ཡོངས་འཛིན་རིག་མཛོད། >ལུས་རྩལ། >ར་ཕྱིའི་ལུས་རྩལ། >གཞན་དག

གནས་གཏན་ལུས་རྩལ།

གནས་གཏན་ལུས་རྩལ་ཞེས་པ་ནི་ས་ཁྲ་དང་ཕྱོགས་སྟོན་འཁོར་ལོ་བཅས་ལ་བརྟེན་ནས། གཏན་ཁེལ་བྱས་ཟིན་པའི་ཁ་ཕྱོགས་ལ་གཞིགས་ཏེ་རང་མོས་ཀྱིས་མདུན་སྐྱོད་ཀྱི་ལམ་བུ་བདམས་པ་བརྒྱུད་ས་ཁྲའི་སྟེང་བསྟན་པའི་ས་གནས་ཁག་ཅིག་ཏུ་ཐོན་པར་བྱེད་དགོས་པའི་ལུས་ཤུགས་དང་ཀླད་ཤུགས་མཉམ་འབྲེལ་གྱི་ལུས་རྩལ་ཞིག་ཡིན།

རིགས་དབྱེ།  

རླངས་འཁོར་ལས་འགུལ།

རླངས་འཁོར་ལས་འགུལ་ནི་རླངས་འཁོར་གཞུང་ལམ་དང་རི་ཐང་ནས་རྒྱུགས་སྐབས་ཀྱི་མྱུར་ཚད་དང་ཁ་ལོ་བའི་ལག་རྩལ། རླངས་འཁོར་གྱི་སྤུས་ཀ་སོགས་བསྡུར་བའི་འགྲན་སྡུར་ཞིག་ཡིན།

རིགས་དབྱེ།  

ལྕགས་རྟ།

ལྕགས་རྟ་ནི་མིའི་རྐང་ཤུགས་ལ་བརྟེན་ནས་འཁོར་བསྐྱོད་བྱེད་ཀྱིན་པའི་འཁོར་ལོ་གཉིས་ཅན་གྱི་འགྲིམ་འགྲུལ་ཡོ་བྱེད་ཅིག་ཡིན་ལ། མིང་གཞན་ལ་རྐང་འཁོར་ཡང་ཟེར། ལྕགས་རྟ་ལ་འཛེར་སྒྲ་མེད་པ་དང་། འཁོར་ཡུག་སྦགས་པར་མི་བྱེད་པ། བོངས་ཚད་ཆུང་ཞིང་ཡང་བ། སྒྲིག་རིམ་སྟབས་བདེ་ཡིན་པ། བཟོ་སྐྲུན་གྱི་མ་དངུལ་ཉུང་བ་དང་། བཀོལ་སྤྱོད་དང་ཞིག་གསོ་སྟབས་བདེ་བ་སོགས་ཀྱི་ཁྱད་ཆོས་ཡོད་པ་མ་ཟད། དངོས་ཟོག་འགྲུལ་སྐྱེད་གྱི་ཡོ་བྱད་དུ་སྤྱོད་ཆོག་ལ། ལུས་ཕུང་སྦྱོང་བརྡར་ཡང་བྱེད་ཆོག་པས། མི་རྣམས་ཀྱི་བཀོལ་ཚད་ཤིན་ཏུ་ཆེ།

རིགས་དབྱེ།