི་བོ་རྩེ་ལྔའི་ལུས་རྩལ་ཁང་གི་རྒྱ་ཕིབས་ནི་བར་སྣང་གི་དྲ་སྒྲོམ་གྱི་སྒྲིག་གཞི་ཡིན་པ་དང་། པེ་ཅིན་བཟོ་བའི་ལུས་རྩལ་ཁང་གི་ཁང་ཀླད་ནི་དཔྱང་ཐག་སྒྲིག་གཞི། ཨ་རིའི་སྨི་ཤེ་ཀེན་ཀྲོའུ་ཕང་ཏི་ཡ་ཁེ་ལུས་རྩལ་ཁང་གི་ཁང་ཀླད་ནི་རླངས་སྣོན་སྒྲིག་གཞི། འཇར་མན་མུའུ་ཉི་ཧེ་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་ལྟེ་གནས་ལུས་རྩལ་ཁང་གི་རྒྱ་ཕིབས་ནི་རྐྱོང་ཤུགས་ཀྱི་སྒྲིག་གཞི་ཡིན།

2_5 སྒྲ་རིག་ཇུས་འགོད།

ལུས་རྩལ་ཁང་གི་ཤོང་ཚད་ཅུང་ཆེ་བའི་རྐྱེན་གྱིས་སྡོད་གནས་རེའི་ཤོང་ཚད་སྤྱིར་ན་སྨི་རྒྱ་དཔངས་གྲུ་བཞི16རེ་ཟིན་གྱི་ཡོད་པས་ལུས་རྩལ་ཁང་ནང་གི་སྒྲ་ཉན་པའི་ཁོར་ཡུག་ཅུང་ཞན་པ་དང་། བྲག་ཆ་ཡོད་པ། སྒྲ་གཅིག་སྡུད་བྱེད་པ་སོགས་སྒྲ་རིག་པའི་ཞན་ཆ་ཡོད་པ་རེད། རྒྱལ་ཁབ་ཀྱི་སྔོ་ལྗང་མཚོན་རྟགས་ཀྱི་བླང་བྱ་གཞིར་བཟུང་། རྒྱལ་ཁབ་ཀྱི་གསར་དུ་བསྐྲུན་པའི་ལུས་རྩལ་ཁང་གིས་རྒྱལ་ཁབ་ཀྱི་ཚད་གཞིའི་བླང་བྱ་ལྟར་ལུས་རྩལ་ཁང་ལ་འཛུགས་སྐྲུན་སྒྲ་རིག་ཇུས་འགོད་བྱེད་དགོས། འཛུགས་སྐྲུན་སྒྲ་རིག་ཐག་གཅོད་བྱས་མེད་པའི་འཛུགས་སྐྲུན་གྱིས་འཛུགས་སྐྲུན་སྒྲ་རིག་སྒྱུར་བཀོད་བྱེད་དགོས་པ་རེད།

ལུས་རྩལ་ཁང་དུ་ཤོང་ཚད་དང་ལུས་རྩལ་འགྲན་བསྡུར་གཉེར་བའི་རིམ་པ་གཞིར་བཟུང་ཀ་པ་དང་ཁ་པ་ག་པ་རིམ་པ་གསུམ་དུ་དབྱེ་བ་དང་། རིམ་པ་མི་འདྲ་བ་དང་ཤོང་ཚད་མི་འདྲ་བར་མཉམ་བསྲེས་གྲགས་ཡུན་གྱི་བླང་བྱ་མི་འདྲ་བ་ཡོད། ཞིབ་ཕྲའི་བླང་བྱ《ལུས་རྩལ་ཁང་གི་སྒྲ་རིག་ཇུས་འགོད་དང་ཚད་ལེན་སྒྲིག་སྲོལ》(JGJ/T131-2000) ལ་གཟིགས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-23

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།