བསང་ཆུའི་རྫོང་དཔོན་དང་པོ་འཇམ་དབྱངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འཇམ་དབྱངས་སམ་ཧོང་ཞང་ནི1898ལོར་བསང་ཆུ་རྫོང་ཙ་ཡུས་ཞང་དུ་སྐྱེས། དགུང་ལོ་བདུན་གྱི་ཐོག་བླ་བྲང་དགོན་པའི་རྒྱུད་སྨད་གྲྭ་ཚང་དུ་རབ་ཏུ་བྱུང་། ཁོང་ཉིད་ལུས་སྟོབས་རྒྱས་ཤིང་སྤྱང་གྲུང་འཛོམས་པས་དགུང་ལོ་བཅུ་བདུན་ཐོག་བླ་བྲང་སྐུ་སྲུང་དུ་བསྐོས།
གཞི་རྩའི་གནས་ཚུལ།

འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1898-1947.2.14)
འཁྲུངས་ཡུལ།
བསང་ཆུ་རྫོང་ཙ་ཡུས་ཡུལ་ཚོ།
རྒྱལ་ཁབ།
ཀྲུང་གོ
མི་རིགས།
བོད་རིགས།
1 ངོ་སྤྲོད།

འཇམ་དབྱངས་སམ་ཧོང་ཞང་ནི1898ལོར་བསང་ཆུ་རྫོང་ཙ་ཡུས་ཞང་དུ་སྐྱེས། དགུང་ལོ་བདུན་གྱི་ཐོག་བླ་བྲང་དགོན་པའི་རྒྱུད་སྨད་གྲྭ་ཚང་དུ་རབ་ཏུ་བྱུང་། ཁོང་ཉིད་ལུས་སྟོབས་རྒྱས་ཤིང་སྤྱང་གྲུང་འཛོམས་པས་དགུང་ལོ་བཅུ་བདུན་ཐོག་བླ་བྲང་སྐུ་སྲུང་དུ་བསྐོས། ཕྱིས་སུ་བླ་བྲང་དགོན་པའི་མཐའ་བའི་མྱི་ཚང་སྤྱི་གཉེར(ས་གནས་ཀྱི་སྲིད་འཛིན་དཔོན་པོ)དུ་མངགས།

2 མི་ཚེའི་བརྒྱུད་རིམ།

1918ལོར་ཉིན་ཧའེ་དམག་དཔུང་གི་མཱ་ཆི་ཚང་གིས་བླ་བྲང་དུ་དམག་དྲངས་ཏེ་སྡེ་གྲོང་དུ་སྤྱོད་ཡན་འདྲ་མིན་བྱས་པར་སེར་སྐྱ་མང་ཚོགས་ཀྱིས་ངོ་རྒོལ་ཆེན་པོ་བྱས། འཐབ་རྩོད་དེའི་ཁྲོད་དུ་འཇམ་དབྱངས་ཉིད་སེར་སྐྱ་མང་ཚོགས་ཀྱི་འཐུབ་ཚབ་དང་འགྲོགས་ཏེ་ཐེངས་མང་པོར་ལན་གྲུར་ཆས་ནས་མཱ་ཆི་ཚང་གི་བྱས་ཉེས་ཐེར་འདོན་བྱས་ཤིང་། ཀྲུང་གུང་གསང་བའི་ཏང་ཡོན་ཞོན་ཞ་ཧྥུ་ཡིས་རོགས་སྒྲུབ་བྱས་པའི་བླ་བྲང་བོད་མིའི་རིག་གནས་ཡར་སྐུལ་ཚོགས་པ་རུ་ཞུགས་ཏེ། མི་རིགས་རང་སྐྱོབ་དང་མཐུན་སྒྲིལ་བདེ་གནས་ཀྱི་བྱ་འགུལ་སྤེལ། དུས་མཉམ་དུ་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་བའི་ཡབ་ཀྱི་རྗེས་སུ་འབྲངས་ནས་མཱ་རྒོལ་དམག་སྤྱི་བཙུགས་ཤིང་། ཕྱོགས་བཞིའི་ཚོ་ཤོག་གི་བོད་དམག་བསྡུས་ནས་དམག་དོན་གྱི་འཐབ་འཁྲུག་སྤེལ། འཐབ་འཁྲུག་ཁྲོད་འཇམ་དབྱངས་ཀྱིས་དམག་མི་ལེགས་པར་བཀོལ་ཅིང་རང་ཉིད་ཀྱིས་དམག་མིའི་བདུན་བདར། བླ་བྲང་གི་སེར་སྐྱ་མང་ཚོགས་ཀྱིས་ལོ་ངོ་བཅུ་ལྷག་ལ་དཀའ་སྤྱད་འཐབ་རྩོད་བྱས་པར་བརྟེན། ཉིན་ཧའེ་དམག་དཔུང་དེ1927ལོར་བླ་བྲང་ས་ཆ་ནས་ཕྱིར་འཐེན་མི་བྱེད་ཀ་མེད་བྱུང་།

1928ལོར་བླ་བྲང་བོད་དམག་དམག་སྤྱི་ཁང་བཙུགས། འཇམ་དབྱངས་ཐོན་དང་པོའི་ཐོན་ཀྲང་དུ་བསྐོས་ཏེ་བླ་བྲང་ས་ཆའི་བདེ་སྲུང་དང་དགོན་པའི་ཉེན་སྲུང་བྱ་བའི་གཙོ་འགན་ཁུར་ཅིང་། དམངས་དོན་གྱོད་གཞི་གང་ཡོད་དྲང་བདེན་གྱིས་བསྒྲུབས། 1930ལོར་འཇམ་དབྱངས་གྲྭ་ས་ནས་བུད། 1940ལོར་བསང་ཆུ་རྫོང་གི་སྐབས་དང་པོའི་གྲོས་ཚོགས་ཁང་གི་གྲོས་དཔོན་དུ་བསྐོས། 1949ལོའི་ཟླ་བརྒྱད་པའི་ཚེས་ཉེར་དྲུག་ཉིན་ལན་གྲུ་བཅིངས་འགྲོལ་བྱས་པས་ཀན་ལྷོའི་བོད་ཁུལ་གྱི་གནས་བབ་ལ་གཡོ་འགུལ་བྱུང་། ཚེས་ཉེར་བདུན་ཉིན་གོ་མིན་ཏང་བསང་ཆུ་རྫོང་གི་རྫོང་དཔོན་དབྱིན་དབྱི་གོ་དང་བདེ་སྲུང་དམག་སྤྱི་ཁང་གི་དཔོན་དམག་མང་ཆེ་ཤོས་ཨ་མཆོག་སོགས་སུ་ཕྱིར་འཐེན་བྱས་ཤིང་། བསང་ཆུ་རྫོང་མཁར་ཟི་འཁྲུག་བྱུང་། འཇམ་དབྱངས་རྫོང་མཁར་དུ་བསྡད་དེ་སྒྲིག་ལམ་བཟུང་བས་མི་སེམས་བདེ་ལ་བཀོད། ཚེས་ཉེར་བརྒྱད་ཉིན་བཅིངས་འགྲོལ་དམག་གིས་འཐུས་མི་ལི་ཧྥུ་ལིན་མངགས་ཏེ་འཇམ་དབྱངས་དང་འབྲེལ་གཏུག་ཐུབ་པ་བྱུང་། དགོང་མོ་དེར་འཇམ་དབྱངས་ཀྱི་ལི་ཧྥུ་ལིན་ལ་རམ་འདེགས་བྱས་ནས་གོ་མིན་ཏང་བསང་ཆུ་རྫོང་གི་སྡེ་ཁག་སོ་སོའི་འགན་དབང་རྙིང་པའི་མི་སྣའི་བཞུགས་མོལ་ཚོགས་འདུའི་གཙོ་འགན་ཁུར། དེའི་ཕྱི་ཉིན་འཇམ་དབྱངས་ཀྱིས་ཧན་ཀྲི་ཧྭ་སོགས་མི་གསུམ་དང་ལྷན་དུ་ཀ་ཆུ་ནས་དམག་སྤྱི་ཝང་ཀྲེན་དང་མཇལ་ནས་རྫོང་གི་གནས་ཚུལ་ངོ་སྤྲོད་བྱས། ཚེས་སོ་གཅིག་ཉིན་བཅིངས་འགྲོལ་དམག་གི་འཐུས་མི་ལིའུ་དབྱི་ཧྭ་དང་མཉམ་དུ་ཉེན་རྟོག་ཅུས་ཀྲུང་གི་བྱ་བ་གཉེར་ཏེ་སྤྱི་ཚོགས་བདེ་འཇགས་སུ་བཏང་། 1949ལོའི་ཟླ་དང་པོའི་ཚེས་ལྔ་ཉིན། དམག་སྤྱི་ཝང་ཀྲེན་གྱི་གྲོས་དཔོན་འཇམ་དབྱངས་ཀྱིས་གནས་སྐབས་སུ་རྫོང་དཔོན་གྱི་འགན་འཁུར་དགོས་ཤིང་། མུ་མཐུད་དུ་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་ཞུ་རོགས་ཞེས་པའི་བརྡ་འཕྲིན་བཏང་། ཚེ་བཅུ་གཉིས་ཉིན་བསང་ཆུ་རྫོང་སྲིད་གཞུང་གིས་ཞང་ཡིག་ཨང་དང་པོ་ཞེས་པའི་གཞུང་ཡིག་རྫོང་ཡོངས་སུ་གློག་འཕྲིན་གྱི་ལམ་ནས་བཏང་ཞིང་། དངུལ་སྒོར་སྟོང་ཕྲག་རང་གྲབས་ཀྱིས་བསྡུས་ཏེ་འབྲུ་དང་གཟན་ཆས་བསྒྲིགས་ནས་བཅིངས་འགྲོལ་དམག་དང་ལས་དོན་རུ་ཁག་བསུ་བར་གྲ་སྒྲིག་བྱས། ཟླ་དང་པོའི་ཚེས་ཉེར་གཉིས་ཉིན། བསང་ཆུ་རྫོང་མི་དམངས་སྲིད་གཞུང་དབུ་བརྙེས་པ་དང་འཇམ་དབྱངས་རྫོང་དཔོན་དུ་བདམས་ཤིང་བསང་ཆུ་རྫོང་གི་དམངས་དམག་དམག་སྤྱིའི་འགན་གཅིག་ལྕོགས་སུ་ཁུར། 1949ལོའི་ཟླ་དགུ་བའི་ཚེས་ཉེར་དགུ་ཉིན། ཀ་ཆུའི་ཆེད་མངགས་པ་ཡཱ་ཧན་ཀྲང་དང་བཅིངས་འགྲོལ་དམག་གི་ཐོན་ག་གེ་མོའི་ཐོན་ཀྲང་གཞོན་པ་ལིའུ་ཀོང་ཆི་ཡིས་དམག་སྣ་དྲངས་ཏེ་བསང་ཆུར་བདག་སྐྱོང་དོ་དམ་བྱེད་དུ་འོངས་པ་ལྟར། འཇམ་དབྱངས་ཀྱིས་བདེ་འཇགས་འགོག་སྲུང་བཀོད་སྒྲིག་བྱས་ཤིང་། མང་ཚོགས་ཁྲི་ཕྲག་རྩ་འཛུགས་བྱས་ཏེ་དགའ་བསུའི་མཛད་སྒོ་གཟབ་རྒྱས་སྤེལ།

1951ལོའི་ཟླ་བདུན་པར་ཨ་འགོག་ཁྲའོ་རོགས་དམག་འཁྲུག་ལ་རོགས་སྐྱོར་བྱ་ཆེད། འཇམ་དབྱངས་ཀྱི་སྣ་ཁྲིད་ནས་མི་དམངས་ཤོག་སྒོར་སྟོང་གཅིག་ཞལ་འདེབས་སུ་ཕུལ་བ་དང་། སྡེ་ཁྱིམ་རེ་རེར་བསྐྱོད་དེ་མང་ཚོགས་སྐུལ་སློང་གིས་རྫོང་ཡོངས་སུ་གནམ་གྲུ་གཉིས་ཉོ་བྱེད་ཀྱི་ཞལ་འདེབས་བསྡུས། ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན། ཁོང་རྒྱལ་གཅེས་མི་སྣའི་ཐོབ་ཐང་ཐོག་ནས་ཝེ་ཡེ་ནར་བསྡུས་པའི་འཛམ་གླིང་བདེ་སྲུང་ཞི་བདེའི་ཚོགས་ཆེན་དུ་ཞུགས། 1952ལོའི་ཇག་དམག་གཞོམ་པའི་ལས་དོན་ཁྲོད་དུ་ཨ་མཆོག་ས་ཁུལ་གྱི་མགོ་འཛིན་ཚུལ་ཁྲིམས་ཀྱིས་ཇག་པ་དང་ཉུལ་མའི་གཏམ་ཡན་མ་མཉན་ཏེ་མང་ཚོགས་སྐོར་ཞིག་གི་ཁྲིད་དེ་ཇག་ལ་སོང་བའི་གནས་ཚུལ་དེ་འཇམ་དབྱངས་ཀྱིས་ཤེས་འཕྲལ། ཁ་ཏ་སློབ་གསོའི་བྱ་བ་ཐེངས་མང་བསྒྲུབས་མཐར་ཚུལ་ཁྲིམས་ཀྱིས་མང་ཚོགས་ཁྲིད་དེ་ཡུལ་ཁྱིམ་དུ་ཕྱིར་ལོག་ཐུབ་པར་གྱུར། ཟླ་བདུན་པར་ཁོང་གིས་ནུབ་བྱང་དམག་སྲིད་ཨུ་ཡོན་ཚོགས་པའི་བོད་ཁུལ་འཚམས་འདྲི་ཚོགས་པ་གཉིས་པའི་ཚོགས་གཙོ་གཞོན་པའི་འགན་ཁུར་ཏེ། སྔ་གཞུག་ཏུ་ཀླུ་ཆུའི་ཤིས་ཚང་དང་མཛོད་དགེ་སོགས་ས་ཁུལ་དུ་སོང་སྟེ་ཚོ་པའི་མགོ་པའི་ཚོགས་འདུ་བསྡུས་ཤིང་། བཅིངས་འགྲོལ་དམག་གིས་མཱ་ལིའང་ཇག་དམག་གཞོམ་པའི་ཕྱོགས་ཀྱི་འགོག་རྐྱེན་མེད་པར་བཏང་། ཟླ12པར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྲ་སྒྲིག་ཨུ་ཡོན་ལྷན་ཁང་དེ་བསང་ཆུ་རྫོང་དུ་བཙུགས་ཤིང་། འཇམ་དབྱངས་ཀྲུའུ་རིན་ཨུ་ཡོན་གཞོན་པར་བསྐོས་པ་མ་ཟད། སྔ་གཞུག་ཏུ་ཀན་ལྷོའི་ཇག་དམག་གཞོན་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་ཉལ་ཐ་གཅོད་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་གཅིག་ལྕོགས་སུ་ཁུར། 1955ལོའི་ལོ་མཇུག་ཏུ་འཇམ་དབྱངས་ཀྱིས་ཀན་སུའུ་དང་། མཚོ་སྔོན། སི་ཁྲོན། ནུབ་ཁམས་ཞིང་ཆེན་བཞིའི་མཐའ་མཚམས་བྱ་བའི་རྒྱ་སྐྱེད་ཚོགས་ཆེན་དུ་མི་རིགས་ས་ཁུལ་དུ་དམངས་གཙོའི་བཅོས་བསྒྱུར་ལག་བསྟར་བྱ་རྒྱུར་མཐའ་གཅིག་ཏུ་བརྩི་སྲུང་བྱེད་པའི་གྲོས་འགོ་བཏོན། 1956ལོར་ཀན་ལྷོའི་བོད་ཁུལ་བདེ་འཇགས་མིན་པས་ཀྲུང་གུང་ཀན་ལྷོ་ཁུལ་ཨུ་དང་སྲིད་གཞུང་གིས་བྱ་བྱེད་ཚོགས་པ་བཙུགས་པ་དང་འཇམ་དབྱངས་ཚོགས་པ་གསུམ་པའི་ཚོགས་དཔོན་དུ་བསྐོས། ཁོང་གིས་མི་འདོད་ནད་ཀྱིས་གཙེས་པ་ལ་མ་འཛེམས་པར་ཀླུ་ཆུའི་ས་ཆ་སོ་སོར་ཕྱིན་ཏེ། བླ་སྤྲུལ་དང་འགོ་པ་དཔོན་པོ་ལ་ཁ་ཏ་གླེང་མོལ་བྱས་པ་དང་སྲིད་ཇུས་དྲིལ་བསྒྲགས་བྱས་ནས་གནས་བབ་བདེ་འཇགས་སུ་གཏོང་བར་བྱ་བ་འབོར་ཆེན་བསྒྲུབས། 1947ལོའི་ཟླ་གཉིས་པའི་ཚེས་བཅུ་བཞི་ཉིན། དགུང་ལོ་ཞེ་དགུ་ལ་སོན་པའི་འཇམ་དབྱངས་སྨན་བཅོས་ཀྱིས་མ་ཕན་པར་ཚེ་ལས་འདས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཀྲོའུ་ཨེན་ལེ་དང་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་མེ་ཏོག་གི་ཕྲེང་བ་ཕུལ་ཏེ་མྱ་ངན་ཞུས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-31

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།