ཡོངས་འཛིན་རིག་མཛོད། >མི་སྣ། >གཞན་དག

མདོ་རིན་པོ་ཆེ་ཟིལ་གནོན་དགྱེས་པ་རྡོ་རྗེ།

མདོ་རིན་པོ་ཆེ་ཟིལ་གནོན་དགྱེས་པ་རྡོ་རྗེ་ནི་སྤྱི་ལོ1890ལོར་དར་རྩེ་མདོའི་སྐྱིད་ལུང་དུ་འཁྲུངས་ཤིང་། ཁོང་ནི་རྙིང་མའི་རིག་འཛིན་རིན་པོ་ཆེ་འགྱུར་མེད་རྙིང་བའི་སྤྲུལ་སྐུ་མདོ་མཁྱེན་བརྩེའི་ཚ་བོ་ཡིན་ལ། ཡབ་ནི་དགེ་ཡོད་རང་གྲུབ་སྤྲུལ་སྐུ་ཡིན། ཁོ་ནི་ཆུང་དུས་ནས་སྤྱིར་བཏང་མ་ཡིན་པའི་སྤྱང་བོ་ཡིན་པ་དང་། རྒྱུན་དུ་ཁྱད་མཚར་གྱི་སྔ་ལྟས་མངོན། དགུང་ལོ7གྱི་སྐབས་སུ་ཡབ་ཀྱི་དངོས་སློབ་རྒྱུད་འཛིན་བྱས་པ་དང་། མུ་མཐུད་དུ་ཨ་གཙང་གྲུབ་པ་སྤྲུལ་སྐུ་སོགས་ཀྱི་དངོས་སུ་སློབ་སྦྱོང་བྱས་ཏེ།

རིགས་དབྱེ།   མི་སྣ། གཞན་དག

ཝང་ནེང་ཅི།

ཝང་ནེང་ཅི་ནི་སྤྱི་ལོ1935ལོའི་ཟླ5པའི་ཚེས20ཉིན་སི་ཁྲོན་ཞིང་ཆེན་ཏ་ཞན་ཁྲེན་ཀོན་གྲོང་རྡལ་དུ་སྐྱེས། རིག་གནས་ཆུ་ཚད་ཆེད་སྦྱོང་སློབ་ཆེན་ཡིན། འཕྲུལ་ཆས་བཟོ་སྐྲུན་བཟོ་རྩལ་ལྕགས་རིགས་གཞོག་གཏུབ་འཁོར་སྟེགས་དང་དྲི་ཆས་ཆེད་ལས་ལ་སློབ་སྦྱོང་བྱས། བོད་ཡིག་གི་མིང་། ཝང་ནེང་ཅི། རྒྱ་ཡིག་གི་མིང་། 王能济 སྐྱེས་ལོ། སྤྱི་ལོ1935 འདས་ལོ། སྤྱི་ལོ1978 མི་རིགས། རྒྱ། སྐྱེས་ཡུལ། སི་ཁྲོན་ཞིང་ཆེན་ཏ་ཞན་ཁྲེན་ཀོན་གྲོང་རྡལ། ལས་རིགས། བཟོ་ལས་ལག་རྩལ་པ། མཐར་ཕྱིན་སློབ་གྲྭ།

རིགས་དབྱེ།   མི་སྣ། གཞན་དག

ཉིའུ་ཀྲེང་ཞང་།

ཉིའུ་ཀྲེང་ཞང་ནི་སྤྱི་ལོ1751ལོར་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཝུན་ཁྲོན་རྫོང་དུ་སྐྱེས། བོད་ཡིག་གི་མིང་། ཉིའུ་ཀྲེང་ཞང་། རྒྱ་ཡིག་གི་མིང་། 刘正祥 མི་རིགས། བོད་རིགས། སྐྱེས་ལོ། སྤྱི་ལོ1751 སྐྱེས་ཡུལ། ཝུན་ཁྲོན་རྫོང་། མི་སྣ་ངོ་སྤྲོད། ཉིའུ་ཀྲེང་ཞང་ནི་ཝུན་ཁྲོན་ཧྲན་ཅང་གི་བོད་རིགས་ཡིན་ལ། རྒྱལ་པོའི་འོག་ཏུ་ཆན་ཙུང་གི་གོ་གནས་ཁུར། ཆིང་ཆན་ལུང56ལོ་སྟེ་སྤྱི་ལོ1791ལོར་ཀོ་ཨེར་གྱིས་བོད་ལྗོངས་སུ་བཙན་འཛུལ་བྱས།

རིགས་དབྱེ།   མི་སྣ། གཞན་དག

ཧ་ཁོ་ལི།

ཧ་ཁོ་ལི་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཝུན་ཁྲོན་རྫོང་གི་མི་ཡིན། བོད་ཡིག་གི་མིང་། ཧ་ཁོ་ལི། རྒྱ་ཡིག་གི་མིང་། 哈克里 མི་རིགས། བོད་རིགས། སྐྱེས་ཡུལ། ཝུན་ཁྲོན་རྫོང་། མི་སྣ་ངོ་སྤྲོད། ཧ་ཁོ་ལི་ནི་ཝུན་ཁྲོན་རྫོང་ཧྲན་ཅང་ཡུལ་ཚོའི་བོད་མི་ཡིན་ལ། མདོ་ལི་རྒྱལ་བོའི་ས་སྲུང་ཞིག་ཡིན། ཆུ་ཆེན་ཡུལ་གྱི་རྒྱུན་ལྡན་དུ་བསྐོས་ཡོད་པའི་རྒྱལ་བོ་ཨ་བཟང་དང་ལྷན་དུ་ཆིང་རྒྱལ་རབས་ཀྱི་སྐབས་ཏེ་སྤྱི་ལོ1841ལོའི་སྨད་དུ། ཆིང་རྒྱལ་རབས་ཀྱི་སྲིད་གཞུང་གིས་ཀྲེ་ཅང་དང་ཉིང་པོའི་ས་ཁུལ་དུ་དབྱིན་བཙན་རྒྱལ་རིང་ལུགས་ཀྱིས་བཙན་འཛུལ་དམག་མི་ལ་འགོག་རྡུང་མངགས་བཀོད་ལྟར། ཁོ་ཚོས་རང་རང་གི་དམག་མི་བརྒྱ་ཕྲག་འགའ་ཁྲིད་

རིགས་དབྱེ།   མི་སྣ། གཞན་དག

ཧོ་ཐོག་ཨ་ཁུ་རིག་འཛིན་འཇིགས་མེད་རང་གྲོལ།

ཧོ་ཐོག་ཨ་ཁུ་རིག་འཛིན་འཇིགས་མེད་རང་གྲོལ་ནི་བོད་རབ་བྱུང་བཅོ་ལྔ་བའི་ཤང་གླང་སྟེ་སྤྱི་ལོ1925ལོར་དཔལ་ལུང་ཁུ་སྒར་ཐང་སྟོད་སྨད་གཉིས་སུ་ཕྱེ་བའི་སྟོད་ད་ཁ་འོག་ཚང་གི་ཚོ་བར་ཡབ་སྔགས་འཆང་ལྷ་འབུམ་བཀྲ་ཤིས་དང་ཡུམ་ཚེ་མོ་སྒྲོལ་མའི་སྲས་སུ་སྐུ་འཁྲུངས། ཆུང་དུས་ནས་ཆོས་ལ་དད་ཅིང་སྙིང་རྗེ་ཅན་དུ་ལགས་པས་དགུང་ལོ་གཞོན་པའི་སྐབས་སུ་སྔགས་གྲལ་དུ་ཞུགས་ཤིང་། ཡབ་སྔགས་འཆང་ཆེན་པོའི་དྲུང་དུ་ཡི་གེ་འབྲི་ཀློག་དང་ཆོ་གའི་གཞུང་གི་འགྲོས་ལུགས་སྙན་པའི་དབྱངས་ཀྱི་འགྱུར་ཁུགས་འབུད་རྡུང་དཀྲོལ་གསུམ་ལ་སྦྱངས་བརྕོན་བླ་མེད་གནང་བ་དང་།

རིགས་དབྱེ།   མི་སྣ། གཞན་དག

ལྭིང་སི་ཁྲེང་།

ཁོང་ནི་ལིང་ཆི་ཁྲའོ་ཡི་སྐུ་སྲས་ཡིན་ལ། ཀོང་ཏུང་ཞིང་ཆེན་དུ་སྐུ་འཁྲུངས། ཀྲུང་གོའི་མིང་དུ་གྲགས་པའི་བཟོ་སྐྲུན་ལོ་རྒྱུས་སྨྲ་བ་དང་བཟོ་སྐྲུན་མཁས་ཆེན་ཡིན། གྲོང་ཁྱེར་འཆར་འགོད་པ་དང་། སློབ་གསོ་པ་བཅས་ཡིན། ཁོང་གིས་མི་ཚེ་གང་བོར་གནའ་རབས་བཟོ་བཀོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པར་དོ་སྣང་ཆེན་པོ་མཛད་ཅིང་། གནའ་རབས་རིག་ཚན་གྱི་གསར་གཏོད་པ་དང་རྨང་འདིང་མཁན་དུ་གྱུར། རྒྱ་ཡིག་གི་མིང་། 梁思成 འཁྲུངས་འདས། སྤྱི་ལོ1901-1972ལོ། ལས་རིགས། བཟོ་སྐྲུན་ལོ་རྒྱུས་སྨྲ་བ། བཟོ་སྐྲུན་མཁས་ཆེན། གྲོང་ཁྱེར་འཆར་འགོད་པ། སློབ་གསོ་པ། ངོ་སྤྲོད། ཁོང་ནི་ལིང་ཆི་ཁྲའོ་ཡི་སྐུ་སྲས་ཡིན་ལ།

རིགས་དབྱེ།   མི་སྣ། གཞན་དག

ཁུང་ཧྥན་སེན།

ཁོང་ནི་ཁུང་ཙི་ལགས་ཀྱི་བུ་རབས་ཚ་རྒྱུད་ཀྱི་གྲས་ཏེ། ཧྲན་ཏུང་ཞིང་ཆེན་དུ་སྐུ་འཁྲུངས། སྤྱི་ལོ1961ལོའི་ཟླ7པར། བོད་ལྗོངས་སུ་ཕྱིན་ཅིང་འབྲོང་པ་རྫོང་གི་ཧྲུའུ་ཅི་གཞོན་པའི་འགན་བཞེས། རྒྱ་ཡིག་གི་མིང་། 孔繁森 རྒྱལ་ཁབ། ཀྲུང་གོ། མི་རིགས། རྒྱ་རིགས། ལས་རིགས། ལས་བྱེད་འགོ་ཁྲིད། ཡབ་མེས། ཁུང་ཙི། འཁྲུངས་འདས་ལོ་ཚིགས། སྤྱི་ལོ1944-1994ལོ། ངོ་སྤྲོད།  ཁོང་ནི་ཁུང་ཙི་ལགས་ཀྱི་བུ་རབས་ཚ་རྒྱུད་ཀྱི་གྲས་ཏེ། ཧྲན་ཏུང་ཞིང་ཆེན་དུ་སྐུ་འཁྲུངས།

རིགས་དབྱེ།   མི་སྣ། གཞན་དག

ཧྥུ་ཐེ།

ཨེར་ལན་ནས་ཨ་མེ་ཁར་གནས་སྤར་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས། ཁོང་ཆུང་དུས་ནས་འཕྲུལ་ཆས་ཀྱི་རིགས་ལ་ཧ་ཅང་དགའ་སྟེ། ཧྥུ་ཐེ་ཀུང་ཟི་གསར་འབྱེད་བྱས་པ་མ་ཟད། མུ་འབྲེལ་ཐོན་སྐྱེད་གསར་གཏོད་པའང་ཡིན། རྒྱ་ཡིག་གི་མིང་། 亨利·福特 ཕྱི་ཡིག་གི་མིང་། HenryFord རྒྱལ་ཁབ། ཨ་མེ་རི་ཁ། ལས་རིགས། གསར་གཏོད་པ། འཁྲུངས་འདས་ལོ་ཚིགས། སྤྱི་ལོ(1863--1947) མཛད་རྗེས། ཧྥུ་ཐེ་ཀུང་ཟི་གསར་འཛུགས་བྱས་པ། ངོ་སྤྲོད་མདོར་བསྡུས། ཧྥུ་ཐེ་ཀུང་ཟིས་ཐོན་སྐྱེད་བྱས་པའི་ཧྥུ་ཐེ་རྟགས་ཅན་གྱི་རླངས་འཁོར་གྱིས་འཛམ་གླིང་གི་རླངས་འཁོར་ལས་རིགས་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད།

རིགས་དབྱེ།   མི་སྣ། གཞན་དག

དྲུང་སློབ་ལེགས་ལྡན་བཟང་པོ།

དྲུང་སློབ་ལེགས་ལྡན་བཟང་པོ་ནི་ཏཱ་སི་ཏུ་དགེ་ལེགས་བཟང་པོའི་སྲས་ཆུང་བར་རབ་བྱུང་དྲུག་པའི་མེ་ལུག་ལོ་སྟེ་སྤྱི་ལོ1367ལོར་སྐུ་འཁྲུངས། ཁོང་གིས་རབ་བྱུང་བདུན་པའི་ལྕགས་ལུག་ལོ་སྟེ་སྤྱི་ལོ1391ལོར་ཚལ་པའི་དཔོན་སར་ཕེབས་ཏེ་རབ་བྱུང་བདུན་པའི་མེ་གླང་ལོ་སྟེ་སྤྱི་ལོ1397ལོའི་བར་དཔོན་ས་ལོ་བདུན་མཛད་པ་ཡིན། དེ་ནས་ཁོང་གིས་དབུས་གླིང་གྲྭ་ཚང་དུ་ཕེབས་ཏེ་རྣམ་གྲོལ་སྒྲུབ་ནས་བཞུགས་པར་གྲགས། ཡབ། ཏཱ་སི་ཏུ་དགེ་ལེགས་བཟང་པོ། འཁྲུངས་ལོ། སྤྱི་ལོ1367ལོར། ངོ་སྤྲོད་མདོར་བསྡུས།  དྲུང་སློབ་ལེགས་ལྡན་བཟང་པོ་ནི་ཏཱ་སི་ཏུ་དགེ་ལེགས་བཟང་པོའི་སྲས་ཆུང་བར་རབ་བྱུང་དྲུག་པའི་མེ་ལུག་ལོ་སྟེ་སྤྱི་ལོ1367ལོར་སྐུ་འཁྲུངས།

རིགས་དབྱེ།   མི་སྣ། གཞན་དག

ཚེ་རིང་ལོ།

ཚེ་རིང་ལོ་ནི་སྤྱི་ལོ1910ལོར་སྐྱེས་ཤིང་འཛམ་ཐང་རྩང་ཁོག་གི་དཔོན་པོ་ཞིག་ཡིན། བོད་ཡིག་གི་མིང་། ཚེ་རིང་ལོ། རྒྱ་ཡིག་གི་མིང་། 苍旺洛 མིང་གཞན། ཚེ་རིང་ལོ་བརྒྱ། སྐྱེས་ལོ། སྤྱི་ལོ1910 འདས་ལོ། སྤྱི་ལོ1959 མི་རིགས། བོད། སྐྱེས་ཡུལ། རྩང་ཁོག ལས་རིགས། འཛམ་ཐང་རྩང་ཁོག་གི་དཔོན་པོ་ཞིག མི་སྣ་ངོ་སྤྲོད། ཚེ་རིང་ལོ་ནི་སྤྱི་ལོ1910ལོར་སྐྱེས་ཤིང་འཛམ་ཐང་རྩང་ཁོག་གི་དཔོན་པོ་ཞིག་ཡིན། དེའི་མངའ་ཁུལ་ནི་འཛམ་ཐང་དང་བྲག་འགོ་རྫོང་གཉིས་ཡིན།མི་སེར་ཁྱིམ་ཚང800ལྷག་ལ་བཀོད་འདོམས་བྱས་པ་རེད།

རིགས་དབྱེ།   མི་སྣ། གཞན་དག

བརྩོན་འགྲུས་དཔལ།

བརྩོན་འགྲུས་དཔལ་ནི་སྤྱི་ལོ1921ལོའི་ཟླ7པའི་ཚེས7ཉིན་འཛམ་ཐང་རྫོང་འཛམ་ཐང་ཡུལ་ཚོའི་ལྷ་བཙན་གྲོང་ཚོར་སྐྱེས། བོད་ཡིག་གི་མིང་། བརྩོན་འགྲུས་དཔལ། རྒྱ་ཡིག་གི་མིང་། 庄周本 སྐྱེས་ལོ། སྤྱི་ལོ1921 འདས་ལོ། སྤྱི་ལོ1981 མི་རིགས། བོད། སྐྱེས་ཡུལ། འཛམ་ཐང་ཡུལ་ཚོའི་ལྷ་བཙན་ཡུལ་གྲོང་ཚོ། འཐུས་ཚབ་བརྩམས་ཆོས། 《ཆོས་རྗེ་དགོན་གྱི་སྤྲུལ་སྐུའི་སྐུ་ཕྲེང་དང་པོ་ནས་སྐུ་ཕྲེང་དགུ་བའི་བར་གྱི་རྣམ་ཐར》 མི་སྣ་ངོ་སྤྲོད། བརྩོན་འགྲུས་དཔལ་ནི་སྤྱི་ལོ1921ལོའི་ཟླ7པའི་ཚེས7ཉིན་འཛམ་ཐང་རྫོང་འཛམ་ཐང་ཡུལ་ཚོའི་ལྷ་བཙན་གྲོང་ཚོར་སྐྱེས།

རིགས་དབྱེ།   མི་སྣ། གཞན་དག

སུང་ཆིང་ལིང་།

ཁོ་མོའི་ཕ་ཡུལ་ནི་ཧའེ་ནན་ཞིང་ཆེན་ཡིན། ཀུན་གྱིས་རྒྱལ་ཡུམ་དུ་བསྔགས་ཤིང་། ཀྲུང་གོའི་རླབས་ཆེ་བའི་རྒྱལ་གཅེས་རིང་ལུགས་པ་དང་དམངས་གཙོ་རིང་ལུགས་པ། རྒྱལ་སྤྱི་རིང་ལུགས་པ། གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ་བཅས་ཡིན་པར་མ་ཟད། དུས་རབས་ཉི་ཤུ་པའི་རླབས་ཆེ་བའི་མཛངས་མའི་གྲས་ཀྱང་རེད། རྒྱ་ཡིག་གི་མིང་། 宋庆龄 འཁྲུངས་འདས། སྤྱི་ལོ1893-1981ལོ། རྒྱལ་ཁབ། ཀྲུང་གོ། མི་རིགས། རྒྱ་རིགས། སྐྱེས་ཡུལ། ཧྲང་ཧེ། ལས་རིགས། ཆབ་སྲིད་པ། སྤྱི་ཚོགས་་བྱ་འགུལ་པ། ངོ་སྤྲོད། ཁོ་མོའི་ཕ་ཡུལ་ནི་ཧའེ་ནན་ཞིང་ཆེན་ཡིན། ཀུན་གྱི་རྒྱལ་ཡུམ་དུ་བསྔགས་ཤིང་།

རིགས་དབྱེ།   མི་སྣ། གཞན་དག

ཀུའོ་མོ་རའོ།

ཁོང་གི་མཚན་དངོས་ལ་ཀུའོ་ཁའེ་ཀྲིན་ཞུ་བ་དང་། སི་ཁྲོན་ཞིང་ཆེན་དུ་སྐུ་འཁྲུངས་པ་རེད། ཁོང་ནི་རླབས་ཆེ་བའི་ལོ་རྒྱུས་སྨྲ་བ་དང་གནའ་རྫས་རྟོག་དཔྱོད་པ། གནའ་ཡིག་མཁས་པ། རྩོམ་པ་པོ། ཡིག་གཟུགས་མཁན་པོ་བཅས་ཡིན་པར་མ་ཟད། རྒྱལ་ཁབ་ཀྱི་མགོ་ཁྲིད་པར་ཡང་བཞུགས་མྱོང་། རྒྱ་ཡིག་གི་མིང་། 郭沫若 འཁྲུངས་འདས། སྤྱི་ལོ1892-1978ལོ། མཚན་དངོས། ཀུའོ་ཁའེ་ཀྲིན རྒྱལ་ཁབ། རྒྱ་རིགས། མི་རིགས། རྒྱ་རིགས། ལས་རིགས། རྩོམ་པ་པོ། ལོ་རྒྱུས་སྨྲ་བ། དད་མོས། གུང་ཁྲན་རིང་ལུགས། གྲུབ་འབྲས་གཙོ་བོ། རྩོམ་རིག་གསར་བའི་རྨང་འདིང་མཁན།

རིགས་དབྱེ།   མི་སྣ། གཞན་དག

ཝུའུ་ཁྲང་ཅང་།

ཁོང་ནི་སྤྱི་ལོ1965ལོར་ཁྲུང་ཆིན་གྲོང་ཁྱེར་དུ་སྐྱེས་ཤིང་། ད་ལྟ་ལའེ་ཧྲི་གློག་སྒྲོན་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་གཉེར་བའི་འགན་བཞེས་ཡོད། རྒྱ་ཡིག་གི་མིང་། 吴长江 རྒྱལ་ཁབ། ཀྲུང་གོ། མི་རིགས། རྒྱ་རིགས། མཐར་ཕྱིན་སློབ་ཆེན། ནུབ་བྱང་བཟོ་ལས་སློབ་ཆེན། ཆེད་ལས། གནམ་གྲུ་བཟོ་སྐྲུན། སྐྱེས་ལོ། སྤྱི་ལོ1965ལོར། ལས་རིགས། ལའེ་ཧྲི་གློག་སྒྲོན་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ། ངོ་སྤྲོད།

རིགས་དབྱེ།   མི་སྣ། གཞན་དག

ཝང་ཏའོ་ཧྭ།

ཝང་ཏའོ་ཧྭ་ནི་སྤྱི་ལོ1913ལོར་ཕ་ཡུལ་འཛམ་ཐང་རྫོང་ཀ་ཐོག་ཡུལ་ཚོའི་ཤུག་ནང་གྲོང་ཚོ་རུ་སྐྱེས། བོད་ཡིག་གི་མིང་། ཝང་ཏའོ་ཧྭ། རྒྱ་ཡིག་གི་མིང་། 王道花 སྐྱེས་ལོ། སྤྱི་ལོ1913 འདས་ལོ། སྤྱི་ལོ1984 མི་རིགས། བོད་རིགས། སྐྱེས་ཡུལ། འཛམ་ཐང་རྫོང་ཀ་ཐོག་ཡུལ་ཚོའི་ཤུག་ནང་གྲོང་ཚོ། ལས་རིགས། གཉེར་བ། མི་སྣ་ངོ་སྤྲོད། ཝང་ཏའོ་ཧྭ་ནི་སྤྱི་ལོ1913ལོར་ཕ་ཡུལ་འཛམ་ཐང་རྫོང་ཀ་ཐོག་ཡུལ་ཚོའི་ཤུག་ནང་གྲོང་ཚོ་རུ་སྐྱེས། ཆོས་རྗེ་དགོན་པའི་སྤྲུལ་སྐུ་བརྟན་པ་དར་རྒྱས་དང་འབྲེལ་བ་ཧ་ཅང་བཟང་བས།

རིགས་དབྱེ།   མི་སྣ། གཞན་དག

ཀྲང་ཀོང་ཏིག

ཁོང་ནི་སྤྱི་ལོ1912ལོར་ཅང་སུའུ་ཞིང་ཆེན་དུ་སྐྱེས་ཤིང་། སྤྱི་ལོ1934ལོར་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་ནས་མཐར་ཕྱིན། སྤྱི་ལོ1935ལོར་ཨ་རི་རྒྱལ་ཁབ་ཏུ་སློབ་གཉེར་བྱེད་པར་བསྐྱོད་དེ། ཧྭ་ཧྥོ་སློབ་ཆེན་གྱི་བཟོ་སྐྲུན་ཆེད་ལས་རབ་འབྱམས་པའི་བསླབ་གནས་བླངས། འཇར་འགོག་དམག་འཁྲུག་ལངས་པ་ན། སློབ་མཚམས་བཞག་སྟེ་ཕྱིར་མེས་རྒྱལ་དུ་ལོག་ཅིང་། གོ་མིན་སྲིད་གཞུང་ཐོན་ཁུངས་ཨུ་ལྷན་དུ་ཕྱག་ལས་གནང་། རྒྱ་ཡིག་གི་མིང་། 张光斗 འཁྲུངས་འདས། སྤྱི་ལོ1912-2013ལོ། རྒྱལ་ཁབ། ཀྲུང་གོ།

རིགས་དབྱེ།   མི་སྣ། གཞན་དག

ཅ་ཅ་ལིན།

ཅ་ལིན་སུའུ་ལེན་ནས་སྐྱེས་པའི་འཇིག་རྟེན་འཕུར་སྐྱོད་པ་ཐོག་མ་ཡིན། རྒྱ་ཡིག་གི་མིང་། 尤里·阿列克谢耶维奇·加加林 ཕྱི་ཡིག་གི་མིང་། Yuri Alekseyevich Gagarin འཁྲུངས་འདས་ལོ་ཚིགས། སྤྱི་ལོ(1934--1968) རྒྱལ་ཁབ། སུའུ་ལེན། དད་མོས། གུང་ཁྲན་རིང་ལུགས། མི་རིགས། ཨུ་རུ་སུའི་མི་དཀར། བྱས་རྗེས། འཇིག་རྟེན་འཕུར་སྐྱོད་པ་ཐོག་མ། ངོ་སྤྲོད་མདོར་བསྡུས། སྤྱི་ལོ1971ལོའི་ཟླ4པའི་ཚེས12ཉིན་གྱི་མའོ་སི་ཁོའི་དུས་ཚོད་དགུ་དང་སྐར་མ་བདུན་གྱི་སྟེང་འཛམ་གླིང་མི་བསྡད་ཡོད་པའི་འཇིག་རྟེན་འཕུར་གྲུ་ཨང་དང་པོ་སྟེ། ཤར་ཕྱོགས་དང་པོ་དེ་པའེ་ཁོ་ནུའུ་ཨེར་འཕུར་སྐྱོད་ལྟེ་གནས་ནས་མཁའ་དབྱིངས་སུ་འཕུར།

རིགས་དབྱེ།   མི་སྣ། གཞན་དག

ཏྲེ་ཧོས་དགའ་བདེ་བཟང་པོ།

ཏྲེ་ཧོས་དགའ་བདེ་བཟང་པོ་ནི་ཏྲེ་ཧོས་དཔལ་འབྱོར་བཟང་པོའི་སྲས་སུ་རབ་བྱུང་བདུན་པའི་མེ་ཡོས་ལོ་སྟེ་སྤྱི་ལོ1387ལོར་སྐུ་འཁྲུངས། དགུང་ལོ་བཅུ་གཅིག་པ་རབ་བྱུང་བདུན་པའི་མེ་གླང་ལོ་སྟེ་སྤྱི་ལོ1397ལོར་ཚལ་པའི་དཔོན་སར་བསྐོས། ཡབ་ཀྱི་ནང་རྟེན་གསེར་སྐུ་ཆེན་མོ་དང་། ཕྱི་རྟེན་དངུལ་གདུང་ཆེན་མོ་སོགས་གསར་བཞེངས་མཛད། ཡབ། ཏྲེ་ཧོས་དཔལ་འབྱོར་བཟང་པོ། འཁྲུངས་འདས་ལོ་ཚིགས། སྤྱི་ལོ1387-1410ལོ། ངོ་སྤྲོད་མདོར་བསྡུས།

རིགས་དབྱེ།   མི་སྣ། གཞན་དག

ཁཱ་ཧྥུའུ་ཁཱ།

ཧྥུ་རན་ཟི.ཁཱ་ཧྥུའུ་ཁཱ་ནི་ཨོ་ཤོང་བཙན་རྒྱལ(ཨོ་ཏིས་ལིས་བཙན་རྒྱལ་དང་ཤོང་ཡཱ་ལིས་གཉིས་ཀྱི་ཞི་མཐུན་རྒྱལ་ཁབ) གྱི་དབང་བསྒྱུར་འོག་ཏུ་འཚོ་བཞེས་གནང་བའི་འཇར་མན་སྐད་ཡིག་སྒང་གི་བརྩམས་སྒྲུང་རྩོམ་པ་པོ་ཞིག་དང་། ཉེན་སྲུང་ལས་རིགས་ཀྱི་ལས་སྣ་བ་ཞིག་ཡིན། བརྩམས་ཆོས་གཙོ་བོ་ལ་བརྩམས་སྒྲུང《འདྲི་གཅོད》དང《མཁར་རྫོང》《མདོག་འགྱུར་རེག་ཟིག》སོགས་ཡོད། རྒྱ་ཡིག་གི་མིང་། 弗兰兹·卡夫卡 ཕྱི་ཡིག་གི་མིང་། Franz Kafka འཁྲུངས་འདས། སྤྱི་ལོ1883-1924ལོ། རྒྱལ་ཁབ། ཨོ་ཤོང་བཙན་རྒྱལ།

རིགས་དབྱེ།   མི་སྣ། གཞན་དག

ལི་ཀུའོ་ཆིང་།

ལི་ཀུའོ་ཆིང་ནི་སྤྱི་ལོ1941ལོར་སྐྱེས་ཤིང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་གཞོན་པའི་འགན་འཁུར་ཡོད་ལ། 《བོད་ལྗོངས་དོན་ཆེན་ཟིན་ཐོ》སོགས་བརྩམས་ཆོས་གྲགས་ཅན་སྐོར་ཞིག་རྩོམ་སྒྲིག་གནང་ཡོད་ཅིང་། ད་ལྟ་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་གཞོན་པ་ཡིན། རྒྱ་ཡིག་གི་མིང་། 李国清 རྒྱལ་ཁོངས། ཀྲུང་གོ སྐྱེས་ལོ། སྤྱི་ལོ1941ལོ། མི་རིགས། རྒྱ། ལས་རིགས། བོད་རིག་པ་ཞིབ་འཇུག་མཁན། ངོ་སྤྲོད། ལི་ཀུའོ་ཆིང་ནི་སྤྱི་ལོ1941ལོར་སྐྱེས་ཤིང་།  ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་གཞོན་པའི་འགན་འཁུར་ཡོད་ལ།

རིགས་དབྱེ།   མི་སྣ། གཞན་དག

གཟིམ་ཁང་།

ཁོང་ནི་མཚོ་སྔོན་ཞིང་ཆེན་དགོན་ལུང་ས་ཆར་སྐུ་འཁྲུངས། ད་ལྟ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་སྐུ་འབུམ་དགོན་པའི་དགོན་བདག དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས་ཀྱིན་ཡོད། རྒྱ་ཡིག་གི་མིང་། 宗康 སྐྱེས་ལོ། སྤྱི་ལོ1942ལོའི་ཟླ10པ། རྒྱལ་ཁབ། ཀྲུང་གོ མི་རིགས། བོད་རིགས། སྐྱེས་ཡུལ། མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་དགོན་ལུང་རྫོང་། ངོ་སྤྲོད། ཁོང་ནི་སྤྱི་ལོ1942ལོའི་ཟླ10བར་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་དགོན་ལུང་ས་ཆར་སྐུ་འཁྲུངས།

རིགས་དབྱེ།   མི་སྣ། གཞན་དག

སྤེན་ལེ་ཚང་།

ཁོང་ནི་སྤྱི་ལོའི་དུས་རབས་ཉི་ཤུ་བའི་དུས་མགོར་ཁཱང་སན་ཀུ་རུ་སྐྱེས་ཤིང་། ལོག་སྤྱོད་ཕྱོགས་ཁག་ལ་ངོ་རྒོལ་དང་འབངས་མི་སེར་གྱི་བདེ་སྡུག་དོན་དུ་གཉེར་བའི་དཔའ་བོ་ཞིག་ཡིན། ཁོངས་གཏོགས། མི་སྣ། འཁྲུངས་ཡུལ། ཁཱང་སན་ཀུ འཁྲུངས་འདས་ལོ། སྤྱི་ལོ(1916-1947) མིང་གཞན། ཁཱང་སན་ཀུ ཆོས་མིང་། སྦྱིན་པ་རྒྱ་མཚོ། སྤྲུལ་མིང་། སྤེན་ལེ་ཚང་། ངོ་སྤྲོད། སྤྱི་ལོ1916ལོར་ཁཱང་སན་ཀུ་རུ་སྐྱེས། བོད་རིགས་ཡིན་ཞིང་ཆུང་དུས་ཀྱི་མིང་ལ་ཁཱང་སན་ཀུའམ་ཡང་ན་ཀཱ་སན་ཟེར།

རིགས་དབྱེ།   མི་སྣ། གཞན་དག

ཆོས་ཉིད་རྡོ་རྗེ།

ཆོས་ཉིད་རྡོ་རྗེ་རིན་པོ་ཆེ་ནི་སྤྱི་ལོ1940ལོར་སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་དུ་འཁྲུངས་ཤིང་། ཡབ་མིང་ལ་འུད་རྡོ་དང་ཡུམ་མིང་ལ་ཚེ་དབང་སྒྲོལ་མ་ཟེར། ཁྱད་མཚར་གྱི་སྔ་ལྟས་དང་བསྟུན་ནས་འཁྲུངས། རྒྱ་ཡིག་གི་མིང་། 秋涅多吉 འཁྲུངས་ཡུལ། སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་། འཁྲུངས་ལོ། སྤྱི་ལོ1940ལོ། ངོ་སྤྲོད། ཆོས་ཉིད་རྡོ་རྗེ་རིན་པོ་ཆེ་ནི་སྤྱི་ལོ1940ལོར་སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་དུ་འཁྲུངས་ཤིང་།

རིགས་དབྱེ།   མི་སྣ། གཞན་དག

མྱུར་བཟང་།

གྲུབ་ཐོབ་མྱུར་བཟང་ངམ་ཚེ་ཁོ་ནི་མདོ་ཁམས་འཛམ་ཐང་གི་ཆོས་རྗེ་སྡེ་བར་ཡབ་གཏུགས་རྒྱའམ་དུག་རྒྱས་ཀྱི་རིགས་སུ་གྱུར་པ་རྩིས་པ་རྡོར་ཐར་དང་ཡུམ་ཧོར་བཟའ་ལྷ་ལུ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅོ་ལྔ་བའི་མཇུག་ཏུ་སྐུ་འཁྲུངས། བོད་ཡིག་གི་མིང་། མྱུར་བཟང་། མིང་གཞན། ཚེ་ཁོ། རྒྱ་ཡིག་གི་མིང་། 泽科 འདས་ལོ། སྤྱི་ལོ1985 འཁྲུངས་ཡུལ། འཛམ་ཐང་། རུས། རྩིས་པ། ཡབ། རྡོར་ཐར། ཡུམ། ཧོར་བཟའ་ལྷ་ལུ། གྲུབ་མཐའ། ཇོ་ནང་བ། མི་སྣ་ངོ་སྤྲོད། གྲུབ་ཐོབ་མྱུར་བཟང་ངམ་ཚེ་ཁོ་ནི་མདོ་ཁམས་འཛམ་ཐང་གི་ཆོས་རྗེ་སྡེ་བར་ཡབ་གཏུགས་རྒྱའམ་དུག་རྒྱས་ཀྱི་རིགས་སུ་གྱུར་པ་རྩིས་པ་རྡོར་ཐར་དང་ཡུམ་ཧོར་བཟའ་ལྷ་ལུ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅོ་ལྔ་བའི་མཇུག་ཙམ་སྐུ་འཁྲུངས།

རིགས་དབྱེ།   མི་སྣ། གཞན་དག

སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེ་མཆོག

ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན34པ་མཆོག་ནི། གཤེན་གྱི་འབྱུང་ལྡན་སུམ་བརྒྱ་དང་གཅིག་གི་བོད་ཆུ་ཕོ་བྱི་བའི་ལོ་སྟེ། སྤྱི་ལོ1972ལོའི་ཟླ་བ11ཚེས19ཉིན་བོད་མདོ་སྨད་བསང་ཆུ་རྫོང་དགའ་མལ་གཡུང་དྲུང་དར་རྒྱས་གླིང་གི་ལྷ་སྡེ་མ་ཡོན་སྡེ་བའི་ཕྱུག་ཕྲུག་ཚང་ཞེས་པ་རུ་ཡབ་དཔལ་ཡོན་འབུམ་གསལ་དང་ཡུམ་ཀླུ་གཡང་ཕྱུག་མོ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་སྐུ་ན་གཞོན་དུས་ཀྱི་མཚན་ལ་ནོར་བུ་བསམ་འཕེལ་ཞེས་ཞུ། འཁྲུངས་ལོ། སྤྱི་ལོ1972ལོའི་ཟླ11པའི་ཚེས19ཉིན། འཁྲུངས་ཡུལ། བསང་ཆུ་རྫོང་། ཡབ། དཔལ་ཡོན་འབུམ། ཡུམ། ཀླུ་གཡང་ཕྱུག་མོ། སྐུ་ན་གཞོན་དུས་ཀྱི་མཚན། ནོར་བུ་བསམ་འཕེལ། རབ་ཏུ་བྱུང་བའི་མཚན། བཟོད་པ་བརྩོན་འགྲུས།

རིགས་དབྱེ།   མི་སྣ། གཞན་དག

བདུད་བློན་སྤུན་བདུན།

མངའ་རིས་གསེར་གླིང་གི་བདུད་བློན་སྤུན་བདུན་ནི། སྟོབས་ལྡན་ཟངས་རལ། སྟོབས་ལྡན་རྡོ་རྗེ། མི་ནག་མདུང་ཐུང་། བཙན་སྐྱ་ཁ་ཤོར། སྟག་མགོ་ཟངས་ཆུ། མིག་དམར་ཁྲག་རལ། ཁ་ལ་མེ་འབར་རྣམས་སོ། ། རྒྱ་ཡིག་གི་མིང་། 阿里七魔 ཁོངས་གཏོགས། གླིང་སྒྲུང་གི་མི་སྣ། ངོ་སྤྲོད། མངའ་རིས་གསེར་གླིང་གི་བདུད་བློན་སྤུན་བདུན་ནི། སྟོབས་ལྡན་ཟངས་རལ། སྟོབས་ལྡན་རྡོ་རྗེ། མི་ནག་མདུང་ཐུང་། བཙན་སྐྱ་ཁ་ཤོར། སྟག་མགོ་ཟངས་ཆུ། མིག་དམར་ཁྲག་རལ། ཁ་ལ་མེ་འབར་རྣམས་སོ། ། བདུད་བློན་སྤུན་བདུན་པོ་འདི་སྐྱེ་བ་སྔོན་མར་བདུད་མོ་སྤུན་བདུན་ཡིན་ཞིང་།

རིགས་དབྱེ།   མི་སྣ། གཞན་དག

ལེ་ཧྥོའུ་ཐོ་འར་སི་ཐེ།

ལེ་ཧྥོའུ་ཐོ་འར་སི་ཐེ་ནི་དུས་རབས་བཅུ་དགུའི་དུས་དཀྱིལ་གྱི་ཨུ་རུ་སུའི་དངོས་ཡོད་དགག་སྒྲུབ་རིང་ལུགས་ཀྱི་རྩོམ་པ་པོ་དང་བསམ་བློ་བ། མཚན་ཉིད་རིག་པ་བ་བཅས་ཡིན་ཞིང་ཚབ་མཚོན་བརྩམས་ཆོས་ལ《འཐབ་འཁྲུག་དང་ཞི་བདེ》དང《ཨན་ནཱ་ཁ་ལིས་ཉི་ནཱ》སོགས་ཡོད། རྒྱ་ཡིག་གི་མིང་། 列夫托尔斯泰 ཕྱི་ཡིག་གི་མིང་། Лев Николаевич Толстой འཁྲུངས་འདས། སྤྱི་ལོ1828-1910ལོ། རྒྱལ་ཁབ། ཨུ་རུ་སུ། འཁྲུངས་ཡུལ། ཡཱ་སི་ནཱ་ཡཱ-པོལ་ལི་འར་ནཱ། མཐར་ཕྱིན་སློབ་གྲྭ། ཁཱ་ཧྲན་སློབ་ཆེན།

རིགས་དབྱེ།   མི་སྣ། གཞན་དག

སུང་ཞཱ་ཞིང་ཀྲི་ཀྲུའུ།

སུང་ཞཱ་ཞིང་ཀྲི་ཀྲུའུ་ནི་འཇར་པན་གྱི་ཕུལ་དུ་བྱུང་བའི་ཁེ་ལས་པ་ཞིག་སྟེ། རང་ཉིད་ཀྱི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་མིང་དུ་གྲགས་པའི་སུང་ཞཱ་གློག་ཆས་ཀུང་སི་བཙུགས། རྒྱ་ཡིག་གི་མིང་། 松下幸之助 ཕྱི་ཡིག་གི་མིང་། まつした こうのすけ འཁྲུངས་འདས་ལོ་ཚིགས། སྤྱི་ལོ(1894.11.27-1989.4.27) རྒྱལ་ཁབ། འཇར་པན། ལས་རིགས། ཁེ་ལས་པ། བྱས་རྗེས་གཙོ་བོ། སུང་ཞཱ་གློག་ཆས་ཀུང་སི་བཙུགས། མི་སྣ་ངོ་སྤྲོད། སུང་ཞཱ་ཞིང་ཀྲི་ཀྲུའུ(1894-1989)ནི་འཇར་པན་གྱི་ཕུལ་དུ་བྱུང་བའི་ཁེ་ལས་པ་ཞིག་སྟེ། རང་ཉིད་ཀྱི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་མིང་དུ་གྲགས་པའི་སུང་ཞཱ་གློག་ཆས་ཀུང་སི་བཙུགས།

རིགས་དབྱེ།   མི་སྣ། གཞན་དག

དམག་སྤྱི་ཟུར་པ་སྐལ་བཟང་།

སྐལ་བཟང་ནི་སྤྱི་ལོ1932ལོའི་ཟླ8པར་མཚོ་སྔོན་གྲོ་ཚང་དུ་སྐྱེས་ཤིང་། སྤྱི་ལོ1949ལོར་ཏང་ཀྲུང་དབྱང་དང་མའོ་ཀྲུའུ་ཞིའི་རྒྱལ་ཡོངས་བཅིངས་འགྲོལ་བྱ་རྒྱའི་བཀས་བསྐུལ་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་ཚོགས་དང་པོའི་དམག་སྤྱི་ཝང་ཀྲེན་གྱི་སྣེ་ཁྲིད་འོག་ཀན་ལྷོའི་བསང་ཆུ་རྫོང་ཁུལ་བཅིངས་འགྲོལ་བྱས། ས་དེ་གའི་མི་དམངས་མང་ཚོགས་ལ་རེ་བ་གསར་པ་ཞིག་རྒྱས་སུ་བཅུག འཁྲུངས་ལོ། 1932ལོ། འཁྲུངས་ཡུལ། མཚོ་སྔོན་གྲོ་ཚང་། རྒྱལ་ཁབ། ཀྲུང་གོ། མི་རིགས། བོད་རིགས། ལས་རིགས། དམག་སྤྱི་གཞོན་པ། མཐར་ཕྱིན་སློབ་གྲྭ།

རིགས་དབྱེ།   མི་སྣ། གཞན་དག

ཧྥུའུ་ཐུ།

ཧྥུའུ་ཐུ་ཀུང་སིས་ཐོན་སྐྱེད་བྱས་པའི་ཧྥུའུ་ཐུ་རྟགས་ཅན་གྱི་རླངས་འཁོར་གྱིས་འཛམ་གླིང་གི་རླངས་འཁོར་ལས་རིགས་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད། ཧྥུའུ་ཐུ་ནི་ཧྥུའུ་ཐུ་ཀུང་སི་གསར་འཛུགས་མཁན་ཡིན། རྒྱ་ཡིག་གི་མིང་། 亨利•福特 ཕྱི་ཡིག་གི་མིང་། HenryFord མཚན་ཧྲིལ་བོ། ཧེང་ལི•ཧྥུའུ་ཐུ། འཁྲུངས་འདས་ལོ་ཚིགས། སྤྱི་ལོ(1863.7.30-1947.4.8) རྒྱལ་ཁབ། ཨ་མེ་རི་ཁ། ལས་རིགས། ཁེ་ལས་པ། བཟོ་ལས་པ། བྱས་རྗེས་གཙོ་བོ། ཧྥུའུ་ཐུ་རླངས་འཁོར་ཀུང་སི་གསར་འཛུགས་གནང་མཁན།

རིགས་དབྱེ།   མི་སྣ། གཞན་དག

གཞན་དག  བརྡ་འགྲེལ 70 ཡོད།