ཡོངས་འཛིན་རིག་མཛོད། >འཚོ་བ། >རྒྱན་གོས། >གཞན་དག

ནག་ཆུའི་རྒྱན་གོས།

ནག་ཆུའི་ས་ཁུལ་འདི་ཉིད་བོད་བྱང་ཐང་དུ་གནས་ཡོད་པ་དང་གནམ་གཤིས་གྲང་ངར་ཆེ་བས་ལོ་གཅིག་ནང་གངས་འཁྱག་གི་གནམ་གཤིས་བསྟན་པའི་དུས་ཚོད་རིང་ཙམ་ཡོད། ས་གནས་དེ་གའི་སྐྱེས་པ་དང་བུད་མེད་ཀྱི་གྱོན་ཆས་ནང་གཙོ་བོ་པགས་ཚགས་ཡིན། སྐྱེས་པ་ཚོས་གོང་བ་མཐོ་ལ་ཕུ་ཐུང་རིང་བའི་འོག་འཇུག་གི་ཐོག་གོས་ཆེན་གྱི་སྟོད་ཀོར་གྱོན་པ་དང་། ཕྱིར་ཕྱུ་པ་གྱོན་པ། སི་ཤན་དམར་པོ་དང་ནག་པོས་བསླས་པའི་པ་ལོ་སྦོམ་པོ་ཞིག་མགོ་བོའི་སྟེང་དུ་སྐྲ་སྐོར་བརྒྱབ་པ་དེའི་ཐོག་དངུལ་གྱི་ཀྲད་ཀོར་རམ་ཡང་ན་བྱུ་རུས་བརྒྱན་ཡོད་པས་ཧ་ཅང་ཉམས་དོད་པོ་ཡོད།

རིགས་དབྱེ།  

ཁ་ཆེ་མི་རིགས་ཀྱི་རྒྱན་གོས།

ཁ་ཆེ་མི་རིགས་ཀྱི་རྒྱན་གོས་མཚོན་རྟགས་གཙོ་བོ་ནི་མགོ་རུ་ཡོད་པ་དང་། སྐྱེས་པ་དག་ནི་རས་དཀར་པོས་བཟོས་པའི་ཞྭ་མོ་སྒོར་དབྱིབས་ཅན་དེ་གྱོན་རྒྱུར་དགའ་བ་དང་། སྒོར་དབྱིབས་ཞྭ་མོ་དེ་རིགས་གཉིས་སུ་དབྱེ་ཡོད་ཅིང་། རིགས་གཅིག་ནི་ཞྭ་མོའི་སྟེང་སྙོམས་པོ་ཅན་ཡིན་ལ། རིགས་གཞན་ཞིག་ནི་ཟུར་དྲུག་ཅན་གྱི་ཞྭ་མོ་དེ་ཡིན། ཡང་ལ་ལས་སྒོར་དབྱིབས་ཅན་གྱི་ཞྭ་མོ་དེའི་སྟེང་དུ་མཛེས་པའི་མེ་ཏོག་གི་རི་མོ་གཙག་པ་ཡང་ཡོད།

རིགས་དབྱེ།  

ཁྲའོ་ཞན་མི་རིགས་ཀྱི་རྒྱན་གོས།

རྒྱན་གོས་ནི་མི་རིགས་ཤིག་གི་རིག་གནས་ཀྱི་མཚོན་རྟགས་ཡིན་པ་དང་། ཁྲའོ་ཞན་རིགས་ནི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཆ་ཤས་ཤིག་ཡིན། འཚོ་བ་རོལ་ས་གཙོ་བོ་ནི་ཀྲུང་གོའི་བྱང་ཤར་ས་ཁུལ་ཡིན་ཞིང་། མཛེས་ཤིང་སྡུག་པའི་ཁྲའོ་ཞན་རྒྱན་གོས་ལས་ཁྲའོ་ཞན་མི་མང་གི་རིག་གནས་འདུ་ཤེས་དང་བསམ་བློའི་ངོ་བོ་མཚོན་གྱི་ཡོད། ཁྲའོ་ཞན་རྒྱན་གོས་ཀྱི་ཚོས་གཞི་དྭངས་ལ་གཙང་ཞིང་མཛེས་པ། ཡངས་ཆ་ལྡན་པ་བཅས་ཀྱི་ཁྱད་ཆོས་ལྡན་པ་དང་། དེས་ང་ཚོར་མཛེས་སྡུག་རོལ་མྱོང་བྱེད་དུ་འཇུག་པ་ལས་གཞན། ཕུན་སུམ་ཚོགས་པའི་རྒྱན་གོས་སྒྱུ་རྩལ་གྱི་བང་མཛོད་ཅིག་ཀྱང་བསྐྲུན་ཡོད།

རིགས་དབྱེ།  

པའེ་རིགས་ཀྱི་རྒྱན་གོས།

པའེ་རིགས་ནི་ཀྲུང་གོའི་ལྷོ་ནུབ་ཁུལ་གྱི་མི་རིགས་དག་གི་ཁྲོད་དུ་དཔལ་འབྱོར་ཅུང་འཕེལ་རྒྱས་མགྱོགས་ཤིང་རིག་གནས་ཆུ་ཚད་ཅུང་མཐོ་བའི་མི་རིགས་ཤིག་ཡིན་ཞིང། སྐྱེས་པ་དག་གི་གྱོན་གོས་ནི་སྟབས་བདེ་གྲལ་དག་ཅིག་ཡིན་ལ། དར་མ་དང་རྒན་པ་དག་རྒྱན་གོས་ནི་ཅུང་གཙང་ཞིང་མཛེས་པ་ཞིག་ཡིན། བུད་མེད་དང་བྱིས་པ་དག་གི་རྒྱན་གོས་ནི་ཁ་དོག་རྣམ་པར་བཀྲ་ཞིང་མཛེས་པར་སྤྲས་ཡོད་པ་ཞིག་ཡིན།

རིགས་དབྱེ།  

མན་ཇི་མི་རིགས་ཀྱི་རྒྱན་གོས།

མན་ཇི་མི་རིགས་ནི་གཙོ་བོ་ནི་ཀྲུང་གོའི་ལེའོ་ཉིན་ཞིང་ཆེན་དང་ཧུའུ་པེ་ཞིང་ཆེན་དུ་ཁྱབ་ཡོད་ཅིང་། ལེའོ་ཉིན་ཞིང་ཆེན་ནི་མི་གྲངས་ཆེས་མང་བའི་གནས་ཡིན། གཞན་ད་དུང་ནང་སོག་དང་། ཧུའུ་པེ། ཧྲན་ཏུང་། ཞིན་ཅང་རང་སྐྱོང་ཁུལ་སོགས་དང། གྱི་པེ་ཅིང་། ལན་ཀྲུའུ། ཧྥུའུ་ཀྲུའུ། ཡིན་ཁྲོན། ཞི་ཨན་སོགས་གྲོང་ཁྱེར་ཆེ་བ་ཁག་ཏུ་མན་ཇི་མི་རིགས་ཆ་མཉམ་གྱིས་ཁྱབ་ཡོད་ཅིང་། མན་ཇིའི་ཡབ་མེས་ནི་ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་སུའུ་ཀྲིན་མི་ཡིན། མན་ཇི་མི་རིགས་ལ་རང་སྐད་དང་ཡི་གེ་ཡོད་ལ། མན་ཇིའི་ཡི་གེ་ནི་དུས་རབས་བཅུ་དྲུག་པའི་མཇུག་ཏུ་བྱུང་ཞིང་། དེ་ནི་སོག་ཡིག་ཟུར་ཆགས་ཀྱིས་གསར་བཟོ་བྱས་པ་ཞིག་ཡིན། དུས་རབས་བཅུ་བདུན་པའི་ལོ་རབས་བཞི་བཅུ་བའི་ནང་དུ་ཡོངས་ཁྱབ་ནས་རྒྱ་ཡིག་བཀོལ་སྤྱོད་བྱེད་པའི་མགོ་བརྩམས་པ་རེད། ས་ཁྱི་ལོའི་ལུགས་བསྒྱུར་གྱི་རྗེས་སུ་མན་ཇིའི་རིགས་སུ་བསྒྱུར།

རིགས་དབྱེ།  

ཡུ་གུར་རིགས་ཀྱི་རྒྱན་གོས།

ཡུ་གུར་མི་རིགས་ནི་མི་རིགས་མང་པོ་འདྲེས་ནས་གྲུབ་པ་ཞིག་ཡིན་ལ། གཙོ་བོ་སོག་པོའི་རྩྭ་ཐང་གི་ཧའེ་ཧུའུ་མི་རིགས་ལས་ཆད་པ་དང་། གཞན་འགའ་ཞིག་ནི་ཞིན་ཅང་ལྷོ་མའི་ལུའུ་ཀྲིག་སྡོད་དམངས་ལས་ཆད་པ་ཡིན། ལོ་རྒྱུས་བཤུལ་ལམ་རིང་མོའི་ཁྲོད་དུ་ཡུ་གུར་རིགས་ཀྱིས་དཀའ་སྤྱད་ཀྱི་ངལ་རྩོལ་དང་ཤེས་རབ་ཀྱི་རྩལ་ལ་བརྟེན་ནས་སྔོན་ཐོན་གྱི་རིག་གནས་བསྐྲུན་པ་དང་། ཐུན་མིན་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་གྲུབ་པ་ཞིག་ཡིན་ཞིང་། རྒྱན་གོས་ཀྱི་ཕྱོགས་ནས་ཀྱང་མི་རིགས་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྡན་པ་ཞིག་ཡིན།

རིགས་དབྱེ།  

རྒྱ་རིགས་ཀྱི་རྒྱན་གོས།

ཀྲུང་གོའི་གྱོན་ཆས་ནི་རྒྱ་མི་རིགས་ཀྱི་སྲོལ་རྒྱུན་གྱོན་གོས་གཙོ་བོ་ཡིན། ཧོང་ཏིའི་སྐབས་སུ་གསར་བཟོ་བྱས་པ་ཞིག་ཡིན་ལ། ཀྲུའུ་ནུབ་མའི་སྐབས་ནས་བཟུང་རྒྱ་རིགས་ཀྱི་གྱོན་གོས་རྨང་གཞི་གྲུབ་ཟིན་པ་དང་། ཧན་རྒྱལ་རབས་ཀྱི་སྐབས་སུ་སླེབས་དུས་ཕྱོགས་ཡོངས་ནས་ཡོངས་ཁྱབ་ཏུ་ལེགས་གྲུབ་བྱུང་ཡོད་པ་ཞིག་ཡིན། དེ་ནས་བཟུང་མིང་རྒྱལ་རབས་ཀྱི་དུས་མཇུག་དང་ཆིང་རྒྱལ་རབས་ཀྱི་དུས་མགོའི་བར་རྒྱ་ནག་གི་གྱོན་གོས་ལ་ལོ་ངོ་སྟོང་ཕྲག་གི་ལྷག་གི་ལོ་རྒྱུས་ལྡན་། རྒྱ་ནག་གི་གྱོན་གོས་ལ་ཧྭ་ཞའི་གྱོན་གོས་ཞེས་ཀྱང་ཟེར་ལ། དེར་གོང་མཐུད་གཡས་ཐུ་དང་གོང་འདབ་དྲང་མོ་ཡོད་ལ་བསྐོར་འདབ་ཀྱང་ཡོད། ཚི་ལེན་ལ་ཆེ་བ་དང་ཆུང་བའི་རིགས་སོགས་ཡོད་པ་དང་། ཆིང་རྒྱལ་རབས་དུས་མགོར་མན་ཅི་རིགས་ཀྱིས་ལྭ་བ་བསྒྱུར་བཅོས་དང་ར་བ་འབྲེག་གཅོད། མི་རྣམས་ཀྱིས་རྒྱ་རིགས་ཀྱི་ལྭ་བ་གྱོན་པར་བཀག་འགོག་བྱས་པས། དེ་ནས་བཟུང་རྒྱ་རིགས་ཀྱི་གྱོན་གོས་རིམ་བཞིན་འཚོ་བའི་ཁྲོད་ནས་ཉམས་རྒུད་དུ་གྱུར་སོང་།

རིགས་དབྱེ།  

རྒྱའི་གནའ་རབས་ཀྱི་རྒྱན་གོས།

རྒྱལ་རབས་ལྷོ་བྱང་སྐབས་ཀྱི་བྱང་ལྭ་དང་རྒྱའི་རྒྱན་གོས་ཀྱིས་ཕན་ཚུན་ལ་ཤན་ཤུགས་ཐེབས་པ་དང་གྲུབ་ཆ་སྣ་ཚོགས་འདྲ་མཚུངས་ཀྱི་རྨང་གཞིའི་སྟེང་ཐོན་ཐང་རྒྱལ་རབས་ཀྱི་གྱོན་གོས་བཟོས་ཤིང་། ཆོས་གོས་དང་རྒྱུན་གོས་བཟོ་བའི་རྣམ་པ་བྱུང་། གུས་པ་ཆེན་པོ་མཚོན་བྱེད་ཀྱི་ཆོས་གོས་སྲོལ་རྒྱུན་གཙོ་གོས་དང་། དཔོན་ཞྭ། གོས་ལྭ། སྨད་གཡོགས། རྒྱུན་གོས་སོགས་ནི་ཞན་པའེ་མི་རིགས་ཀྱི་རྒྱན་གོས་ཀྱི་རྨང་གཞིའི་སྟེང་བཟོ་བཅོས་བྱས་ནས་བྱུང་པ་ཞིག་ཡིན།

རིགས་དབྱེ།  

སུང་རྒྱལ་རབས་ཀྱི་རྒྱན་གོས།

སུང་རྒྱལ་རབས་ཀྱི་རྒྱན་གོས་ནི་ཕྱོགས་ཆེ་ས་ནས་ཐང་རྒྱལ་རབས་ཀྱི་རྒྱན་གོས་བཟོ་སྲོལ་རྒྱུད་འཛིན་བྱས་ཡོད་པ་ཞིག་ཡིན་ཞིང་། སྐབས་དེའི་ཧྥུ་ཐུ་ཞེས་པའི་ཞྭ་མོ་དེ་ནི་གྱོན་སླ་ལ་འཕུད་བདེ་བའི་ཞྭ་མོ་ཞིག་ཡིན་པ་དང་། དེ་ནི་ཐང་རྒྱལ་རབས་སྐབས་ཀྱི་དཀྲུ་སྐུད་ཅན་གྱི་ཧྥུ་ཐུ་ཞེས་པའི་ཞྭ་མོ་དེ་དང་མི་འདྲ་བ་ཞིག་ཡིན། དུས་སྐབས་འདིར་རྒྱལ་བློན་དག་གིས་གྱོན་པའི་ཞྭ་མོ་ནི་གཤོག་ལྡན་ཧྥུ་ཐུ་ཡིན་ལ། ཞྭ་མོ་དེའི་གཡས་གཡོན་གཞོགས་གཉིས་སུ་དྲང་པོར་བསྲིངས་པའི་གཤོག་པ་ལྟ་བུ་གཉིས་ཡོད་ཅིང་། དེའི་རིང་ཐུང་ནི་གྲལ་རིམ་གྱི་དབྱེ་བ་ལྟར་ཡོད་པ་ཞིག་ཡིན།

རིགས་དབྱེ།  

སོག་རིགས་ཀྱི་རྒྱན་གོས།

སོག་པོ་མི་རིགས་ཀྱི་རྒྱན་གོས་གཙོ་བོ་ནི་ལྭ་རིང་ཡིན་པ་དང་། ཁུལ་མི་འདྲ་བའི་དབང་གིས་གོན་པའི་རིགས་ཀྱང་མི་འདྲ་བ་ཡོད་དེ། བུད་མེད་དག་གི་ལྭ་རིང་ལ་དཔེར་ན། ཁུ་ཨར་ཆིན་ས་ཁུལ་དང་ཁཱ་ལ་ཆིན་ས་ཁུལ་གྱི་སོག་པོ་མི་རིགས་ལ་མན་ཇི་མི་རིགས་ཀྱི་ཤན་ཤུགས་ཐེབས་པ་དང་། ཁོབ་ཆེ་ལ་རྐང་བའི་བར་ཐོན་པའི་ལྭ་རིང་གྱོན་པ་ཤས་ཆེ་ལ། ལྭ་རིང་དེའི་གོང་ཁ་དང་སྒྲོག་ལུང་གི་འགྲམ་དུ་ཁ་དོག་སྣ་ཚོགས་ཅན་གྱི་མེ་ཏོག་གིས་བརྒྱན་ཡོད། དབྱི་ལིན་གོ་ལིའི་རྩྭ་ཐང་གི་སོག་རིགས་ཀྱིས་གཞོགས་གཉིས་སོ་སོར་ཕྱེས་མེད་པའི་སོག་ལྭ་རིང་པོ་གྱོན་པ་དང་། པུའུ་ལི་ཡཱ་ཐུ་ཡི་བུད་མེད་རྣམས་ཀྱིས་སྐེད་སྐབས་ཕྲ་ལ་ཕྲག་པ་འབུར་བའི་ལྭ་རིང་གྱོན་གྱི་ཡོད།

རིགས་དབྱེ།  

སོག་པོའི་ལྭ་རིང་།

སོག་པོའི་ལྭ་རིང་ནི་སོག་རིགས་ཀྱི་སྲོལ་རྒྱུན་རྒྱན་གོས་ཡིན་ཞིང་། སོག་པོའི་ལྭ་རིང་ནི་རྒྱུ་ཆ་དང་བཟོ་རྩལ། བཟོ་དབྱིབས་སོགས་གོན་པ་གྱོན་ཐབས་དང་བཀོལ་སྤྱོད་ཀྱི་གོ་རིམ་ཧྲིལ་བོའི་ནང་དུ་མི་རིགས་དེའི་ཡུལ་སྲོལ་གྱི་ཁྱད་ཆོས་མངོན་པར་ཐོན་པ་ཞིག་ཡིན། མགོ་རྒྱན་དང་ལྭ་རིང་སྐ་རགས། འཇུར་རྟ་བཅས་ནི་སོག་པོའི་ལྭ་རིང་གི་ཆ་ཤས་གཙོ་བོ་བཞི་ཡིན། བུད་མེད་དག་གི་མགོ་རྒྱན་ནི་མ་ནོ་དང་བྱུ་རུ། གསེར་དངུལ་སོགས་ཡིན། ཡོན་རྒྱལ་རབས་ནི་སོག་པོའི་ལྭ་རིང་འཕེལ་རྒྱས་འགྲོ་བའི་དུས་ཡིན་པ་དང་། ཆིང་རྒྱལ་རབས་ནི་སོག་པོའི་ལྭ་རིང་ལ་ཚོ་བའི་ཁྱད་ཆོས་མངོན་པར་གྲུབ་པའི་དུས་སྐབས་དེ་ཡིན། སོག་པོའི་ལྭ་རིང་ནི་སོག་པོའི་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྐང་གྲས་ཀྱི་གཅིག་ཡིན།

རིགས་དབྱེ།  

བོད་ཀྱི་རྒྱན་ཆ།

བོད་ལ་གནའ་སྔ་མོ་ནས་གཡུ་བྱུར་དང་གསེར་དངུལ་ལ་སོགས་པའི་རྒྱན་ཆ་འདོགས་སྲོལ་ནི་ཅུང་དར་ཆེ་བ་ཞིག་ཡིན་ལ། བོད་ཡུལ་མདོ་དབུས་ཁམས་གསུམ་གྱི་རྒྱན་སྤྲས་སྟངས་ཐད་ཅུང་མི་འདྲ་བ་ཡོད་ཀྱང་། རྒྱན་ཆ་འདོག་པའི་སྲོལ་དེ་ཐུན་མོང་དུ་ཡོད་པའི་སྲོལ་རྒྱུན་གྱི་གོམས་སྲོལ་ཅིག་ཡིན་པས་དེའི་ཐད་ཀྱི་ཤེས་བྱ་བསྡུ་ལེན་ལ་དོ་སྣང་བྱ་རྒྱུ་ནི་གལ་ཆེན་དུ་སྣང་ངོ་། །

རིགས་དབྱེ།  

ཁམས་པའི་རྒྱན་ཆ།

བོད་རིགས་ས་ཁུལ་དུ་གནས་སའི་ཡུལ་བབ་མི་འདྲ་བའི་དབང་གིས་དེ་གའི་གྱོན་གོས་དང་རྒྱན་ཆས་ལའང་རང་རང་གི་ཡུལ་གྱི་ཁྱད་ཆོས་མི་འདྲ་བ་མང་པོ་ཡོད། དཔེར་ན་ཉེ་རབས་ཀྱི་ཁམས་ཁུལ་ལྟ་བུ་ཡིན་ན། ཁྱིམ་ཚང་མང་ཆེ་བར་ཆ་སྙོམས་བྱས་ན། སྲམ་ལྤགས་དང་སྟག་ལྤགས་གཟིག་ལྤགས་ལ་སོགས་ཀྱིས་མཐའ་རྒྱན་མཛེས་པར་སྒྲོན་ནས་བཟོས་པའི་གཟབ་སྤྲོས་རེ་གཉིས་ཡོད་པའི་ཁར། རིན་ཐང་གཞལ་དུ་མེད་པའི་ནོར་བུའི་རིགས་ལས་གྲུབ་པའི་རྒྱན་ཆའི་རིགས་ཤིན་ཏུ་མང་།

རིགས་དབྱེ།  

འདམ་གཞུང་གི་རྒྱན་གོས།

ལས་ལ་བརྩོན་ཞིང་དཔའ་དང་བློ་གྲོས་ཀྱིས་རབ་ཏུ་ཕྱུག་པའི་བོད་པ་རྣམས་ནི་གླུ་དང་གར་བྲོའི་རྩལ་དང་རྩེད་འཇོར་མཉེས་ཤིང་། རིན་ཐང་གཞལ་དུ་བྲལ་བའི་ནོར་བུ་དང་རྒྱན་ཆའི་རིགས་ཀྱིས་རང་ལུས་ཡོངས་སུ་བཀླུབས་ནས་མཛེས་པ་ཀུན་ལ་ངོམ་པའི་ཐུན་མིན་གྱི་སྲོལ་དང་ལྡན་པའི་མི་རིགས་ཤིག་རེད། བོད་རིགས་ས་ཁུལ་དུ་གནས་སའི་ཡུལ་བབ་མི་འདྲ་བའི་དབང་གིས་དེ་གའི་གྱོན་གོས་དང་རྒྱན་ཆས་ལའང་རང་རང་གི་ཡུལ་གྱི་ཁྱད་ཆོས་མི་འདྲ་བ་མང་པོ་ཡོད།

རིགས་དབྱེ།  

ལྷ་སའི་རྒྱན་གོས།

བོད་རིགས་ནི་དཔའ་མཛངས་ལྡན་ཞིང་ལས་ལ་བརྩོན་པ་དང༌། ཤེས་རིག་ཀྱི་དཔལ་འབར་བ་ཞིག་ཡིན་ཁར་གླུ་གར་ལ་སོགས་པའི་སྒྱུ་རྩལ་ལ་སྤྲོ་བ་འཕེལ་ཞིང༌། རྒྱས་སྤྲོས་ཀྱིས་རང་ཉིད་དང་ཁོར་ཡུག་མཛེས་པར་བྱ་རྒྱུར་དང་ཞེན་ཆེ་བའི་མི་རིགས་ཤིག་ཡིན། བོད་རིགས་ཀྱི་གནས་ཡུལ་ནི་འཛམ་གླིང་གི་ཡང་རྩེ་གངས་རི་ར་བས་བསྐོར་བའི་བསིལ་ལྗོངས་ཡིན་པ་སོགས་སྣོད་བཅུད་ཀྱི་རྒྱུ་རྐྱེན་ཁག་གིས་རྐྱེན་པས་བོད་རིགས་ཀྱི་རྒྱན་གོས་ལ་མི་རིགས་གཞན་དང་མི་འདྲ་བའི་དམིགས་བསལ་གྱི་ཁྱད་ཆོས་མངོན་གསལ་དང་ལྡན་པ་ཞིག་བྱུང་བ་རེད། དེང་སྐབས་སུ་མཚོན་ནའང་ཕྱུ་པ་གྱོན་ཏེ་སྐེད་རགས་འཆིང་བ་ནི་བོད་རིགས་ཡོངས་རྫོགས་གཅིག་གྱུར་ཡིན་ཀྱང༌། བྱེ་བྲག་ཏུ་ཞྭ་ལྷམ་དང༌། པང་གདན། རྒྱབ་གདན། གནས་ཐ་དད་དབར་ལ་ཁྱད་པར་ཆེན་པོ་ཡོད་དོ། །

རིགས་དབྱེ།  

རྒྱན་གོས་འཆར་བཟོ།

རྒྱན་གོས་འཆར་འགོད་པས་ཐོན་རྫས་ནི་ཐད་ཀར་འཆར་བཟོ་བྱེད་པ་ཡིན་ལ། མི་གཤིས་དང་སྤྱི་ཚོགས་ཀྱི་སྣང་ཚུལ་ནི་བརྒྱུད་དེ་འཆར་བཟོ་བྱེད་ཀྱི་ཡོད། ཚན་རིག་དང་རིག་གནས་ཀྱི་འཕེལ་རྒྱས་དང་བསྟུན་ནས་མིའི་རིགས་ཀྱི་ལག་རྩལ་བྱེད་ཐབས་ཀྱང་རྒྱུན་ཆད་མེད་པར་ཡར་རྒྱས་འགྲོ་བ་དང་། བརྡ་འཕྲིན་དུས་རབས་སུ་མི་རྣམས་ཀྱིས་རིག་གནས་བརྒྱུད་སྒྲོག་བྱེད་ཐབས་སྔོན་ཆད་དང་བསྡུར་ན་འགྱུར་ལྡོག་ཆེན་པོ་བྱུང་ཡོད་དེ། འཛམ་གླིང་རིག་གནས་སྣ་ཚོགས་ཕན་ཚུན་ལ་འདྲེས་སྦྱོར་བྱུང་པ་དེས། རྒྱན་གོས་འཆར་བཟོ་བྱེད་མཁན་གྱི་རྟོགས་བཟོའི་ནུས་པ་ཡང་མགྱོགས་མྱུར་གྱིས་གཉུག་མའི་བསམ་བློ་ལས་འགོངས་ཏེ། བཟོ་དབྱིབས་རྣམ་པ་སྣ་ཚོགས་ཀྱི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཡོད།

རིགས་དབྱེ།  

ཕྱུ་བ་བཟོ་ཚུལ།

རྒྱན་གོས་གང་ཞིག་འཆར་བཟོ་བྱེད་པ་ལ་ཐོག་མར་ལྭ་བ་དེའི་དབྱིབས་རིས་འགོད་རྒྱུ་ནི་ཐོག་མའི་འགྲོ་ཕྱོགས་ཙམ་ཡིན་པས། བོད་ཀྱི་རྒྱན་གོས་འཆར་འགོད་བྱེད་པའམ་གསར་བཟོ་བྱེད་གང་ཞིག་ཡིན་པ་ལའང་ཐོག་མར་ཐིག་རིས་བྲིས་ཏེ་བཟོ་ཁོག་གཅོད་རྒྱུ་ནི་གལ་ཆེ་བ་ཞིག་ཡིན་པས། འདིར་བོད་ཀྱི་ཕྱུ་བ་བཟོ་བའི་ཚུལ་ཇི་ལྟར་ཡིན་པར་བཤད་པ་ལ།

རིགས་དབྱེ།  

སྣམ་བུ།

སྣམ་བུ་ནི་བོད་མི་རིགས་ཀྱི་ལག་ཤེས་བཟོ་ལས་ཀྱི་ཐོན་རྫས་རིགས་ཤིག་ཡིན་པ་དང་། དེ་ལ་བལ་སྐུད་འཁེལ་བ་དང་། ཚོས་རྒྱག་པ། འཐག་བཟོ་བྱེད་པ། ལེགས་སྒྲིག་བྱེད་པ་བཅས་ཀྱི་ལས་རིམ་བརྒྱུད་དགོས་ཤིང་། ངོས་སྙོམས་ལ་འཇམ་པ་དང་། སྤུས་ཀ་ལེགས་པའི་སྣམ་བུ་ནི་བོད་ཆས་དང་བོད་ལྷམ། ཉལ་གདན་སོགས་བཟོ་བའི་རྒྱུ་ཆ་གཙོ་བོ་ཞིག་ཡིན། སྣམ་བུ་ནི་བོད་རིགས་མི་དམངས་ཀྱི་དུས་རྒྱུན་འཚོ་བའི་ནང་དུ་མེད་དུ་མི་རུང་བ་ཞིག་ཡིན།

རིགས་དབྱེ།  

ཀན་ལྷོའི་རྒྱན་གོས།

རྒྱན་གོས་ནི་མི་རིགས་གང་རུང་ཞིག་དང་ས་ཁུལ་ག་གེ་མོའི་རིག་གནས་དང་འཚོ་བའི་གོམས་གཤིས་མཚོན་བྱེད་ཁྱད་པར་ཅན་ཞིག་རེད། ལོ་རྒྱུས་ཐོག་བྱུང་མྱོང་བའི་མི་རིགས་དེའི་འདས་དོན་དང་འཕོ་འགྱུར་གྱི་རིགས་རྣམས་རང་རང་གི་རྒྱན་གོས་ཐོག་ནས་མདོ་ཙམ་བསྟན་ཐུབ་པས་ན། རྒྱན་གོས་ནི་མི་རིགས་ཀྱི་ལོ་རྒྱུས་བརྟག་དཔྱད་བྱེད་སྐབས་ཀུན་གྱིས་དཔྱད་གཞིར་འཛིན་པའི་དངོས་དཔེ་ཁྱད་པར་ཅན་ཞིག་རེད། བོད་པའི་རྒྱན་གོས་ལ་ཡང་རིགས་སུ་དབྱེ་ན་སེར་ཆས་དང་སྐྱ་ཆས་གཉིས་ཡོད། སྐྱ་ཆས་ནི་འཇིག་རྟེན་པ་རྣམས་ཀྱི་རྒྱན་གོས་ལ་ཟེར་བས། དེར་ཡུལ་བབ་དང་ས་བབ་མི་འདྲ་བའི་དབང་གིས་རིགས་དང་རྣམ་པ་མི་འདྲ་བ་མང་བོ་ཡོད། ཨ་མདོ་ས་ཁུལ་གྱི་གྲུབ་ཆ་གཙོ་བོའི་གྲས་སུ་གྱུར་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་པ་རྣམས་ཀྱི་རྒྱན་གོས་ཀྱང་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྡན་པ་ཞིག་ཡིན།

རིགས་དབྱེ།  

ཕྱིང་ལྷམ།

གནའ་དུས་བོད་རིགས་རོང་འབྲོག་མང་ཚོགས་ཀྱིས་གྱོན་པའི་ལྷམ་ཞིག་ཏེ། རྒྱུ་བལ་ལས་གྲུབ་ཅིང་གནོན་འཆག་བྱས་རྗེས་ཧ་ཅང་འཇམ་པ་དང་དྲོད་བསྐྱེད་པའི་ལྷམ་ཞིག་ཡིན།

རིགས་དབྱེ།  

ལྷན་པ་རྒྱག་ཚུལ།

གྱོན་ཆས་སོགས་ཐགས་གྲུབ་ཀྱི་རིགས་ཐེད་ནས་ཁུང་བུ་བརྡོལ་ཚེ་ལྷན་པ་བརྒྱབ་ནས་ཡང་བསྐྱར་བཀོལ་བ་ནི་སློབ་མ་ཆུང་ཆུང་ཚོར་དཀའ་སྤྱད་གྲོན་ཆུང་གི་བསམ་བློའི་སློབ་གསོ་གཏོང་བའི་ནང་དོན་ལེགས་པོ་ཞིག་ཡིན་པས། ལྷན་པ་རྒྱག་ཚུལ་སློབ་པ་ནི་ངལ་རྩོལ་དང་སློབ་གསོ་གཉིས་གོ་ཆོད་པའི་ལས་ཀ་ཞིག་ཡིན།

རིགས་དབྱེ།  

པང་ཁེབ་བཟོ་ཚུལ།

པང་ཁེབ་ནི་ང་ཚོས་ཟས་གཡོ་སྐོལ་དང་ལས་ཀ་ལས་པའི་སྐབས་སུ་རྒྱུན་དུ་སྤྱོད་བཞིན་པའི་འཚོ་བའི་ཡོ་བྱད་ཅིག་ཡིན།

རིགས་དབྱེ།  

ལྕང་སྐྱའི་ལྷམ་འདེབས།

ལྕང་སྐྱའི་ལྷམ་འདེབས་རྣམས་ཞིང་ཆེན་ཕྱི་ནང་ཀུན་གྱི་རོང་འབྲོག་ཁུལ་སོ་སོར་ཕྱིན་ཏེ། མི་རིགས་ཀྱི་ཁྱད་ཆོས་དང་མཐུན་པའི་དགུན་ལྷམ་དང་དབྱར་ལྷམ་སྣ་ཚོགས་བཏབ་ནས་ཀུན་གྱི་དགོས་འདོད་བསྐངས་ཤིང་ཡིད་ཆེས་ཀྱི་དགའ་བསུ་ཐོབ་པ་མ་ཟད། རེབ་གོང་ལྕང་སྐྱའི་ལྷམ་འདེབས་ཀྱིས་བཏབ་པའི་ལྷམ་ལ་ཡུལ་མི་ཚོས་གདེང་འཇོག་མཐོན་པོ་གནང་བར་བརྟེན། རྨ་ལྷོ་ཁུལ་རེབ་གོང་རྫོང་ལྕང་སྐྱའི་ལྷམ་འདེབས་ཀྱི་སྙན་གྲགས་ཀྱང་མདོ་ཁམས་ཀུན་ཏུ་རྣམ་པར་གྲགས་པ་རེད།

རིགས་དབྱེ།  

ཧེ་རུ་ཀའི་ཆས།

​གསུང་སྔགས་ལས་གསུངས་པའི་ཆས་རྣམས་ལ་སྔགས་ཆས་ཟེར་ཞིང་། རུས་པའི་དབུ་རྒྱན་དང༌། རྣ་རྒྱན། མགུལ་རྒྱན། མཆོད་ཕྱིར་ཐོགས། ལག་གདུབ། རྐང་གདུབ་སྟེ་རུས་པའི་རྒྱན་དྲུག་དང༌། གཙུག་ཏོར་སྟག་ཤམ་སོགས་ལ་ཧེ་རུ་ཀའི་ཆས་ཟེར།

རིགས་དབྱེ།