ལྕགས་རྟ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལྕགས་རྟ།
ལྕགས་རྟ་ནི་མིའི་རྐང་ཤུགས་ལ་བརྟེན་ནས་འཁོར་བསྐྱོད་བྱེད་ཀྱིན་པའི་འཁོར་ལོ་གཉིས་ཅན་གྱི་འགྲིམ་འགྲུལ་ཡོ་བྱེད་ཅིག་ཡིན་ལ། མིང་གཞན་ལ་རྐང་འཁོར་ཡང་ཟེར། ལྕགས་རྟ་ལ་འཛེར་སྒྲ་མེད་པ་དང་། འཁོར་ཡུག་སྦགས་པར་མི་བྱེད་པ། བོངས་ཚད་ཆུང་ཞིང་ཡང་བ། སྒྲིག་རིམ་སྟབས་བདེ་ཡིན་པ། བཟོ་སྐྲུན་གྱི་མ་དངུལ་ཉུང་བ་དང་། བཀོལ་སྤྱོད་དང་ཞིག་གསོ་སྟབས་བདེ་བ་སོགས་ཀྱི་ཁྱད་ཆོས་ཡོད་པ་མ་ཟད། དངོས་ཟོག་འགྲུལ་སྐྱེད་གྱི་ཡོ་བྱད་དུ་སྤྱོད་ཆོག་ལ། ལུས་ཕུང་སྦྱོང་བརྡར་ཡང་བྱེད་ཆོག་པས། མི་རྣམས་ཀྱི་བཀོལ་ཚད་ཤིན་ཏུ་ཆེ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
自行车
མིང་གཞན།
རྐང་འཁོར།
ཕྱི་ཡིག་གི་མིང་།
bicycle
གསར་གཏོད་མཁན།
ཞི་ཧྥུའུ་ལཱ་ཁུ།
གསར་གཏོད་དུས།
སྤྱི་ལོ1790ལོར།
སྤྱོད་མཁན།
སློབ་མ། ལས་ཚོགས་ལ་འགྲོ་མཁན་རྣམས།
བྱེད་ནུས།
འགུལ་སྐྱོད། སྦྱོང་བརྡར། འགྲན་སྡུར།
རིགས།
སྤྱིར་བཏང་གི་ལྕགས་རྟ། རི་འཛེགས་ལྕགས་རྟ་སོགས་ཡོད།
1 ངོ་སྤྲོད།

ལྕགས་རྟ་ནི་མིའི་རྐང་ཤུགས་ལ་བརྟེན་ནས་འཁོར་བསྐྱོད་བྱེད་ཀྱིན་པའི་མ་མཐའ་ཡང་འཁོར་ལོ་གཉིས་ལྡན་དགོས་པའི་འགྲིམ་འགྲུལ་ཡོ་བྱེད་ཅིག་ཡིན་ལ། མིང་གཞན་ལ་རྐང་འཁོར་ཡང་ཟེར།

2 ཁྱད་ཆོས།

ལྕགས་རྟ་བསྐོར་སྐབས་འཛེར་སྒྲ་མེད་པ་དང་། འཁོར་ཡུག་སྦགས་པར་མི་བྱེད་པ། བོངས་ཚད་ཆུང་ཞིང་ཡང་བ། སྒྲིག་རིམ་སྟབས་བདེ་ཡིན་པ། བཟོ་སྐྲུན་གྱི་མ་དངུལ་ཉུང་བ་དང་། བཀོལ་སྤྱོད་དང་ཞིག་གསོ་སྟབས་བདེ་བ་སོགས་ཀྱི་ཁྱད་ཆོས་ཡོད་པ་མ་ཟད། དངོས་ཟོག་འགྲུལ་སྐྱེད་གྱི་ཡོ་བྱད་དུ་སྤྱོད་ཆོག་ལ། ལུས་ཕུང་སྦྱོང་བརྡར་ཡང་བྱེད་ཆོག་པས། མི་རྣམས་ཀྱི་བཀོལ་ཚད་ཤིན་ཏུ་ཆེ།

3 བྱུང་འཕེལ།

སྤྱི་ལོ1818ལོར། འཇར་མན་གྱིB.K.vonཏི་ལེ་སི་ལགས་ཀྱིས་ཤིང་གིས་བཟོས་ཤིང་འཁོར་ལོའི་སྦར་འཇུ་ཡོད་པའི་འཁོར་ལོ་གཉིས་ལྡན་གྱི་ལྕགས་རྟ་གསར་གཏོད་བྱས། སྤྱི་ལོ1861ལོར། ཧྥ་རན་སིའིP.and E.མུའུ་ཞའོ་ཕ་བུ་གཉིས་ཀྱིས་མདུན་གྱི་འཁོར་ལོ་ཆེ་ཞིང་། རྗེས་ཀྱི་འཁོར་ལོ་ཆུང་བ་དང་། མདུན་གྱི་འཁོར་ལོའི་ཐོག་ཡུ་བ་ཀྱོག་པོ་ལྡན་ལ། འཁོར་བསྐྱོད་བྱེད་ནུས་པའི་རྐང་སྟེགས་ཡོད་པའི་ལྕགས་རྟ་གསར་གཏོད་བྱས་པ་མ་ཟད། སྤྱི་ལོ1867ལོར་པ་ལིའི་འཛམ་གླིང་འགྲེམ་སྟོན་འདུ་ཚོགས་སུ་འགྲེམ་སྟོན་བྱས་པ་བརྒྱུད་དར་ཁྱབ་ཆེན་པོ་བྱུང་། སྤྱི་ལོ1886ལོར་དབྱིན་ཇིJ.སི་ཐཱ་ལི་ཡིས་ལྕགས་རྟའི་སྟེང་འཁོར་ལམ་ཁ་ལོ་སྒྱུར་བྱེད་ཅིག་བཞག་པ་དང་། འཁོར་རྟེན་ལྕགས་རིལ་ཅན་བེད་སྤྱད་ཅིང་། མདུན་གྱི་འཁོར་ལོ་དང་། རྗེས་ཀྱི་འཁོར་ལོ་གཉིས་ཀ་ཆེ་ཆུང་གཅིག་འདྲ་བཟོས་ཏེ་རྣོ་ལྕགས་ཀྱིས་གྲུབ་པའི་གཟི་དབྱིབས་ཅན་གྱི་འཁོར་རྡང་སྤྲད།

སྤྱི་ལོ1888ལོར། དབྱིན་ཇིའིJ.Bཏིན་ལའོ་ཕུ་ལགས་ཀྱིས་དབུགས་གསོ་ནུས་པའི་འཁོར་ལོ་ལྕགས་རྟ་ལ་བཞག་ཐུབ་པ་བྱུང་བས། ལྕགས་རྟ་ཡི་བསྐོར་ཚད་མངོན་གསལ་དུ་ཇེ་མཐོར་སོང་།

4 དབྱེ་བ།

ལྕགས་རྟ་ནི་བཀོལ་སྤྱོད་མི་འདྲ་བ་ལ་བརྟེན་ནས། ལྗིད་འདེགས་ལྕགས་རྟ་དང་། སྤྱིར་བཏང་གི་ལྕགས་རྟ། སྟབས་བདེ་ཅན་གྱི་ལྕགས་རྟ། རི་འཛེགས་ལྕགས་རྟ། ལུས་རྩལ་ལྕགས་རྟ། འགྲན་བསྡུར་ལྕགས་རྟ་བཅས་ཡོད་པ་དང་། བཀོལ་སྤྱོད་བྱེད་མཁན་མི་འདྲ་བ་ལ་བརྟེན་ནས། སྐྱེས་པའི་ལྕགས་རྟ་དང་། སྐྱེས་མའི་ལྕགས་རྟ། བྱིས་པའི་ལྕགས་རྟ་བཅས་ཡོད་ལ། འཁོར་ལོའི་ཞེང་ཚད་མི་འདྲ་བ27ཅན། དབྱིན་ཚུན26ཅན་སོགས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-28

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།