ལྭིང་སི་ཁྲེང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལྭིང་སི་ཁྲེང་།
ཁོང་ནི་ལིང་ཆི་ཁྲའོ་ཡི་སྐུ་སྲས་ཡིན་ལ། ཀོང་ཏུང་ཞིང་ཆེན་དུ་སྐུ་འཁྲུངས། ཀྲུང་གོའི་མིང་དུ་གྲགས་པའི་བཟོ་སྐྲུན་ལོ་རྒྱུས་སྨྲ་བ་དང་བཟོ་སྐྲུན་མཁས་ཆེན་ཡིན། གྲོང་ཁྱེར་འཆར་འགོད་པ་དང་། སློབ་གསོ་པ་བཅས་ཡིན། ཁོང་གིས་མི་ཚེ་གང་བོར་གནའ་རབས་བཟོ་བཀོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པར་དོ་སྣང་ཆེན་པོ་མཛད་ཅིང་། གནའ་རབས་རིག་ཚན་གྱི་གསར་གཏོད་པ་དང་རྨང་འདིང་མཁན་དུ་གྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
梁思成
འཁྲུངས་འདས།
སྤྱི་ལོ1901-1972ལོ།
ལས་རིགས།
བཟོ་སྐྲུན་ལོ་རྒྱུས་སྨྲ་བ། བཟོ་སྐྲུན་མཁས་ཆེན། གྲོང་ཁྱེར་འཆར་འགོད་པ། སློབ་གསོ་པ།
1 ངོ་སྤྲོད།

ཁོང་ནི་ལིང་ཆི་ཁྲའོ་ཡི་སྐུ་སྲས་ཡིན་ལ། ཀོང་ཏུང་ཞིང་ཆེན་དུ་སྐུ་འཁྲུངས། ཀྲུང་གོའི་མིང་དུ་གྲགས་པའི་བཟོ་སྐྲུན་ལོ་རྒྱུས་སྨྲ་བ་དང་བཟོ་སྐྲུན་མཁས་ཆེན་ཡིན། གྲོང་ཁྱེར་འཆར་འགོད་པ་དང་། སློབ་གསོ་པ་བཅས་ཡིན། ཁོང་གིས་མི་ཚེ་གང་བོར་གནའ་རབས་བཟོ་བཀོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པར་དོ་སྣང་ཆེན་པོ་མཛད་ཅིང་། གནའ་རབས་རིག་ཚན་གྱི་གསར་གཏོད་པ་དང་རྨང་འདིང་མཁན་དུ་གྱུར། མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་སོགས་བཟོ་སྐྲུན་འཆར་འགོད་པའི་གྲས་སུ་ཞུགས་མྱོང་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་བཟོ་སྐྲུན་ལམ་བུ་བཙལ་བར་མ་ཟད། རིག་དངོས་འཛུགས་སྐྲུན་སྲུང་སྐྱོབ་བྱེད་པའི་གཞུང་ལུགས་དང་ཐབས་ལམ་ཡང་རབ་དང་རིམ་པ་བཏོན་པ་རེད། དགུང་གྲངས་བཅུ་གཅིག་པའི་སྟེང་འཇར་པན་ནས་ཕྱིར་མེས་རྒྱལ་དུ་ལོག་ཅིང་། དགུང་གྲངས་བཅུ་བཞི་པར་ཆིན་ཧྭ་སློབ་ཆེན་དུ་ཞུགས། ཁོང་ཉིད་ཞུགས་པའི་འཛིན་གྲྭ་དེ་ནི་ཨ་རིར་སློབ་གཉེར་དུ་བགྲོད་པའི་གྲ་སྒྲིག་འཛིན་གྲྭ་ཞིག་རེད། སློབ་གཉེར་བྱེད་རིང་དུ། ཁོང་ཉིད་ཀྱི་སློབ་འབྲས་ཁྱད་དུ་འཕགས་པར་མ་ཟད། མཛེས་རིས་དང་གླུ་དབྱངས་སོགས་ལའང་མོས་པ་ཟབ་མོ་མཆིས་ཏེ། སྐབས་དེའི་སློབ་གྲྭ་གཞུང་གི་དུས་དེབ་མཛེས་རིས་རྩོམ་སྒྲིག་པར་བཞུགས་པར་མ་ཟད། སློབ་གྲྭའི་གླུ་དབྱངས་ཚོགས་པའི་ཚོགས་མིའང་ཡིན། གཞན་རྐང་རྩེད་སྤོ་ལོ་རྩེ་བར་ཡང་དུངས་ཞེན་ཤིན་ཏུ་ཆེ། ལྔ་བཞི་ལས་འགུལ་གྱི་སྐབས་སུ། ཁོང་ཉིད་སློབ་གྲྭའི་རྒྱལ་གཅེས་ཚོགས་པའི་རྐང་འཛིན་པར་གྱུར་ཅིང་། སྤྱི་ལོ1923ལོའི་ཟླ་ལྔ་པར། གནམ་བདེ་སྒོ་མོ་ཆེ་རྗེས་དྲན་ཚོགས་འདུར་ཞུགས་དུས། དམག་ཤེད་ཅན་གྱི་རླངས་འཁོར་གྱིས་བརྡུངས་ཏེ་རྐང་པ་གཡོན་པར་བཅགས་ཤིང་། ཨ་རིར་སློབ་གཉེར་དུ་བསྐྱོད་པའི་དུས་ཡུན་ལོ་གཅིག་གིས་འགྱངས་པར་བྱས། སྤྱི་ལོ1924ལོར། ཁོང་ཉིད་ཨ་རིའི་སློབ་ཆེན་ཞིག་ཏུ་བསྐྱོད་དེ་བཟོ་སྐྲུན་ཆེད་ལས་གཉེར། ཁོང་ཉིད་དཀའ་སྤྱད་སྡུག་རུས་ཆེ་ཞིང་། ནུབ་ཕྱོགས་ཀྱི་རིག་གནས་དང་ལྷག་པར་དུ་བཟོ་སྐྲུན་ལོ་རྒྱུས་ཀྱི་ཕྱོགས་ལ་སྤྲོ་བ་བླ་ལྷག་གིས་བརྟས་པར་གྱུར། ཁོང་རང་ཉིད་ཀྱིས་གསུངས་པ་ལྟར་ན། རང་ཉིད་ཀྱི་སྡུག་རུས་ཁོ་ནར་བརྟེན་ཏེ་དཔེ་མཛོད་ཁང་གི་དཔེ་ཆ་སྐོམ་པ་ཆུ་འདོད་བཞིན་དུ་བཀླགས་ཤིང་། གནའ་རབས་ལོ་རྒྱུས་ལ་ཞིབ་འཇུག་དང་། དེ་མིན་གནའ་རབས་རིག་དངོས་དང་གནའ་རབས་བཟོ་སྐྲུན་མིང་གྲགས་ཅན་དག་རེ་རེ་བཞིན་དུ་སྐྱ་བྲིས་གནང་མྱོང་བ་རེད། སྤྱི་ལོ1928ལོར། ཁོང་ཉིད་མེས་རྒྱལ་དུ་ལོག་ཕེབས་བྱུང་བ་དང་། དེ་ནས་བྱང་ཤར་སློབ་ཆེན་གྱིས་གདན་དྲངས་པ་བཞིན་ཧྲིན་དབྱང་གྲོང་ཁྱེར་དུ་ཕེབས་ཏེ་བཟོ་སྐྲུན་སྡེ་ཁག་ཐོག་མར་བཙུགས་པར་མ་ཟད། སྐུ་དངོས་ནས་སྡེ་ཁག་གི་ཀྲུའུ་རིན་དང་སློབ་དཔོན་ཆེན་མོའི་འགན་བཞེས། སྤྱི་ལོ1927ལོའི་ཟླ1པའི་ཚེས་དགུའི་ཉིན། རྒྱལ་ས་པེ་ཅིང་དུ་སྐུ་གཤེགས། ཁོང་ཉིད་དང་། ལིའུ་ཡན་ཀྲི། ལིག་ཏུང་ཀྲིན། ཐོན་ཅོན། དབྱང་ཐེན་པའོ་བཅས་པར་བཟོ་སྐྲུན་མཁས་ལྔ་ཞེས་ཀྱང་འབོད་པར་བྱེད། 


བརྡ་འགྲེལ་གདོང་འཛར།

བཟོ་སྐྲུན། སློབ་གསོ། ཆེད་མཁས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-26

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།