ཡོངས་འཛིན་རིག་མཛོད། >འཚོ་བ། >རྒྱན་གོས།

སོག་རིགས་ཀྱི་རྒྱན་གོས།

སོག་པོ་མི་རིགས་ཀྱི་རྒྱན་གོས་གཙོ་བོ་ནི་ལྭ་རིང་ཡིན་པ་དང་། ཁུལ་མི་འདྲ་བའི་དབང་གིས་གོན་པའི་རིགས་ཀྱང་མི་འདྲ་བ་ཡོད་དེ། བུད་མེད་དག་གི་ལྭ་རིང་ལ་དཔེར་ན། ཁུ་ཨར་ཆིན་ས་ཁུལ་དང་ཁཱ་ལ་ཆིན་ས་ཁུལ་གྱི་སོག་པོ་མི་རིགས་ལ་མན་ཇི་མི་རིགས་ཀྱི་ཤན་ཤུགས་ཐེབས་པ་དང་། ཁོབ་ཆེ་ལ་རྐང་བའི་བར་ཐོན་པའི་ལྭ་རིང་གྱོན་པ་ཤས་ཆེ་ལ། ལྭ་རིང་དེའི་གོང་ཁ་དང་སྒྲོག་ལུང་གི་འགྲམ་དུ་ཁ་དོག་སྣ་ཚོགས་ཅན་གྱི་མེ་ཏོག་གིས་བརྒྱན་ཡོད། དབྱི་ལིན་གོ་ལིའི་རྩྭ་ཐང་གི་སོག་རིགས་ཀྱིས་གཞོགས་གཉིས་སོ་སོར་ཕྱེས་མེད་པའི་སོག་ལྭ་རིང་པོ་གྱོན་པ་དང་།

རིགས་དབྱེ།   འཚོ་བ།རྒྱན་གོས།

མེ་ཆ།

མེ་ཆ་ནི་གནའ་སྔ་མོར་མེ་སྦར་བྱེད་ཀྱི་ཡོ་བྱད་ཅིག་སྟེ། མེ་ཆ་ནི་ལྕགས་ལེབ་ཅིག་དང་རྡེལ་དཀར་ཞིག སྤྲ་བ་ཞིག་བཅས་ལས་གྲུབ་པ་ཡིན་ལ་བོད་ཀྱི་མེ་ཆ་འདི་ལ་ཡང་གཞན་དང་ཐུན་མོང་མ་ཡིན་པའི་རང་ཉིད་ཀྱི་སྤྱོད་སྒོ་དང་རང་ཉིད་ཀྱི་རིན་ཐང་ལྡན་པར་མ་ཟད། དེའི་ཚན་རིག་གི་རང་བཞིན་དང་གསར་གཏོད་ཀྱི་རང་བཞིན་ཡང་དེང་གི་ང་ཚོའི་གནས་སྟངས་དང་བསྡུར་ནས་གླེང་ན་སྔོན་ཐོན་ཞེས་གླེང་ཆོག་ཆོག་ཡིན་ནོ།། རྒྱ་ཡིག་གི་མིང་། 火镰 རིགས་དབྱེ། ལག་ཆ། ངོ་སྤྲོད། བོད་ཀྱི་མེ་ཆ་འདི་ལ་ཡང་གཞན་དང་ཐུན་མོང་མ་ཡིན་པའི་རང་ཉིད་ཀྱི་སྤྱོད་སྒོ་དང་རང་ཉིད་ཀྱི་རིན་ཐང་ལྡན་པར་མ་ཟད། དེའི་ཚན་རིག་གི་རང་བཞིན་དང་གསར་གཏོད་ཀྱི་རང་བཞིན་ཡང་དེང་གི་ང་ཚོའི་གནས་སྟངས་དང་བསྡུར་ནས་གླེང་ན་སྔོན་ཐོན་ཞེས་གླེང་ཆོག་ཆོག་རེད། དེས་ན་གཤམ་ལ་བོད་རང་གི་སྲོལ་རྒྱུན་ཉེར་མཁོའི་ཡོ་བྱད་ད་ལྟ་སྟོངས་ལ་ཉེ་བ་དག་ལས་མེ་ཆ་ངོ་སྤྲོད་ཅིག་བྱེད།

རིགས་དབྱེ།   འཚོ་བ།རྒྱན་གོས།

སློག་པ།

རྒྱུ་གཙོ་བོ་ལུག་གི་པགས་པ་ལས་བཟོས་པའི་རྒྱན་གོས་རིགས་ཤིག་སྟེ། དབྱར་གྱི་དུས་སུ་གྱོན་ན་ཧ་ཅང་བསིལ་ལ། དགུན་གྱི་དུས་སུ་གྱོན་ན་དྲོད་སྐྱེད་ཀྱི་ནུས་པ་ལྡན་པའི་ཁྱད་པར་བའི་ལྭ་བ་ཞིག མིང་གཞན་ལ། རྩག་པ ཁོངས་གཏོགས། འཚོ་བའི་མཁོ་ཆས། ངོ་སྤྲོད།  འདི་ནི་བོད་ཀྱི་རྒྱན་གོས་གཙོ་བོ་ཞིག་སྟེ། རྒྱུ་གཙོ་བོ་ལུག་པགས་ལས་བཟོས་པ་ཞིག་ཡིན། གྲང་འགོག་དྲོད་སྐྱེད་ཀྱི་ནུས་པ་ཕུན་སུམ་ཚོགས་པོ་ཡོད། དབྱར་གྱི་དུས་སུ་གྱོན་ན་ཧ་ཅང་བསིལ་ལ། དགུན་གྱི་དུས་སུ་གྱོན་ན་དྲོད་སྐྱེད་ཀྱི་ནུས་པ་ལྡན་པའི་ཁྱད་པར་བའི་ལྭ་བ་ཞིག དེ་ལ་རིགས་སྣ་ཚོགས་ཡོད་དེ། དབྱར་རྩག

རིགས་དབྱེ།   འཚོ་བ།རྒྱན་གོས།

ཨ་རྨོག་རྒྱལ་ལེ་ཐོད་དཀར།

འདི་ནི་སྔ་མོ་བཙན་པོའི་སྐབས་ཀྱི་བོད་དམག་ཚོས་གྱོན་རྒྱུའི་ཞྭ་ཞིག་རེད། རྒྱུ་ཆ། ལྕགས་རིགས། མིང་གི་རྣམ་གྲངས། མགོ་སྐྱོབ་དང་། ལྕགས་ཞུ། རྨོག་ཞུ། ཡ་ལད། རིགས་དབྱེ། རྨོག་ཆེན་དང་རྨོག་ཆུང་། རིགས། དམག་ཞྭ། དུས་སྐབས། བོད་བཙན་པོའི་སྐབས། ངོ་སྤྲོད་མདོར་བསྡུས། འདི་ནི་སྔ་མོ་བཙན་པོའི་སྐབས་ཀྱི་བོད་དམག་ཚོས་གྱོན་རྒྱུའི་ཞྭ་ཞིག་རེད། སྔར་བོད་ཀྱི་དམག་མི་ཚོས་རང་སྲུང་གི་ཆེད་དུ་མགོ་ལ་རྨོག་དང་ལུས་ལ་ཁྲབ་གྱོན་པ་དང་། ཕ་རོལ་དགྲ་སྡེ་ཕམ་ཉེས་གཏོང་ཆེད་འཁོར་གསུམ་གོ་ལག་ཐོགས་ཏེ་དམར་འཛིང་བྱེད་ཀྱིན་ཡོད།

རིགས་དབྱེ།   འཚོ་བ།རྒྱན་གོས།

མདོ་སྨད་ཀྱི་ཞྭ་མོ།

བོད་ཀྱི་མདོ་སྨད་ས་ཁུལ་ཁ་ཤས་ཀྱི་བུད་མེད་ཚོས་གྱོན་པའི་ཞྭ་མོ་ཞིག་ཡིན་འདུག རྒྱ་ཡིག་གི་མིང་། 脱思麻帽 རིགས། བུད་མེད་ཀྱི་ཞྭ་མོ། ས་ཁུལ། མདོ་སྨད། རྒྱུ་ཆ། རས་དང་ཚ་རུ། ངོ་སྤྲོད། ཞྭ་མོ་འདི་ནི་བོད་ཀྱི་མདོ་སྨད་ས་ཁུལ་ཁ་ཤས་ཀྱི་བུད་མེད་ཚོས་གྱོན་པའི་ཞྭ་མོ་ཞིག་ཡིན་འདུག འོན་ཀྱང་མདོ་སྨད་ས་ཁུལ་གང་གི་བུད་མེད་ཚོས་གྱོན་པ་དང་དབྱར་དགུན་གཉིས་ཀྱི་དུས་སུ་གྱོན་པ། ཞྭ་དེའི་མིང་ལ་གང་ཟེར་གསལ་བོར་མི་ཤེས།

རིགས་དབྱེ།   འཚོ་བ།རྒྱན་གོས།

ཨ་མདོ་དཔའ་རིས་ཁུལ་གྱི་བུད་མེད་ཀྱི་ཞྭ་མོ།

ཞྭ་མོ་འདི་ནི་ཨ་མདོ་དཔའ་རིས་དགོན་ལུང་གི་བུད་མེད་ཚོས་གྱོན་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 安多华瑞地区的妇女帽 རྒྱུ་ཆ། ཕྱིང་བ། ས་ཁུལ། དཔའ་རིས་དགོན་ལུང་། གྱོན་མཁན། བུད་མེད། དུས་ཚིགས། དབྱར་ཁ། ངོ་སྤྲོད། ཞྭ་མོ་འདི་ནི་ཨ་མདོ་དཔའ་རིས་དགོན་ལུང་གི་བུད་མེད་ཚོས་གྱོན་པ་ཡིན། ས་ཁུལ་དེའི་བུད་མེད་ཚོའི་དབྱར་ཞྭ་དང་། སྐྱེས་པ་ཚོའི་དབྱར་ཞྭའི་དབར་བཟོ་དབྱིབས་ལ་དབྱེ་བ་ཕྲན་བུ་ཡོད་པ་ལས་བཟོ་བྱེད་ཀྱི་རྒྱུ་ཆ་ལ་དབྱེ་བ་གང་ཡང་མེད།

རིགས་དབྱེ།   འཚོ་བ།རྒྱན་གོས།

དགའ་འཁྱིལ་ཞྭ་མོ།

ཞྭ་མོ་འདི་ནི་མདོ་སྟོད་ཏྲེ་ཧོར་ཁམས་པའི་ཞྭ་མོ་ཞིག་ཡིན། རྒྱ་ཡིག་གི་མིང་། 喜旋帽 ཞྭ་དབྱིབས། རྔ་དབྱིབས། ས་ཁུལ། མདོ་སྟོད་ཏྲེ་ཧོར་ཁམས་པ། མིང་གི་འབྱུང་ཁུངས། རྒྱབ་ཏུ་ནོར་བུ་དགའ་འཁྱིལ་གྱི་རི་མོ་ལྡན་པ། ངོ་སྤྲོད། ཞྭ་མོ་འདི་ནི་མདོ་སྟོད་ཏྲེ་ཧོར་ཁམས་པའི་ཞྭ་མོ་ཞིག་ཡིན། ཞྭ་མོ་འདིའི་དབྱིབས་ནི་རྔ་ཤུབས་དང་འདྲ་ཞིང་། ལྟག་རྒྱབ་ཏུ་ནོར་བུ་དགའ་འཁྱིལ་གྱི་རི་མོ་ལྡན་ཡོད། ཞྭ་མོ་འདིའི་མདུན་ངོས་སུ་ཞེང་བའི་རས་དམར་གྱིས་མཐའ་སྒོར་བཏང་ཡོད།

རིགས་དབྱེ།   འཚོ་བ།རྒྱན་གོས།

མོན་པའི་བུད་མེད་ཀྱི་ཞྭ་མོ།

བོད་ཀྱི་ལྷོ་ཕྱོགས་སུ་འཚོ་སྡོད་བྱེད་བཞིན་པའི་མོན་པ་ཕོ་མོ་ཚོས་གྱོན་པའི་ཞྭ་ཞིག་ཡིན། རྒྱ་ཡིག་གི་མིང་། 门巴族妇女帽 རྒྱུ་ཆ། སྣམ་བུ། མི་རིགས། མོན་པ། ངོ་སྤྲོད། བོད་ཀྱི་ལྷོ་ཕྱོགས་སུ་འཚོ་སྡོད་བྱེད་བཞིན་པའི་མོན་པ་ཕོ་མོ་ཚོས་སྣམ་བུ་དམར་ཚོས་ཀྱི་ཕྱུ་པ་གྱོན་ཞིང་། ཞྭ་ཆུང་གཞི་དམར་པོའི་སྟེང་མཐའ་རྒྱན་ལི་ཁྲིའི་མདོག་ཅན་བཏང་བ་གྱོན་པའམ་ཡང་ན་ཕྱིང་པ་ལས་བྱས་པའི་ཞྭ་ནག་པོ་གྱོན་གྱིན་ཡོད།

རིགས་དབྱེ།   འཚོ་བ།རྒྱན་གོས།

ཉི་གཡབ་བམ་ཉི་སྒྲིབ།

འདི་ནི་མངའ་རིས་འབྲོག་སྡེ་ཁུག་གྱི་བུད་མེད་ཚོའི་དབྱར་དུས་ཀྱི་ཞྭ་མོ་སྟབས་བདེ་ཞིག་ཡིན། རྒྱུ་ཆ། རས། ས་ཁུལ། མངའ་རིས། གྱོན་མཁན། བུད་མེད། ཁྱད་ཆོས། ཉི་སྒྲིབ། དུས་ཚིགས། དབྱར་ཁ། ངོ་སྤྲོད། ཞྭ་མོ་འདི་ནི་མངའ་རིས་འབྲོག་སྡེ་ཁུག་གྱི་བུད་མེད་ཚོའི་དབྱར་དུས་ཀྱི་ཞྭ་མོ་སྟབས་བདེ་ཞིག་ཡིན། ཞྭ་མོ་འདིའི་རྒྱབ་ངོས་སུ་ཐག་སྐུད་ཀྱི་ལུང་ཞིག་ཡིད་པ་དེ་ལྟག་རྒྱབ་ཀྱི་རྒྱན་ཆར་བསྐོན་ནས་ཞྭ་ལྟེ་ལྟ་བུའི་ལྷེབ་ལྷེབ་རི་མོ་ཅན་དེ་ཐོད་པའི་སྟེང་དུ་གྱོན་སྐབས། གྱོན་བདེ་བ་དང་མཛེས་པར་མ་ཟད། ཉི་མའང་སྒྲིབ་ཀྱི་ཡོད་པས་ཁྱད་ཆོས་དུ་མ་ལྡན་པའི་དབྱར་ཞྭ་ཞིག་ཡིན་ནོ། །

རིགས་དབྱེ།   འཚོ་བ།རྒྱན་གོས།

ཁལ་ཁ་རྗེ་བཙུན་དམ་པའི་ལྤགས་ཞྭ།

དབུ་ཞྭ་འདི་ནི་ཁལ་ཁ་རྗེ་བཙུན་དམ་པ་དགུན་དུས་ཕྱོགས་སྐྱོད་དུ་ཕེབས་སྐབས་གྲང་སྐྱོབ་ཀྱི་ཚུལ་དུ་བཞེས་པའི་དབུ་ཞྭ་ཞིག་ཡིན། རྒྱ་ཡིག་གི་མིང་། 哲布尊丹巴的皮帽 གྲུབ་མཐའ། དགེ་ལུགས་པ། རྒྱུ་ཆ། དུད་འགྲོའི་པགས་པ་དང་བྱུ་རུ། མུ་ཏིག སྤོས་ཤེལ། གོས་ཆེན། ངོ་སྤྲོད། དབུ་ཞྭ་འདི་ནི་ཁལ་ཁ་རྗེ་བཙུན་དམ་པ་དགུན་དུས་ཕྱོགས་སྐྱོད་དུ་ཕེབས་སྐབས་གྲང་སྐྱོབ་ཀྱི་ཚུལ་དུ་བཞེས་པའི་དབུ་ཞྭ་ཞིག་ཡིན། རྒྱུ་ཆ་གཙོ་བོ་དུད་འགྲོའི་པགས་པ་དང་། དེའི་ཕྱི་ཤར་གོས་ཆེན་སེར་པོའི་སྟེང་སྐུད་པ་སྔོ་སྐྱ་དང་། དཀར་པོས་སྤྲིན་རིས་སོགས་ཀྱིས་བརྒྱན་ཡོད་པ་དང་།

རིགས་དབྱེ།   འཚོ་བ།རྒྱན་གོས།

པཎ་ཞྭ་རྣ་ཐུང་།

དབུ་ཞྭ་འདི་ནི་རྗེ་བཙུན་ཏ་ར་ན་ཐས་བཞེས་པའི་དབུ་ཞྭ་ཞིག་ཡིན། རྒྱ་ཡིག་གི་མིང་། 短耳通人冠 གྲུབ་མཐའ། ཇོ་ནང་པ། མཚོན་དོན། སྡེ་སྣོད་གསུམ་ལ་བྱང་ཆུབ་པ་མཚོན། ངོ་སྤྲོད། དབུ་ཞྭ་འདི་ནི་རྗེ་བཙུན་ཏ་ར་ན་ཐས་བཞེས་པའི་དབུ་ཞྭ་ཞིག་ཡིན། དབུ་ཞྭ་འདི་ནི་པཎ་ཞྭའི་རིགས་ཤིག་ཡིན་པ་ལ། ཞྭ་རྣ་ཧ་ཅང་ཐུང་བས་པཎ་ཐུང་ངམ་པཎ་ཞྭ་རྣ་ཐུང་དུ་གྲགས། ནང་པའི་རི་ཁྲོད་པ་ཕལ་མོ་ཆེས་པཎ་ཞྭ་རྣ་ཐུང་འདི་བཞེས་སྲོལ་དར་ཁྱབ་ཆེ་ཙམ་ཡོད། ལོགས་སུ་ཞྭ་རིས་དམར་པོ་གསུམ་གྱིས་བརྒྱན་པ་དེ་དག་ནི་སྡེ་སྣོད་གསུམ་ལ་བྱང་ཆུབ་པའི་དོན་མཚོན་ཞིང་། ཞྭ་རྣ་ཐུང་བ་དེས་ང་རྒྱལ་གྱི་གཉེན་པོ་མཚོན་ནོ།།

རིགས་དབྱེ།   འཚོ་བ།རྒྱན་གོས།

སྐྲ་གཟེད།

རབ་བྱུང་གི་འཚོ་བའི་ཡོ་བྱད་བཅུ་གསུམ་གྱི་ནང་གསེས་ཤིག་སྟེ། དགེ་སློང་གི་སྐྲ་གཞར་སྐབས་ཆོས་གོས་སྲུང་བའི་ཆེད་དུ་གྱོན་རྒྱུའི་གོས། སྲིད་དུ་ཁྲུ་གསུམ་དང་ཞེང་ཁྲུ་ཕྱེད་དང་དོ་ཡོད་པ་ཞིག་གི་གོས་ལ་ཟེར། རྒྱ་ཡིག་གི་མིང་། 剃发衣 ཁོངས་གཏོགས། འཚོ་བའི་ཡོ་བྱད་བཅུ་གསུམ་གྱི་ནང་གསེས། འབྲི་སྲོལ་གཞན། སྐྲ་བཟེད། ངོ་སྤྲོད། རབ་བྱུང་གི་འཚོ་བའི་ཡོ་བྱད་བཅུ་གསུམ་གྱི་ནང་གསེས་ཤིག་སྟེ། དགེ་སློང་གི་སྐྲ་གཞར་སྐབས་ཆོས་གོས་སྲུང་བའི་ཆེད་དུ་གྱོན་རྒྱུའི་གོས། སྲིད་དུ་ཁྲུ་གསུམ་དང་ཞེང་ཁྲུ་ཕྱེད་དང་དོ་ཡོད་པ་ཞིག་གི་གོས་ལ་ཟེར།

རིགས་དབྱེ།   འཚོ་བ།རྒྱན་གོས།

ཚངས་སྐུད།

གསང་སྔགས་མ་རྒྱུད་ཀྱི་རྒྱན་ཆའི་གྲས་ཤིག རྒྱ་གར་དུ་མུ་སྟེགས་པས་ཚངས་པ་ལ་དད་པ་མཚོན་བྱེད་ཀྱི་སྐུད་པ་སྒོམ་ཐག་ལྟར་གྱོན་པ་ཡིན་པས་དེ་ལྟར་ཐོགས། རྒྱ་ཡིག་གི་མིང་། 梵绳 ཁོངས་གཏོགས། གསང་སྔགས་མ་རྒྱུད་ཀྱི་རྒྱན་ཆ་ཞིག ངོ་སྤྲོད། རྒྱ་གར་དུ་མུ་སྟེགས་པས་ཚངས་པ་ལ་དད་པ་མཚོན་བྱེད་ཀྱི་སྐུད་པ་སྒོམ་ཐག་ལྟར་གྱོན་པ་ཡིན་པས་དེ་ལྟར་ཐོགས་ལ། དེ་དག་འདུལ་བའི་ཆེད་དུ་ཡིན་པར་གསུངས་པ་མ་ཟད། སྔགས་བླ་མེད་ཀྱི་ལྷ་སོགས་ཕྱི་རོལ་པ་དང་འདྲ་བའི་རིགས་རྣམས་ཀྱང་། ཇི་སྐད་དུ་གང་ལ་གང་གིས་འདུལ་བ་དེ་ལ་དེ་ལྟར་སྟོན་པར་གསུངས་པ་བཞིན་དེ་དག་འདུལ་བ་སོགས་ཀྱི་དགོས་པ་ཡོད་པ་ལས། དཔེ་བལྟས་ནས་འདྲ་བཟོ་བྱས་པ་ལྟ་བུར་འཛིན་མི་རུང་པར་གསུངས། བདེ་མཆོག་ལས་ཚངས་སྐུད་ནི་རྣམ་པར་མི་རྟོག་པའི་དོན་དུ་གསུངས་ཡོད། 

རིགས་དབྱེ།   འཚོ་བ།རྒྱན་གོས།

ལོངས་སྐུའི་རྒྱན་ཆས་བཅུ།

ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པའི་རྟགས་མཚོན་པའི་རྒྱན་ཆས་ལ་གོ་དགོས། སྐུ་གཟུགས་མཛེས་པའི་རྒྱན་བཅུ་ནི་དབུ་ཡི་རྒྱན་སྤྲོག་ཞུ། སྙན་གྱི་རྒྱན་སྙན་ཆ། མགུལ་གྱི་རྒྱན། ཐུགས་ཀར་རིན་པོ་ཆེ་དོ་ཤལ། དཔུང་པར་དཔུང་རྒྱན། ཕྱག་ལ་གདུབ་བུ། ཞབས་ལ་ཞབས་གདུབ། ལྟེ་བར་རིན་པོ་ཆེའི་ཕྲེང་བའམ་སེ་མོ་དོ་དང་སྟོད་གཡོགས་དང་སྨད་གོས་བཅས་ཡིན། ཁོངས་གཏོགས། ནང་བསྟན་གྱི་རྒྱན་ཆས། ངོ་སྤྲོད། ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པའི་རྟགས་མཚོན་པའི་རྒྱན་ཆས་ལ་གོ་དགོས། སྐུ་གཟུགས་མཛེས་པའི་རྒྱན་བཅུ་ནི་དབུ་ཡི་རྒྱན་སྤྲོག་ཞུ།

རིགས་དབྱེ།   འཚོ་བ།རྒྱན་གོས།

ལོངས་སྤྱོད་རྫོགས་པའི་ཆས།

ཐེག་ཆེན་གྱི་ཆོས་ཆ་ཚང་བར་ལོངས་སྤྱོད་པར་མཚོན་པའི་སྐུ་ཡི་རྒྱན་ཆས་ལ་གོ་དགོས་པ་ཡིན། འདི་ནི་སྐུ་གསུམ་གྱི་ནང་ལས་གཟུགས་སྐུ་གཉིས་ཡོད་པ་ལས། མཆོག་གི་གཟུགས་སྐུའི་རྒྱན་ཆས་ལ་གོ་བ་ཡིན། ཁོངས་གཏོགས། ནང་བསྟན་གྱི་བརྡ་ཆད། ངོ་སྤྲོད། ཐེག་ཆེན་གྱི་ཆོས་ཆ་ཚང་བར་ལོངས་སྤྱོད་པར་མཚོན་པའི་སྐུ་ཡི་རྒྱན་ཆས་ལ་གོ་དགོས་པ་ཡིན། འདི་ནི་སྐུ་གསུམ་གྱི་ནང་ལས་གཟུགས་སྐུ་གཉིས་ཡོད་པ་ལས། མཆོག་གི་གཟུགས་སྐུ་ཡིན། དེ་ཡིན་པའི་རྒྱུ་མཚན་ནི་སྐུ་ངེས་པ་ལོངས་སྐུ་རྒྱལ་བ་རིགས་ལྔ་དང་། འཁོར་ངེས་པ་ཐེག་ཆེན་གྱི་ཆོས་ཀྱི་སྐལ་བ་ཅན་ཤ་སྟག གནས་ངེས་པ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས།

རིགས་དབྱེ།   འཚོ་བ།རྒྱན་གོས།

པའེ་རིགས་ཀྱི་རྒྱན་གོས།

པའེ་རིགས་ནི་ཀྲུང་གོའི་ལྷོ་ནུབ་ཁུལ་གྱི་མི་རིགས་དག་གི་ཁྲོད་དུ་དཔལ་འབྱོར་ཅུང་འཕེལ་རྒྱས་མགྱོགས་ཤིང་རིག་གནས་ཆུ་ཚད་ཅུང་མཐོ་བའི་མི་རིགས་ཤིག་ཡིན་ཞིང། སྐྱེས་པ་དག་གི་གྱོན་གོས་ནི་སྟབས་བདེ་གྲལ་དག་ཅིག་ཡིན་ལ། དར་མ་དང་རྒན་པ་དག་རྒྱན་གོས་ནི་ཅུང་གཙང་ཞིང་མཛེས་པ་ཞིག་ཡིན། བུད་མེད་དང་བྱིས་པ་དག་གི་རྒྱན་གོས་ནི་ཁ་དོག་རྣམ་པར་བཀྲ་ཞིང་མཛེས་པར་སྤྲས་ཡོད་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 白族服饰 རིགས་དབྱེ། པའེ་རིགས་རྒྱན་གོས་ལ་སྤྱིའི་ཆ་ནས་བལྟས་ན། སྐྱེས་པ་དག་གི་གྱོན་གོས་ནི་སྟབས་བདེ་གྲལ་དག་ཅིག་ཡིན་ལ།

རིགས་དབྱེ།   འཚོ་བ།རྒྱན་གོས།

སུང་རྒྱལ་རབས་ཀྱི་རྒྱན་གོས།

སུང་རྒྱལ་རབས་ཀྱི་རྒྱན་གོས་ནི་ཕྱོགས་ཆེ་ས་ནས་ཐང་རྒྱལ་རབས་ཀྱི་རྒྱན་གོས་བཟོ་སྲོལ་རྒྱུད་འཛིན་བྱས་ཡོད་པ་ཞིག་ཡིན་ཞིང་། སྐབས་དེའི་ཧྥུ་ཐུ་ཞེས་པའི་ཞྭ་མོ་དེ་ནི་གྱོན་སླ་ལ་འཕུད་བདེ་བའི་ཞྭ་མོ་ཞིག་ཡིན་པ་དང་། དེ་ནི་ཐང་རྒྱལ་རབས་སྐབས་ཀྱི་དཀྲུ་སྐུད་ཅན་གྱི་ཧྥུ་ཐུ་ཞེས་པའི་ཞྭ་མོ་དེ་དང་མི་འདྲ་བ་ཞིག་ཡིན། དུས་སྐབས་འདིར་རྒྱལ་བློན་དག་གིས་གྱོན་པའི་ཞྭ་མོ་ནི་གཤོག་ལྡན་ཧྥུ་ཐུ་ཡིན་ལ། ཞྭ་མོ་དེའི་གཡས་གཡོན་གཞོགས་གཉིས་སུ་དྲང་པོར་བསྲིངས་པའི་གཤོག་པ་ལྟ་བུ་གཉིས་ཡོད་ཅིང་། དེའི་རིང་ཐུང་ནི་གྲལ་རིམ་གྱི་དབྱེ་བ་ལྟར་ཡོད་པ་ཞིག་ཡིན། རྒྱ་ཡིག་ག་ིང་།

རིགས་དབྱེ།   འཚོ་བ།རྒྱན་གོས།

ཁམས་པའི་རྒྱན་ཆ།

བོད་རིགས་ས་ཁུལ་དུ་གནས་སའི་ཡུལ་བབ་མི་འདྲ་བའི་དབང་གིས་དེ་གའི་གྱོན་གོས་དང་རྒྱན་ཆས་ལའང་རང་རང་གི་ཡུལ་གྱི་ཁྱད་ཆོས་མི་འདྲ་བ་མང་པོ་ཡོད། དཔེར་ན་ཉེ་རབས་ཀྱི་ཁམས་ཁུལ་ལྟ་བུ་ཡིན་ན། ཁྱིམ་ཚང་མང་ཆེ་བར་ཆ་སྙོམས་བྱས་ན། སྲམ་ལྤགས་དང་སྟག་ལྤགས་གཟིག་ལྤགས་ལ་སོགས་ཀྱིས་མཐའ་རྒྱན་མཛེས་པར་སྒྲོན་ནས་བཟོས་པའི་གཟབ་སྤྲོས་རེ་གཉིས་ཡོད་པའི་ཁར། རིན་ཐང་གཞལ་དུ་མེད་པའི་ནོར་བུའི་རིགས་ལས་གྲུབ་པའི་རྒྱན་ཆའི་རིགས་ཤིན་ཏུ་མང་། གཟི།  ཁམས་པའི་རྒྱན་ཆ་ལས་མཆོག་ཏུ་གྱུར་བ་གཟི་དགུ་མིག་ཅན་ཡིན་པ་མ་ཟད། དེ་ཡང་གང་ཙམ་ཆེ་ན་དེ་ཙམ་གྱིས་རིན་གོང་ཆེ།

རིགས་དབྱེ།   འཚོ་བ།རྒྱན་གོས།

ཡུ་གུར་རིགས་ཀྱི་རྒྱན་གོས།

ཡུ་གུར་མི་རིགས་ནི་མི་རིགས་མང་པོ་འདྲེས་ནས་གྲུབ་པ་ཞིག་ཡིན་ལ། གཙོ་བོ་སོག་པོའི་རྩྭ་ཐང་གི་ཧའེ་ཧུའུ་མི་རིགས་ལས་ཆད་པ་དང་། གཞན་འགའ་ཞིག་ནི་ཞིན་ཅང་ལྷོ་མའི་ལུའུ་ཀྲིག་སྡོད་དམངས་ལས་ཆད་པ་ཡིན། ལོ་རྒྱུས་བཤུལ་ལམ་རིང་མོའི་ཁྲོད་དུ་ཡུ་གུར་རིགས་ཀྱིས་དཀའ་སྤྱད་ཀྱི་ངལ་རྩོལ་དང་ཤེས་རབ་ཀྱི་རྩལ་ལ་བརྟེན་ནས་སྔོན་ཐོན་གྱི་རིག་གནས་བསྐྲུན་པ་དང་། ཐུན་མིན་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་གྲུབ་པ་ཞིག་ཡིན་ཞིང་། རྒྱན་གོས་ཀྱི་ཕྱོགས་ནས་ཀྱང་མི་རིགས་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྡན་པ་ཞིག་ཡིན། རྒྱན་གོས། ཡུ་གུར་མི་རིགས་ཀྱི་སྲོལ་རྒྱུན་གྱོན་གོས་ལ་སྐྱེས་པ་དག་གིས་མེ་ཏོག་ཅན་གྱི་ཚི་ལེན་གྱོན་པ་དང་།

རིགས་དབྱེ།   འཚོ་བ།རྒྱན་གོས།

བྱང་ཆུབ་སེམས་ཞྭ།

དགེ་ལུགས་ཀྱི་རི་ཁྲོད་པ་འགའི་ཞྭ་མོ་ཞིག རྒྱ་ཡིག་གི་མིང་། 菩提心帽 གྲུབ་མཐའ། རི་བོ་དགེ་ལྡན་པ། དུས་སྐབས། དགེ་ལུགས་པའི་དུས། རིགས། རི་ཁྲོད་པའི་དབུ་ཞྭ། རིགས་དབྱེ། པཎ་རིང་པཎ་ཐུང་། ངོ་སྤྲོད། དབུ་ཞྭ་འདི་ནི་རི་བོ་དགེ་ལྡན་པའི་རི་ཁྲོད་པ་ཁག་ཅིག་གིས་མནབས་སྲོལ་ཡོད། རང་རྒྱུད་འདུལ་ཐབས་གཙོ་བོར་བྱས་པའི་ཆ་ནས། ཞྭ་རྩེ་རྣོ་པོ་མིན་པར་ཅུང་ཟླུམ་ཙམ་དང་། ང་རྒྱལ་གྱི་གཉེན་པོ་མཚོན་བྱེད་ཞྭ་ལག་ཀྱང་ནར་མོ་མ་ཡིན་པར་བཀུག་ཡོད། སྤྱིར་ཞྭ་ལག་ཇི་ཙམ་རིང་བ་དེ་ཙམ་གྱིས་ཡོན་ཏན་ནམ་མཁྱེན་རྒྱ་ཟབ་པ་མཚོན་པ་སྟེ། དགེ་ལུགས་པའི་པཎ་ཞྭར་ཡང་། པཎ་རིང་དང་། པཎ་ཐུང་ཞེས་རིགས་གཉིས་ཡོད་པ་དང་།

རིགས་དབྱེ།   འཚོ་བ།རྒྱན་གོས།

ཞྭ་ནག

རྣལ་འབྱོར་པས་དབང་དང་དྲག་པོའི་ལས་སྦྱོར་གྱི་སྐབས་ལུས་ལ་སྔགས་ཆས་དང་དབུ་ལ་ཞྭ་ནག་བཞེས་ཏེ་འཆམ་མཛད་པ་ཡིན། རྒྱ་ཡིག་གི་མིང་། 黑帽 རིགས། སྔགས་ཞྭ། ངོ་སྤྲོད། རྣལ་འབྱོར་པས་དབང་དང་དྲག་པོའི་ལས་སྦྱོར་གྱི་སྐབས་ལུས་ལ་སྔགས་ཆས་དང་དབུ་ལ་ཞྭ་ནག་བཞེས་ཏེ་འཆམ་མཛད་པ་ཡིན། དབང་ནི་མི་དང་མི་མ་ཡིན་སོགས་དབང་དུ་བསྒྱུར་བས་དབང་དང་། དྲག་པོ་ནི་ཕྱི་ནང་གི་དགྲ་བོ་ཚར་གཅོད་པར་བྱེད་པས་དྲག་པོ་ཞེས་པར་གོ་དགོས། ཞྭ་ནག་གི་ཁ་དོག་དེས་ཆོས་དབྱིངས་འགྱུར་བ་མེད་པ་མཚོན་པ་དང་། ཐོད་པའི་མཚོན་དོན་ནི། ཐོད་པ་ཕྱི་དཀར་བས་ཐབས་བདེ་བ་ཆེན་པོ་དང་། ནང་དམར་བས་ཤེས་རབ་སྟོང་པ་ཉིད་དང་། དེ་གཉིས་ཐོད་པ་གཅིག་ལ་ཚང་བས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་མཚོན། བྱིའུ་ཚང་གིས་འོག་གདོན་ཀླུ་གཉན་ས་བདག་གཞོམ་ནུས་པ་མཚོན།

རིགས་དབྱེ།   འཚོ་བ།རྒྱན་གོས།

རྣག་གཟན།

འཚོ་བའི་ཡོ་བྱད་བཅུ་གསུམ་གྱི་ནང་གསེས། དགེ་སློང་རྣག་ཅན་གྱི་ཤ་ལ་སྦྱར་ཏེ་བགོ་བའི་ཚད་བླ་གོས་དང་མཉམ་པའི་ཡོ་བྱད་ཅིག་གི་མིང་། རྒྱ་ཡིག་གི་མིང་། 护脓衣 ཁོངས་གཏོགས། འཚོ་བའི་ཡོ་བྱད་བཅུ་གསུམ་གྱི་ནང་གསེས། ངོ་སྤྲོད། འཚོ་བའི་ཡོ་བྱད་བཅུ་གསུམ་གྱི་ནང་གསེས། དགེ་སློང་རྣག་ཅན་གྱི་ཤ་ལ་སྦྱར་ཏེ་བགོ་བའི་ཚད་བླ་གོས་དང་མཉམ་པའི་ཡོ་བྱད་ཅིག་གི་མིང་། དགེ་སློང་ལུས་ནས་ཤ་ཁྲག་རུལ་བོར་གྱུར་ནས་མདོག་དཀར་བའི་གཤེར་ཁུ་འཛག་པའི་ནད་ཡོད་པ་རྣམས་ཀྱི་དམིགས་བསལ་གྱི་ནད་གོས་ཏེ། ཤ་ཁྲག་རུལ་བོར་གྱུར་ནས་མདོག་དཀར་བའི་གཤེར་ཁུ་དག་གོས་གཞན་ལ་མི་འགོས་པའི་ཆེད་དུ་ཤ་ལ་སྦྱར་ནས་གྱོན་པའི་གོས་ཡིན་པས་ན་རྣག་གཟན་ཞེས་གྲགས།

རིགས་དབྱེ།   འཚོ་བ།རྒྱན་གོས།

མཆིལ་ལྷམ།

སྤྲུལ་གྱི་ཁ་ཆུའི་དུག་སྲུང་བྱེད་རབ་བྱུང་གི་ལྷམ། ཀླུའི་མཆིལ་མའི་དུག་དང་སྦྲུལ་གྱི་དུག་ལས་སྐྱོབ་པའི་ཆེད་དུ་གྱོན་པའི་ལྷམ་ཡིན་པས་མཆིལ་ལྷམ་ཞེས་གྲགས། རྒྱ་ཡིག་གི་མིང་། 护毒鞋 ཁོངས་གཏོགས། དགེ་སློང་གི་འཚོ་བའི་ཡོ་བྱད། ངོ་སྤྲོད།  ཀླུའི་མཆིལ་མའི་དུག་དང་སྦྲུལ་གྱི་དུག་ལས་སྐྱོབ་པའི་ཆེད་དུ་གྱོན་པའི་ལྷམ་ཡིན་པས་མཆིལ་ལྷམ་ཞེས་གྲགས། སངས་རྒྱས་ཀྱིས་ཡུལ་དབུས་སུ་མཆིལ་ལྷམ་གྱོན་མི་ཆོག་པ་དང་། རྡོ་ཅན་གྱི་ཡུལ་སོགས་ས་རྩུབ་པར་ལྷམ་རིམ་པ་གཅིག་པ་དྲུད་ལྷམ་ལྟ་བུ་དང་། དེ་ཟད་ན་ལྷན་པ་ཅན་དང་། ཁ་བ་ཅན་སོགས་ཆུ་ལ་ཆབ་རོམ་ཆགས་པའི་ཡུལ་དུ་ལྷམ་སྒྲོག་གུ་ཅན་གྱོན་ཆོག་པར་གསུངས་ལ། རིགས་ཀྱང་རྐང་མཐིལ་ནས་པུས་མོའི་བར་སླེབས་པ་ཡུ་རིང་དང་། རྐང་མཐིལ་ནས་རྗེ་ངར་གྱི་ཕྱེད་

རིགས་དབྱེ།   འཚོ་བ།རྒྱན་གོས།

ཨང་རག

ཨང་རག་ནི་བརྡ་རྙིང་ཡིན་ལ་སྟབས་བདེའི་དོར་མ་ཐུང་ངུའི་མིང་ཡིན། རྒྱ་གར་གྱི་གྲུབ་ཆེན་རྣམས་ཀྱི་གྱོན་སྲོལ་ཡོད་པས་རི་མོར་ཡང་བྲིས་ཡོད་ལ། ལ་ལར་གསང་གོས་ཞེས་བརྗོད། རྒྱ་ཡིག་གི་མིང་། 短裤 ཁོངས་གཏོགས། རྒྱན་གོས། མིང་གཞན། ཨང་འགའ་རག ངོ་སྤྲོད། ཨང་རག་ནི་བརྡ་རྙིང་ཡིན་ལ་སྟབས་བདེའི་དོར་མ་ཐུང་ངུའི་མིང་ཡིན། རྒྱ་གར་གྱི་གྲུབ་ཆེན་རྣམས་ཀྱི་གྱོན་སྲོལ་ཡོད་པས་རི་མོར་ཡང་བྲིས་ཡོད་ལ། ལ་ལར་གསང་གོས་ཞེས་བརྗོད་པ་ནི། རྣལ་འབྱོར་བས་རྩ་རླུང་འཕྲུལ་འཁོར་སྦྱོང་བའི་སྐབས་སུ་གྱོན་པ་ལས་གང་བྱུང་ངང་ཕྱི་རོལ་དུ་གྱོན་སྲོལ་མེད་པས་ཡིན། ཐུང་ངུར་བཅོས་པ་ནི་འཕྲུལ་འཁོར་གྱི་འཕུད་བརྡེག་སོགས་ལ་རིང་ན་མི་བདེ་བས་ཡིན། དབྱིབས་ནི་དོར་མ་སྤྱི་འདྲ་བ་ལ་ཁ་

རིགས་དབྱེ།   འཚོ་བ།རྒྱན་གོས།

ཤམ་ཐབས།

རྒྱུད་སྟོད་གྲྭ་ཚང་གི་ཕྱག་སྲོལ་ལ། སྐུ་ཤམ་ལྟ་བུར་མཚོན་ན་དགེ་སློང་ཡིན་ན་མཐང་གོས་དང་། དགེ་ཚུལ་ཡིན་ན་མཐང་འཛིན་དང་། དེ་ཡང་ཁ་ལྕགས་དང་མེད་པ་མ་ཡིན་པ། གཡས་ཕྱོགས་མདུན་ལ་ལྟེབ་རྩེག་གཅིག་དང་རྒྱབ་ལ་ལྟེབ་རྩེག་གཉིས། གཡོན་ཕྱོགས་མདུན་ལ་ལྟེབ་རྩེག་གསུམ་དགོས། གཡོན་གྱི་ལྟེབ་རྩེག་གཉིས་ནི་འགོག་བདེན་དང་ལམ་བདེན་སྒོམ་པར་མཚོན། གཡས་ཕྱོགས་རྒྱབ་ཀྱི་ལྟེབ་རྩེག་གཉིས་ནི་སྡུག་བསྔལ་བདེན་པ་དང་ཀུན་འབྱུང་སྤང་བར་མཚོན། གཡས་གཡོན་མདུན་གྱི་ལྟེབ་རྩེག་གཉིས་ནི་ཐབས་ཤེས་གཉིས་ཟུང་དུ་འབྲེལ་བ་མཚོན། རྒྱ་ཡིག་གི་མིང་། 裙   副裙 ཁོངས་གཏོགས།

རིགས་དབྱེ།   འཚོ་བ།རྒྱན་གོས།

བོད་ལྷམ།

བོད་ལྷམ་ནི་འབྲོག་ཁུལ་དུ་འཚོ་སྡོད་བྱས་པའི་བོད་རིགས་དང་། སོག་རིགས་མི་དམངས་ཀྱི་མེད་དུ་མི་རུང་བའི་སྤྱོད་ཆས་ཤིག་ཡིན་ཞིང་། དུས་ཡུན་རིང་པོའི་འཕེལ་རིམ་བྱས་པ་བརྒྱུད་དེ་བས་མཛེས་ཤིང་སྤུས་ལེགས་པ་དང་། ལུགས་དང་མཐུན་པ། དངོས་བཀོལ་ལྡན་ཏེ་འབྲོག་པ་མང་ཚོགས་རྣམས་དམིགས་བསལ་གྱི་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་འོག་ཐོན་སྐྱེད་དང་། འཚོ་བའི་དགོས་མཁོ་དང་འཚམ་ཐུབ་པར་བྱས་ཏེ་དགའ་བསུ་ཆེན་པོ་འཐོབ་ཀྱི་ཡོད། བོད་ཡིག་གི་མིང་། བོད་ལྷམ། ཁོངས་གཏོགས།

རིགས་དབྱེ།   འཚོ་བ།རྒྱན་གོས།

སྨར་གདན།

བོད་ཀྱི་བུ་མོའི་རྒྱན་ཆའི་རྣམ་གྲངས་ཤིག་ཡིན་ལ། དེའི་ཁྱབ་ཡུལ་ནི་བྲག་དཀར་རྫོང་གི་འབྲོག་ཁུལ་སོ་སོར་ཁྱབ་ཡོད་པར་མ་ཟད། མཚོ་སྔོན་པོ་གཡས་རུ་གཡོན་རུའི་འབྲོག་སྡེ་སོ་སོ་དང་རྨ་ཕར་རུ་ཚུར་རུའི་འབྲོག་སྡེ་སོགས་སུང་ཁྱབ་ཡོད་པདང་རོང་ཁུ་ཁ་ཤས་ནའང་སྨར་གདན་དང་ཆ་འདྲ་བ་ཡོད་པ་རེད། རྒྱ་ཡིག་གི་མིང་། 妇女辫饰玛尔旦 ངོ་སྤྲོད། བོད་ཀྱི་བུ་མོའི་རྒྱན་ཆའི་རྣམ་གྲངས་ཤིག་ཡིན་ལ། དེའི་ཁྱབ་ཡུལ་ནི་བྲག་དཀར་རྫོང་གི་འབྲོག་ཁུལ་སོ་སོར་ཁྱབ་ཡོད་པར་མ་ཟད། མཚོ་སྔོན་པོ་གཡས་རུ་གཡོན་རུའི་འབྲོག་སྡེ་སོ་སོ་དང་རྨ་ཕར་རུ་ཚུར་རུའི་འབྲོག་སྡེ་སོགས་སུང་ཁྱབ་ཡོད་པདང་རོང་ཁུ་ཁ་ཤས་ནའང་སྨར་གདན་དང་ཆ་འདྲ་བ་ཡོད་པ་རེད།

རིགས་དབྱེ།   འཚོ་བ།རྒྱན་གོས།

ཕྱིང་ཞྭ།

འདི་ནི་གནའ་དུས་བོད་མི་ཚོས་དབྱར་དུས་གྱོན་པའི་ཞྭ་མོ་ཞིག་ཡིན། རྒྱ་ཡིག་གི་མིང་། 毡帽 ཕྱི་ཡིག་གི་མིང་། Felt hat རྒྱུ་ཆ། ཕྱིང་བ། དུས་ཚིགས། དབྱར་ཁ། འབྱུང་ཁུངས། རྒྱ་གར། མིང་གཞན། རྒྱ་གར་ཞྭ་མོ། ངོ་སྤྲོད། འདི་ནི་བོད་མི་ཚོས་དབྱར་དུས་གྱོན་པའི་ཞྭ་མོ་ཞིག་ཡིན། ཞྭ་འདི་ནི་རྒྱུ་ཕྱིང་པ་ལས་བཟོས་ཤིང་། དེའི་མཐའ་འཁོར་ཐེར་ཐེར་ཆེ་ཙམ་ཡོད་པ་དེ་ནི་དབྱར་དུས་ཉི་མས་གདོང་པ་མི་འཚིག་པའི་ཆེད་དུ་ཡིན། སྔོན་མ་བོད་ས་གནས་ཀྱི་དམག་མི་དང་། སྤྱི་བྱིངས་ཀྱིས་ཞྭ་ཐོད་དུ་རང་རང་གི་དམག་རྟགས་བསྒར་ཏེ་དབྱར་དུས་གྱོན་པ་ཡིན། ཞྭ་འདིའི་མིང་གཞན་ལ་རྒྱ་གར་ཞྭ་མོ་ཞེས་བརྗོད་ཀྱིན་ཡོད་པ་དེའི་ཐོག་ནས་བལྟས་ན་འདི་ཐོག་མར་རྒྱ་གར་ནས་ཚུར་བོད་དུ་དར་བར་སྣང་ངོ་།།

རིགས་དབྱེ།   འཚོ་བ།རྒྱན་གོས།

གདོང་ཕྱིས།

དགེ་སློང་གི་འཚོ་བའི་ཡོ་བྱད་བཅུ་གསུམ་གྱི་ནང་གསེས། སྲིད་དང་ཞེང་དུ་ཁྲུ་གང་གི་ཚད་དང་ལྡན་པའི་དགེ་སློང་གི་ཡོ་བྱད་ཅིག་གི་མིང་། རྒྱ་ཡིག་གི་མིང་། 拭面巾 ཁོངས་གཏོགས། འཚོ་བའི་ཡོ་བྱད་བཅུ་གསུམ་གྱི་ནང་གསེས། ངོ་སྤྲོད། ངོ་གདོང་གི་རྡུལ་དང་དྲི་མ་དང་ལག་པའི་དྲི་མ་ཕྱིས་པའི་རས་ཡིན་པས་གདོང་ཕྱིས་ཞེས་གྲགས། ཚད་ནི་སྲིད་དང་ཞེང་དུ་ཁྲུ་གང་ལས་མི་བརྒལ་བ་ཞིག་དགོས་པ་ལས། གདོང་ཕྱིས་ཡིན་ཚད་ཀྱི་མི་རུང་བ་ཡིན། དགོས་པ་ནི་རྡུལ་དང་དྲི་མ་དག་ནས་གཙང་བ་དང་དབང་པོ་གསལ་བ་དང་། ཡིད་གར་འོང་བའི་ཆེད་དུ་ཡིན། དོན་གཞན་ལ་འཇུག་ཚུལ། 1.གདོང་བཀྲུས་པའམ་གཙང་མར་བཟོས་པའི་བྱ་བའི་མིང་། 2.གདོང་གཙང་མ་བཟོ་བྱེད་དམ་འབྱིད་བྱེད་ཀྱི་རས་ཡུག་གི་མིང་སྟེ། ཁ་སྐད་དུ་ལག་རས་ཀྱང་ཟེར།

རིགས་དབྱེ།   འཚོ་བ།རྒྱན་གོས།

ས་སློང་མཆོད་འབུལ།

བོད་ཀྱིས་སྡོད་ཁང་གསར་བ་བསྐྲུན་ན། ཐོག་མར་ས་བརྟག་པ་གདན་དྲངས་ནས། རང་གི་ཡིད་ལ་བབ་པའི་ས་དེར་བརྟག་ཏུ་འཇུག་པ། ས་བརྟག་པས་ས་བརྟག་གི་འབྲེལ་ཡོད་ཆོས་གཞུང་ལྟར་ས་ལ་ཞིབ་མོར་བརྟགས་པར་མ་ཟད། སྡོད་ཁང་གི་ཁ་འཁོར་ཕྱོགས་གཏན་ལ་འབེབས་པ་རེད། རྒྱ་ཡིག་གི་མིང་། 置地祭神 ཁོངས་གཏོགས། དམངས་སྲོལ་ཆོ་ག ངོ་སྤྲོད། བོད་ཀྱིས་སྡོད་ཁང་གསར་བ་བསྐྲུན་ན། ཐོག་མར་ས་བརྟག་པ་གདན་དྲངས་ནས། རང་གི་ཡིད་ལ་བབ་པའི་ས་དེར་བརྟག་ཏུ་འཇུག་པ། ས་བརྟག་པས་ས་བརྟག་གི་འབྲེལ་ཡོད་ཆོས་གཞུང་ལྟར་ས་ལ་ཞིབ་མོར་བརྟགས་པར་མ་ཟད།

རིགས་དབྱེ།   འཚོ་བ།རྒྱན་གོས།