ཡོངས་འཛིན་རིག་མཛོད། >འཚོ་བ། >རྒྱན་གོས། >བོད་ཀྱི་རྒྱན་གོས།

མི་ཉག་རྒྱན་གོས།

འཛམ་གླིང་ཡང་རྩེར་གནས་པའི་མཐོ་སྒང་བོད་ཀྱི་ར་བར། གངས་དཀར་རི་བོའི་སྙན་གྲགས་མདོ་ཁམས་ཀུན་ལ་ཁྱབ་ཅིང་། སྔོ་ལྗང་གཡུ་ཡི་མེ་ལོང་འདྲ་བའི་རྩྭ་ཐང་སྟེང་དུ་གནས་རི་བཞག་བྲ་མགོན་པོས་བརྗིད་ཉམས་སྟོན། ས་ཡི་དགེ་བཅུ་ཚང་བའི་ཡུལ་གྲུ་འདིར་ཁམས་པའི་ཕོ་རྒོད་དག་གིས་སྙན་དབྱངས་དང་ཞབས་བྲོ། རྟ་རྩེད་སོགས་ཀྱི་རྩེད་འཇོ་ཅི་དགར་རོལ། གནའ་བོའི་ཇ་འདྲེན་བརྡལ་ལམ་བརྒྱུད་ཡུལ་དུ་འཚོ་གནས་བྱེད་པའི་ཁམས་པའི་ཕོ་རྒོད་ཀྱི་སྐྲའི་རྒྱན་ཆའི་གྲངས་ནི་ལྔ་དང་བདུན་དགུ་བཅས་བཀྲ་ཤིས་པའི་གྲངས་ཀ་ལྡན་པས། ས་གནས་དེ་གའི་གནའ་བོའི་ལུགས་སྲོལ་མཚོན། རྒྱ་མཚོ་ལས་བྱུང་བའི་བྱུ་རུ་དང་། རང་བྱུང་ཁམས་ཀྱི་ནུས་པ་མཚོན་པའི་གཟི། དེ་དག་ལས་གྲུབ་པའི་རིན་པོ་ཆེའི་ཕྲེང་བ་སོགས་ཀྱིས་ལུས་ལ་མངོན་པར་བརྒྱན་ཡོད།

རིགས་དབྱེ།  

བོད་ཀྱི་རྒྱན་གོས།

གོས་རྒྱན་ནི་མིའི་རིགས་ཀྱི་འཚོ་བའི་ཐོན་དངོས་ཤིག་དང་ས་ཁོངས་སམ་ཡང་ན་མི་རིགས་ཀྱི་འཚོ་བའི་སྤྲོ་སྣང་དང་དེ་བཞིན་མཛེས་དཔྱོད་ལྟ་ཚུལ་མངོན་པ་ཞིག་ཡིན་ལ། དེང་གི་མིའི་རིགས་ཀྱིས་རང་ཉིད་ཀྱི་རིག་གནས་སྒྱུ་རྩལ་རྩོམ་པ་དང་ཆབས་ཅིག མི་རིགས་སོ་སོའི་གོས་རྒྱན་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་བསྩལ་འདུག མདོ་དབུས་མཐོ་སྒང་དུ་འཚོ་གནས་བྱེད་བཞིན་པའི་བོད་མི་རིགས་ཀྱིས་ཡུན་རིང་གི་ལོ་རྒྱུས་འཕེལ་རིམ་ནང་ས་ཁམས་དང་། གནམ་གཤིས། འཚོ་བ་སྐྱེལ་སྟངས་བཅས་དང་རིན་ཐང་ལྟ་བ་སོགས་ཀྱི་ཆ་རྐྱེན་ལ་བརྟེན་ནས་རང་རིགས་ཀྱི་གོས་རྒྱན་རིག་གནས་གསར་གཏོད་བྱས་ཡོད། སྤྱིའི་ཆ་ནས་བལྟས་ན་བོད་རིགས་ཀྱི་གོས་རྒྱན་ཕལ་ཆེར་འདྲ་ལ་ཆུང་སར་ཁྱད་པར་ཡོད་ཅིང་། སྐྱེས་པས་གཟི་ཉམས་ལྡན་པ་དང་། ཞེང་ཁ་ཆེ་བ། སྐྱིད་སྣང་དོད་པ་བཅས་ཀྱི་གྱོན་ཆས་ལ་དང་དོད་བྱེད་པ་དང་། བུད་མེད་ཀྱིས་དབྱིབས་ཆུང་ལ་སྤུས་དག་པ་དང་། མཛེས་སྡུག་ལྡན་པ། ལྟ་སྣང་དོད་ལ་ཉམས་དགའ་བཅས་ལ་དང་དོད་བྱེད་ཀྱི་ཡོད། རང་རྒྱལ་གྱི་བོད་རིགས་འཚོ་གནས་བྱེད་པའི་ས་ཁོངས་རྒྱ་ཆེ་བས་ལུང་ཤུར་རེར་རང་སོ་སོའི་ཁྱད་ཆོས་ལྡན་པའི་རྒྱན་གོས་རིག་གནས་རེ་ཡོད་པ་རེད།

རིགས་དབྱེ།  

བོད་ལྷམ།

བོད་ལྷམ་ནི་འབྲོག་ཁུལ་དུ་འཚོ་སྡོད་བྱས་པའི་བོད་རིགས་དང་། སོག་རིགས་མི་དམངས་ཀྱི་མེད་དུ་མི་རུང་བའི་སྤྱོད་ཆས་ཤིག་ཡིན་ཞིང་། དུས་ཡུན་རིང་པོའི་འཕེལ་རིམ་བྱས་པ་བརྒྱུད་དེ་བས་མཛེས་ཤིང་སྤུས་ལེགས་པ་དང་། ལུགས་དང་མཐུན་པ། དངོས་བཀོལ་ལྡན་ཏེ་འབྲོག་པ་མང་ཚོགས་རྣམས་དམིགས་བསལ་གྱི་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་འོག་ཐོན་སྐྱེད་དང་། འཚོ་བའི་དགོས་མཁོ་དང་འཚམ་ཐུབ་པར་བྱས་ཏེ་དགའ་བསུ་ཆེན་པོ་འཐོབ་ཀྱི་ཡོད།

རིགས་དབྱེ།  

འབྲི་གུང་གི་ཞྭ་མོ།

དུས་རབས་བརྒྱད་པའི་སྐབས་སུ་སློབ་དཔོན་པདྨ་འབྱུང་གནས་གཏེར་སྒྲོམ་གྲོང་ཚོར་ཕེབས་པས་ཡུལ་དེའི་དགེ་འདུན་པ་ཚོས་སློབ་དཔོན་གྱི་རྗེས་འཇུག་པའི་ཚུལ་དུ་ཚོས་མདོག་དམར་པོ་གཞིར་བྱས་པའི་ཐོག་གོས་ཆེན་སེར་པོ་དང་། མཐའ་སྒྲིལ་དུ་གསེར་སྐུད་བཏང་བའི་སྣམ་བུའི་ཞྭ་མོ་ཞིག་གྱོན་པས། འབྲི་གུང་ཁུལ་གྱི་བུད་མེད་ཀྱིས་སྣམ་བུའི་ཞྭ་མོའི་བཟོ་ལྟ་དེར་དཔེ་བལྟས་ནས་བཟོས་པ་ཞིག་ཡིན།

རིགས་དབྱེ།  

གོ་ལྷམ།

ནོར་གྱི་ཀོ་བ་ལས་བཟོས་པའི་ལྷམ་ཞིག་ཡིན་ཏེ། འདི་ལ་རིགས་མང་དེ། དབྱར་ལྷམ་དང་། དགུན་ལྷམ། ཕྱོར་ལྷམ་སོགས་ཡོད།

རིགས་དབྱེ།  

སློག་པ།

རྒྱུ་གཙོ་བོ་ལུག་གི་པགས་པ་ལས་བཟོས་པའི་རྒྱན་གོས་རིགས་ཤིག་སྟེ། དབྱར་གྱི་དུས་སུ་གྱོན་ན་ཧ་ཅང་བསིལ་ལ། དགུན་གྱི་དུས་སུ་གྱོན་ན་དྲོད་སྐྱེད་ཀྱི་ནུས་པ་ལྡན་པའི་ཁྱད་པར་བའི་ལྭ་བ་ཞིག

རིགས་དབྱེ།  

ཚེ་རིང་སྐྱིན་ཁེབས།

ཞྭ་མོ་འདི་ནི་བོད་དབུས་གཙང་ཁུལ་གྱི་སྐྱེས་པ་ཚོས་དགུན་དུས་གྱོན་པའི་ཞྭ་ཞིག་ཡིན།

རིགས་དབྱེ།  

ཡང་ཞྭ།

བོད་དབུས་གཙང་ཁུལ་གྱི་བུད་མེད་ཚོས་གྱོན་རྒྱུའི་དགུན་དུས་ཀྱི་ཞྭ་མོ་ཞིག་ཡིན།

རིགས་དབྱེ།  

ཕྱིང་ཞྭ།

འདི་ནི་གནའ་དུས་བོད་མི་ཚོས་དབྱར་དུས་གྱོན་པའི་ཞྭ་མོ་ཞིག་ཡིན།

རིགས་དབྱེ།  

ཚར་ཞྭ།

བོད་ཀྱི་བྱང་འབྲོག་ས་ཁུལ་གྱི་འབྲོག་པ་ཕོ་མོ་ཚོས་གྱོན་པའི་ཞྭ་ཞིག་ཡིན།

རིགས་དབྱེ།  

སོག་ཞྭ།

སྔར་བོད་ཀྱི་མི་དྲག་ཚོའི་ཞབས་ཕྱིའམ་གཡོག་པོ་ཚོས་གྱོན་རྒྱུའི་ཞྭ་མོ་ཞིག་ཡིན།

རིགས་དབྱེ།  

ཨར་ཞྭའམ་ཕྱིང་ཞྭ་རྩེ་རིང་།

བོད་ཀྱི་མདོ་སྨད་རེབ་གོང་ལ་སོགས་པའི་ས་ཁུལ་མི་ཉུང་བ་ཞིག་གི་ཕོ་མོ་ཚོས་དང་ཞེན་ཆེན་པོ་བྱེད་པའི་དབྱར་དུས་ཀྱི་ཞྭ་མོ་ཞིག་ཡིན།

རིགས་དབྱེ།  

ཝ་ལྤགས་ཀྱི་ཞྭ་མོ།

དེ་ནི་ཝ་ལྤགས་ལས་བཟོས་པ་ཞིག་ཡིན་པར་བརྟེན་མིང་ལའང་ཝ་ཞྭ་ཞེས་གྲགས།

རིགས་དབྱེ།  

ཀོང་ཞྭ།

ཞྭ་མོ་འདི་ནི་ཀོང་པོའི་ཡུལ་གྱི་སྐྱེས་པ་ཚོས་རྒྱུན་དུ་གྱོན་སྲོལ་ཡོད་པའི་ཞྭ་མོ་ཞིག་ཡིན།

རིགས་དབྱེ།  

བྱ་ཞྭ།

འདི་ནི་ཀོང་པོའི་ཡུལ་གྱི་བུད་མེད་ཚོས་གྱོན་པའི་ཞྭ་མོ་ཞིག་ཡིན།

རིགས་དབྱེ།  

སྤུན་དོག་ཞྭ་མོ།

ཞྭ་མོ་འདི་ནི་དུས་ཕྱིས་སུ་དར་ཁྱབ་བྱུང་བའི་ཞྭ་མོ་དྲོད་ཅན་ཞིག་ཡིན།

རིགས་དབྱེ།  

ལྤགས་ཞྭ།

སེམས་ཅན་གཡི་ལ་སོགས་པའི་པགས་པས་བཟོས་པ་ཞིག་ཡིན།

རིགས་དབྱེ།  

སྐལ་བཟང་ཉི་གྲོལ།

ཐོག་མར་བོད་དབུས་ཁུལ་དུ་བོད་ཟླ་བཞི་བ་ལྔ་བའི་ནང་ཉི་མ་ཧ་ཅང་ཚ་པོ་ཡོད་པའི་སྐབས་དེར་མི་རྣམས་གླིང་སྐོར་སོགས་ལ་བསྐྱོད་སྐབས་གྱོན་སྲོལ་ཡོད་པའི་ཞྭ་མོ་ཞིག་ཡིན།

རིགས་དབྱེ།  

རྒྱ་གར་ཞྭ་མོ།

ཞྭ་མོ་འདིའི་རྒྱུ་ཕྱིང་པ་ཡིན་ཞིང་བཟོ་ལྟ་ནི་བོད་ཀྱི་ཕྱིང་ཞྭ་ལས་ཕྲན་བུ་མཛེས་ལ་སྤུས་ཀ་དག་པ་ཡོད།

རིགས་དབྱེ།  

སེར་གཟེང་།

ཞྭ་མོ་འདི་སྤུན་དོག་དང་སྣམ་བུ་ལས་བཟོས་པའི་ཞྭ་མོ་ཞིག་ཡིན།

རིགས་དབྱེ།  

ཧྲིལ་མོ།

འདི་ནི་གཙང་སྟོད་ལྷ་རྩེ་དང་ངམ་རིང་། ས་སྐྱ་སོགས་གཙང་ཁུལ་གྱི་བུད་མེད་ཚོས་རྒྱུན་དུ་གྱོན་རྒྱུའི་ཞྭ་མོ་བེད་སྤྱོད་ཅན་ཞིག་ཡིན།

རིགས་དབྱེ།  

ཇོ་ཞྭ།

འདི་ནི་སྤུ་ཧྲེང་ཁུལ་གྱི་བུད་མེད་ཚོས་རྒྱུན་དུ་གྱོན་པའི་ཞྭ་མོ་ལོ་རྒྱུས་དམིགས་བསལ་ཅན་ཞིག་ཡིན།

རིགས་དབྱེ།  

ཉི་གཡབ་བམ་ཉི་སྒྲིབ།

འདི་ནི་མངའ་རིས་འབྲོག་སྡེ་ཁུག་གྱི་བུད་མེད་ཚོའི་དབྱར་དུས་ཀྱི་ཞྭ་མོ་སྟབས་བདེ་ཞིག་ཡིན།

རིགས་དབྱེ།  

བྲེ་ལྔའམ་སོག་ཞྭ།

འདི་ནི་མངའ་རིས་རོང་ཆུང་ཁུལ་དུ་ཤོན་ཞེས་པ་འཁྲབ་སྐབས་སྐྱེས་པ་ཚོས་གྱོན་པའི་ཞྭ་མོ་ཞིག་ཡིན།

རིགས་དབྱེ།  

ཚར་ཞྭ་ཐོད་བསླངས།

ཞྭ་མོ་འདི་ནི་མངའ་རིས་འབྲོག་སྡེ་ཁུལ་གྱི་བུད་མེད་ཚོས་དགུན་ཁའི་དུས་སུ་གྱོན་པའི་ཞྭ་མོ་ཞིག་ཡིན།

རིགས་དབྱེ།  

འཕྱོངས་རྒྱས་ཞྭ་མོ།

འདི་ནི་ལྷོ་ཁ་འཕྱོངས་རྒྱས་ཁུལ་གྱི་བུད་མེད་ཚོས་གྱོན་སྲོལ་ཡོད་པའི་ཞྭ་མོ་ཞིག་ཡིན།

རིགས་དབྱེ།  

དགའ་འཁྱིལ་ཞྭ་མོ།

ཞྭ་མོ་འདི་ནི་མདོ་སྟོད་ཏྲེ་ཧོར་ཁམས་པའི་ཞྭ་མོ་ཞིག་ཡིན།

རིགས་དབྱེ།  

ཨ་མདོ་དཔའ་རིས་ཁུལ་གྱི་ཕྱིང་ཞྭ།

ཨ་མདོ་དཔའ་རིས་དགོན་ལུང་ཞེས་པའི་ས་ཁུལ་གྱི་སྐྱེས་པ་ཚོས་དབྱར་དུས་ཕྱིང་དཀར་གྱིས་བཟོས་པའི་ཞྭ་མོ་ཞིག

རིགས་དབྱེ།  

ཨ་མདོ་དཔའ་རིས་ཁུལ་གྱི་བུད་མེད་ཀྱི་ཞྭ་མོ།

ཞྭ་མོ་འདི་ནི་ཨ་མདོ་དཔའ་རིས་དགོན་ལུང་གི་བུད་མེད་ཚོས་གྱོན་པ་ཞིག་ཡིན།

རིགས་དབྱེ།  

བྲག་གཡབ་སོག་ཞྭ།

འདི་ནི་ཁམས་ཁུལ་དུ་བྲོ་ཆེན་འཁྲབ་སྐབས་གྱོན་སྲོལ་ཡོད་པའི་ཞྭ་མོ་ཞིག་ཡིན།

རིགས་དབྱེ།