དྭགས་ཞྭ།

དབུ་ཞྭ་འདི་ནི་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་དུ་གྲགས་པའི་ཆོས་བརྒྱུད་རྒྱ་ཆེར་འཕེལ་བའི་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་ཀྱིས་གསོལ་བའི་དབུ་ཞྭ་ཞིག

རིགས་དབྱེ།  

སློག་ཞྭ།

འདི་ནི་རྩ་བ་རྩེ་ཞྭ་ཡིན་པ་ལ་ཞྭ་ལག་གཡས་གཡོན་གཉིས་ལ་གོས་ཆེན་གྱི་འཇའ་རིས་སྤེལ་མར་སྦྱར་ཏེ་ཞྭ་གཞིར་ཕྱིར་སློག་སྟེ་གཟབ་པའི་ཁྱད་པར་དུ་བྱས་ཏེ་མནབས་པ་ཡིན།

རིགས་དབྱེ།  

སྒྲོག་གུ་འདོགས་པ།

སྒྲོག་གུ་ནི་འདོགས་ཡུལ་ལྭ་བའི་ཆེ་ཆུང་དང་མདོག་ལྟར་འདེམ་པ་ལས། ལྭ་བ་ཆུང་ཆུང་ལ་སྒྲོག་གུ་ཆེ་ཆེ་འདོགས་མི་འོས་ལ། ལྭ་བ་དཀར་པོ་ལ་སྒྲོག་གུ་ནག་པོའང་འདོགས་མི་འོས་པ་ལྟ་བུ་ཡིན། སྒྲོག་གུ་ལའང་ཁུང་མིག་གཅིག་ཅན་དང་ཁུང་མིག་གཉིས་ཅན། ཁུང་མིག་བཞི་ཅན་བཅས་མི་འདྲ་བ་ཡོད་ལ་དེ་དག་རང་གི་དགོས་མཁོ་ལྟར་བདམས་ཆོག

རིགས་དབྱེ།