སུང་ཆིང་ལིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སུང་ཆིང་ལིང་།
ཁོ་མོའི་ཕ་ཡུལ་ནི་ཧའེ་ནན་ཞིང་ཆེན་ཡིན། ཀུན་གྱིས་རྒྱལ་ཡུམ་དུ་བསྔགས་ཤིང་། ཀྲུང་གོའི་རླབས་ཆེ་བའི་རྒྱལ་གཅེས་རིང་ལུགས་པ་དང་དམངས་གཙོ་རིང་ལུགས་པ། རྒྱལ་སྤྱི་རིང་ལུགས་པ། གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ་བཅས་ཡིན་པར་མ་ཟད། དུས་རབས་ཉི་ཤུ་པའི་རླབས་ཆེ་བའི་མཛངས་མའི་གྲས་ཀྱང་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
宋庆龄
འཁྲུངས་འདས།
སྤྱི་ལོ1893-1981ལོ།
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཧྲང་ཧེ།
ལས་རིགས།
ཆབ་སྲིད་པ། སྤྱི་ཚོགས་་བྱ་འགུལ་པ།
1 ​ངོ་སྤྲོད།

ཁོ་མོའི་ཕ་ཡུལ་ནི་ཧའེ་ནན་ཞིང་ཆེན་ཡིན། ཀུན་གྱི་རྒྱལ་ཡུམ་དུ་བསྔགས་ཤིང་། ཀྲུང་གོའི་རླབས་ཆེ་བའི་རྒྱལ་གཅེས་རིང་ལུགས་པ་དང་དམངས་གཙོ་རིང་ལུགས་པ། རྒྱལ་སྤྱི་རིང་ལུགས་པ། གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ་བཅས་ཡིན་པར་མ་ཟད། དུས་རབས་ཉི་ཤུ་པའི་རླབས་ཆེ་བའི་མཛངས་མའི་གྲས་ཀྱང་རེད། ན་གཞོན་པའི་དུས་ནས་བཟུང་སུང་ཀྲུང་ཧྲན་གྱི་རྗེས་སུ་འབྲངས་ཏེ་གསར་བརྗེའི་ལས་དོན་དུ་བསྙེགས་ཤིང་། མི་ལོ་བདུན་ཅུ་ལྷག་རིང་གི་གསར་བརྗེའི་འཚོ་བའི་ཁྲོད་དུ། ཁོ་མོའི་གཡེལ་བ་མེད་པའི་བརྩོན་སེམས་དང་འགྱུར་བ་མེད་པའི་སྙིང་སྟོབས་ལ་བརྟེན་ནས་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་དུས་ནམ་ཡང་ཀྲུང་གོ་མི་དམངས་དང་ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་བྱ་གཞག་ལ་ཕུལ་པ་རེད། གཞན་ཡང་། ཀྲུང་གོ་མི་དམངས་ཀྱི་བཅིངས་འགྲོལ་དང་། བུད་མེད་དང་བྱིས་པ་དག་གི་བདེ་ཐང་འཕྲོད་བསྟེན། རིག་གནས་སློབ་གསོ། མེས་རྒྱལ་གཅིག་གྱུར། འཛམ་གླིང་ཞི་བདེ་བཅས་ཀྱི་དོན་དུའང་བྱས་རྗེས་བླ་མེད་མཆིས་པས། རྒྱལ་ཁབ་ཕྱི་ནང་ཀུན་གྱི་བསྟོད་བསྔགས་ཐོབ། སུང་ཆིང་ལིང་ནི་སྤྱི་ལོ1893ལོའི་ཟླ1པའི་ཚེས27ཉིན་ཧྲང་ཧའེ་གྲོང་ཁྱེར་དུ་སྐུ་འཁྲུངས། དགུང་གྲངས་བདུན་པའི་སྟེང་ཧྲང་ཧའེ་གྲོང་ཁྱེར་གྱི་ཀྲུང་ནུབ་སྒེར་གཉེར་སློབ་གྲྭར་ཞུགས། སྤྱི་ལོ1907སྟེ། དགུང་གྲངས་བཅོ་ལྔ་པར། སྲིང་མོ་དང་ལྷན་དུ་ཨ་རིར་སློབ་གཉེར་བྱེད་པར་བསྐྱོད། སྤྱི་ལོ1924ལོའི་ལོ་མཇུག་ཏུ། མེས་རྒྱལ་གཅིག་གྱུར་གྱི་དོན་དུ། སུང་ཀྲུང་ཧྲན་དང་ལྷན་དུ་ཀྲུང་གོའི་བྱང་ཕྱོགས་སུ་ཆས། སྤྱི་ལོ1924ལོའི་ཟླ3པའི་ཚེས12ཉིན། སུང་ཀྲུང་ཧྲན་པེ་ཅིང་དུ་སྐུ་གཤེགས། སུང་ཀྲུང་ཧྲན་གྱིས་སྙུན་གཞི་བཞེས་དུས་སུ། ཁོ་མོས་ཉིན་མཚན་ཀུན་ཏུ་བདག་སྐྱོང་གནང་ཞིང་། སྐུ་གཤེགས་རྗེས་ཀྱང་། སུང་ཀྲུང་ཧྲན་སྐུ་དངོས་ནས་གཏན་འབེབས་མཛད་པའི་རང་ཕྱོགས་དང་མཉམ་འབྲེལ་བྱེད་པ། གུང་ཁྲན་ཏང་དང་མཉམ་འབྲེལ་བྱེད་པ། བཟོ་ཞིང་ཕྱོགས་ཁག་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དེར་རྒྱལ་སྐྱོར་དང་ལག་ལེན་མཐའ་འཁྱོལ་གནང་བར་མ་ཟད། སྲིད་ཇུས་དེ་དང་ལྡོག་ཕྱོགས་སུ་ལངས་པའི་དཔུང་ཁག་དང་མཐའ་གཅིག་ཏུ་ཞུམ་མེད་ཀྱི་འཐབ་རྩོད་མཛད། ཁོ་མོ་ནི་ཀྲུང་གོ་མི་དམངས་ཀྱི་མཛའ་འབྲེལ་ཕོ་ཉ་ཡིན་པའི་ཆ་ནས། སྔ་ཕྱིར་དུ་རྒྱལ་ཁབ་དང་ས་གནས་མང་བོར་འཚམས་འདྲིར་བསྐྱོད་ཅིང་། འཛམ་གླིང་མི་དམངས་ཀྱི་བརྩེ་སེམས་དམ་དུ་སྦྲེལ་བའི་ཐད་ནུས་ཤུགས་གང་མང་བཏོན། ཁོ་མོའི་མི་ཚེ་གང་བོའི་ལས་དོན་དེ་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཕུལ་བའི་བྱས་རྗེས་རླབས་པོ་ཆེ་དེ་ནི་ཕྱི་རབས་པ་རྣམས་ཀྱི་མིག་དཔེར་འོས་པ་དང་། ཁོ་མོ་ལྟ་བུའི་གསར་བརྗེའི་སྙིང་སྟོབས་ཡིད་ལ་བཅངས་པའི་མི་བུ་སྐོར་ཞིག་གི་ཧུར་བརྩོན་ལས་ད་གཟོད་རྒྱལ་ཁབ་དང་མི་རིགས་ལ་བདེ་སྐྱིད་ཀྱི་འཚོ་བ་དང་ལོངས་སྤྱོད་སྦྱིན་པ་རེད། 


བརྡ་འགྲེལ་གདོང་འཛར།

ཀྲུང་གོ། གསར་བརྗེ། བསམ་བློ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-26

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།