ཡོངས་འཛིན་རིག་མཛོད། >ལུས་རྩལ། >གཞན་དག

དྲག་རྩལ་ཐའེ་ཆོན་ཏའོ།

དྲག་རྩལ་ཐའེ་ཆོན་ཏའོ་ནི་ཁྲའོ་ཞན་ཕྱེད་གླིང་ནས་དར་བ་དང་། གནའ་ནས་ད་བར་ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ཡོད། དྲག་རྩལ་ཐའེ་ཆོན་ཏའོ་ལ་འཛམ་གླིང་ན་མིང་དུ་གྲགས་པའི་རྩ་འཛུགས་མ་ལག་གཉིས་ཡོད། སྤྱི་ལོ2000ལོའི་ཨོ་རྩལ་ཐོག་དྲག་རྩལ་ཐའེ་ཆོན་ཏའོ་དངོས་སུ་འགྲན་བསྡུར་རྣམ་གྲངས་སུ་ཚུད་པ་རེད།

རིགས་དབྱེ།  

ངར་སྐྱེད་རྫས་ཞིབ་བཤེར།

ངར་སྐྱེད་རྫས་ཞིབ་བཤེར་ནི་འགྲན་བསྡུར་གྱི་སྔ་གཞུག་བར་གསུམ་དུ་རིམ་པ་སོ་སོའི་ལུས་རྩལ་རྩ་འཛུགས་ཀྱི་ཆེད་མངགས་ཞིབ་བཤེར་པས་ལུས་རྩལ་པར་ཞིབ་བཤེར་བགྱིས་ནས་ཁྲིམས་འགལ་གྱི་དངོས་རྫས་སམ་བྱེད་ཐབས་བེད་སྤྱོད་བྱས་ཡོད་མིན་ལ་རྩད་གཅོད་གནང་བ་བརྗོད་ཀྱི་ཡོད།

རིགས་དབྱེ།  

ལུས་རྩལ།

ལུས་རྩལ་ལ་ལུས་རྩལ་འགུལ་སྐྱོད་ཀྱང་ཟེར། ལུས་རྩལ་གྱི་མཚན་ཉིད་དུ་ལུས་པོའི་འགུལ་སྐྱོད་དང་། འགྲན་རྩེད། ལུས་ཕུང་སྦྱོང་བརྡར་བཅས་གསུམ་འདུ། དེ་ནི་ལུས་པོའི་སློབ་གསོ་དང་ཀུན་སྤྱོད་སློབ་གསོ། ཤེས་རབ་སློབ་གསོ། མཛེས་དཔྱོད་སློབ་གསོ་བཅས་དང་འདྲ་བར་སློབ་གསོའི་གལ་ཆེ་བའི་གྲུབ་ཆ་ཞིག་ཡིན།

རིགས་དབྱེ།  

གྲི་རྩལ།

ལུས་རྩལ་བྱ་འགུལ་གྱི་གྲས་གཏོགས་གྲི་རྩལ་ནི་འཇར་པན་ནས་བྱུང་བ་ཡིན་མོད། འོན་ཀྱང་གྲི་རྩལ་ཞེས་པའི་ཐ་སྙད་འདི་ཐོག་མར་ཀྲུང་གོའི་ཀྲན་གོའི་རྒྱལ་རབས་སྐབས་སུ་བྱུང་བ་ཞིག་ཡིན།

རིགས་དབྱེ།  

ཉི་འོད་ཀྱི་ཁྲུས།

ཉི་འོད་ཀྱི་ཁྲུས་ནི་རང་བྱུང་གི་ཁྲུས་བྱེད་སྟགས་ཤིག་ཡིན་ཞིང་། དེ་ནི་ཉི་འོད་བེད་སྤྱད་དེ་ལུས་ཕུང་སྦྱོང་བརྡར་དང་ནད་གསོ་བའི་བྱ་ཐབས་ཤིག་ཡིན།

རིགས་དབྱེ།  

ཐའེ་ཅི་དྲག་རྩལ།

ཐའེ་ཅི་དྲག་རྩལ་ནི་དྲག་རྩལ་དང་ལུས་ཕུང་སྦྱོང་བརྡར་གཉིས་མཉམ་འཛོམས་ཀྱི་ལག་རྩལ་ཞིག་ཡིན་ལ། སྔོན་མར་དེའི་འགུལ་སྟངས་ལ་རང་གི་ཁྱད་ཆོས་ལྡན་པས་དེ་ལ་ཁྲང་ཆོན་ནམ་ཡང་ན་མེན་ཆོན་ཟེར་སྲོལ་ཡང་ཡོད།

རིགས་དབྱེ།  

ཐེ་ཆོན་དྲག་རྩལ།

ཐེ་ཆོན་དྲག་རྩལ་ཞེས་པ་ནི་ཐེ་གོ་རྒྱལ་ཁབ་ཀྱི་ལུས་རྩལ་ཞིག་ཡིན་ཞིང་། སྤྱི་ལོ1560ལོའི་ཡས་མས་སུ་དར་བར་བཤད།

རིགས་དབྱེ།  

དེང་རབས་རྣམ་གྲངས་ལྔའི་ལུས་རྩལ།

དེང་རབས་རྣམ་གྲངས་ལྔའི་ལུས་རྩལ་ནི་རྟ་རྩལ་དང་རལ་གྲིའི་སྣུན་རྩལ། མེ་མདའ་འཕེན་རྩལ། ཆུར་རྐྱལ། བང་རྒྱུག་བཅས་སྒེར་ཚུགས་ཀྱི་ལུས་རྩལ་བྱ་འགུལ་ལྔ་མཉམ་དུ་འདུས་ཏེ་གྲུབ་པའི་ལུས་རྩལ་རྣམ་གྲངས་ཤིག་ཡིན།

རིགས་དབྱེ།  

དྲག་རྩལ།

དྲག་རྩལ་ནི་ཀྲུང་གོའི་སྲོལ་རྒྱུན་གྱི་ལུས་རྩལ་རྣམ་གྲངས་ཤིག་ཡིན་ཏེ། དེར་རྡེག་པ་དང་གཏུབ་པ། གཙག་པ། འཛིན་པ་སོགས་འགུལ་སྐྱོད་བྱེད་སྟངས་མི་འདྲ་བ་རྣམས་སྤྱི་འགྲོས་ངེས་ཅན་ཞིག་ལ་བརྟེན་ནས་ལག་སྟོང་ངམ་ཡང་ན་ལག་ཆ་ཐོགས་པའི་རྒོལ་སྲུང་གི་རྣམ་པ་དང་། རིགས་ལམ་གྱི་སྦྱོང་བརྡར་ཞིག་ཡིན།

རིགས་དབྱེ།  

ནན་ཆོན་དྲག་རྩལ།

ནན་ཆོན་ཞེས་པའི་མིང་འདི་ནི་ལྷོ་ཁུལ་ས་ཆའི་དྲག་རྩལ་གྱི་སྤྱིའི་མིང་ཡིན་ལ། དྲག་རྩལ་གྱི་གྲས་ནས་ལག་རྩལ་ཁ་ཚང་ཞིང་མཚོན་བྱེད་རང་བཞིན་ལྡན་པའི་དྲག་རྩལ་ཚན་ཁག་ཅིག་ཡིན།

རིགས་དབྱེ།  

སྦེ་ག

སྦེ་ག་ནི་མི་གཉིས་ཀྱིས་ལག་སྟོང་གིས་འགྲན་པ་ཞིག་ཡིན་ཞིང་། ཕ་རོལ་པོ་བསྒྱེལ་དུ་འཇུག་པའམ་རྟགས་ཀྱི་ཕན་ཆད་དུ་ཕུད་ཐབས་བྱེད་པའི་ལུས་རྩལ་རྣམ་པ་ཞིག་ཡིན།

རིགས་དབྱེ།  

འཛིན་བཟུང་།

འཛིན་བཟུང་ནི་ལག་རྩལ་གྱི་རིགས་ཤིག་ཡིན་ཏེ། དེའི་ཁྱད་ཆོས་ལ་ལག་ཆ་མི་འཛིན་པར་ལག་སྟོང་གིས་འཛིངས་རེས་བྱེད་པའི་ཐབས་ཤེས་ལ་བརྟེན་ནས། མིའི་པུས་མོ་དང་རྩ་ལམ། གནད་འགག་གི་ཆ་ཤས་ཀྱི་གཉོམ་ས་བརྒྱུད། ཕ་རོལ་བའི་ལུས་པོར་ཟུག་གཟེར་ཐེབས་སུ་བཅུག་སྟེ་ཕམ་པར་རྒྱག་པ་ཞིག་ཡིན།

རིགས་དབྱེ།  

རྩ་རླུང་།

རྩ་རླུང་ལ་གནའ་སྔ་མོར་རྒྱུ་བ་དང་རླུང་རྒྱུ། རླུང་འཐེན། རླུང་རྔུབ། རླུང་སྦྱངས། འཇགས་བཙོག སྒོམ་རྒྱག ནང་ཤུགས་སོགས་ཟེར་སྲོལ་ཡོད་ལ། ཀྲུང་གོའི་ཁྱད་དུ་འཕགས་པའི་ལུས་སྦྱོང་གི་རིགས་ཤིག་ཡིན།

རིགས་དབྱེ།  

སྤར་སྟོང་རྩལ།

སྤར་སྟོང་རྩལ་ནི་འཇར་པན་གྱི་དྲག་རྩལ་རིགས་ཤིག་ཡིན་ལ། དེ་ནི་རྐང་ལག་གི་འཛིང་རེག་ལ་བརྟེན་ནས་ཕན་ཚུན་འགྲན་སློབ་བྱེད་པའི་ལུས་རྩལ་ཞིག་ཡིན།

རིགས་དབྱེ།  

ཧྲའོ་ལིན་དྲག་རྩལ།

ཧྲའོ་ལིན་དྲག་རྩལ་ནི་ཀྲུང་གོའི་དྲག་རྩལ་གྱི་སྣ་གཅིག་ཡིན་ལ། དྲག་རྩལ་འདི་ཧྲའོ་ལིན་གྲྭ་བ་དག་གིས་གསར་གཏོད་དང་བརྒྱུད་འཛིན་བྱས་པ་ཡིན་པས། ཧྲའོ་ལིན་དྲག་རྩལ་ཞེས་པའི་མིང་འདི་བཏགས་པ་ཡིན།

རིགས་དབྱེ།  

ལུས་རྩལ་པ།

ལུས་རྩལ་པ་ནི་ལུས་རྩལ་བྱ་འགུལ་ལ་ཞུགས་པའི་མི་སྣ་ལ་ཟེར་ཞིང་། ལུས་རྩལ་པ་ཞེས་པའི་མིང་དེ་གནའ་བོའི་ཀེ་རི་སི་ནས་བྱུང་བ་ཡིན། དེའི་ནང་དོན་ནི“གཅེར་བུ”ཡིན། གནའ་བོའི་ཀེ་རི་སིའི་བརྐོས་རིས་སྟེང་ལུས་རྩལ་པ་ཚང་མ་གཅེར་བུ་ཡིན་པ་མཐོང་ཐུབ། གནའ་རབས་ཀྱི་ཨོ་རྩལ་འགྲན་ཚོགས་ཉམས་རྒུད་དུ་སོང་བ་དང་། དེང་རབས་ཀྱི་ཨོ་རྩལ་འགྲན་ཚོགས་དར་བ་ནས་བཟུང“ལུས་གཅེར་ལུས་རྩལ”དེ་ལུས་རྩལ་གྱི་ལོ་རྒྱུས་སྐད་ཆ་ཞིག་ཏུ་གྱུར་ཡོད། ལུས་རྩལ་པ་རྣམས་ཀྲུང་གོར་སྤྱིར་བཏང་དུ་ལུས་རྩལ་པ་ཕུལ་བྱུང་ཅན་དང་། རིམ་པ་དང་པོའི་ལུས་རྩལ་པ། རིམ་པ་གཉིས་པའི་ལུས་རྩལ་པ། རིམ་པ་གསུམ་པའི་ལུས་རྩལ་པ། གཞོན་ནུ་རིམ་པའི་ལུས་རྩལ་པ་བཅས་ལག་རྩལ་རིམ་པ་ལྔ་རུ་དབྱེ་ཡོད།

རིགས་དབྱེ།  

གྲ་སྒྲིག་འགྲན་བསྡུར།

གྲ་སྒྲིག་འགྲན་བསྡུར་ལ་སྤྱིར་བཏང་དུ་དངོས་གཞིའི་འགྲན་བསྡུར་དང་འདྲ་བའི་བྱེད་སྒོའི་བརྒྱུད་རིམ་ཡོད་དགོས་པ་དང་། དེ་ལ་གཙོ་སྒྲུབ་ལས་ཁུངས་དང་སྒྲུབ་འགན་འཁུར་བའི་ལས་ཁུངས། འགྲན་བསྡུར་བྱ་ཡུལ་དང་དུས་ཚོད་བཀོད་སྒྲིག འགྲན་བསྡུར་རྣམ་གྲངས་ཀྱི་གཏན་འབེབས། འགྲན་བསྡུར་ནང་ཞུགས་པའི་ཐོབ་ཐང་ཞིབ་བཤེར། གྲ་སྒྲིག་འགྲན་བསྡུར་བྱེད་ཐབས་ཀྱི་བཟོ་འགོད། མིང་ཐོ་འགོད་པའི་དུས་ཚོད། འབྲེལ་གཏུག་བྱེད་ཐབས། འགྲན་བསྡུར་ནང་ཞུགས་པའི་འགྲོ་གྲོན། གྲ་སྒྲིག་འགྲན་བསྡུར་གྱི་གོ་རིམ། གྲ་སྒྲིག་འགྲན་བསྡུར་གྱི་སྒྲིག་སྲོལ། ཤན་འབྱེད་པ་འདེམས་པ། བསྡུ་ལེན་གྱི་ཨང་རིམ་སོགས་ཡོད་དགོས།

རིགས་དབྱེ།  

ལྐུགས་དྲིལ།

ལྐུགས་དྲིལ་ནི་ལྗིད་འདེགས་དང་ལུས་སྦྱོང་སྦྱོང་བརྡར་གྱི་རམ་འདེགས་ཡོ་བྱད་ཅིག་ཡིན་ལ། འདེགས་དྲིལ་ལས་ཆུང་། ཅུང་ཡང་བའི་ལྐུགས་དྲིལ་གྱི་ལྗིད་ཚད་ལ་སྟོང་ཁེ3、4、6、8སོགས་ཡོད། ལྕི་བའི་ལྐུགས་དྲིལ་གྱི་ལྗིད་ཚད་ལ་སྟོང་ཁེ10、15、20、25、30སོགས་ཡོད། སྦྱོང་བརྡར་བྱེད་སྐབས་སྒྲ་མེད་པས་མིང་ལ་ལྐུགས་དྲིལ་བཏགས་པ་ཡིན།

རིགས་དབྱེ།  

རང་དབང་འཛིང་རེས།

རང་དབང་འཛིང་རེས་ནི་ཡར་ལངས་ནས་འཛིང་རེས་བྱེད་པ་ཞིག་ཡིན་ཞིང་། ཕྱོགས་གཅིག་སར་འགྱེལ་ན་ཅིག་ཤོས་ཀྱིས་རྡུང་མི་ཆོག་པ་དང་། དུས་མཚུངས་སུ་ཚིགས་ལྡོག་རྩལ་དང་གྲུ་མོ་སོགས་བཀོལ་མི་རུང་།

རིགས་དབྱེ།  

ལུས་རྩལ་འགྲན་བསྡུར།

ལུས་རྩལ་འགྲན་བསྡུར་ནི་ཤན་འབྱེད་པའི་གཙོ་སྐྱོང་འོག་གཅིག་གྱུར་གྱི་སྒྲིག་སྲོལ་བླང་བྱ་ལྟར་སྒྲིག་འཛུགས་དང་ལག་བསྟར་བྱས་པའི་ལུས་རྩལ་པ་ཁེར་རྐྱང་ངམ་ལུས་རྩལ་རུ་ཁག་དབར་གྱི་རྩལ་འགྲན་འགྲན་བསྡུར་ཞིག་ཡིན་ལ། རྩལ་འགྲན་ལུས་རྩལ་དེ་སྤྱི་ཚོགས་དང་འབྲེལ་བ་ཡོད་པ་མ་ཟད། སྤྱི་ཚོགས་ཀྱི་མཚམས་སྦྱོར་ལ་ནུས་པ་ཐོན་གྱི་ཡོད། ལུས་རྩལ་འགྲན་བསྡུར་ནི་ལུས་རྩལ་རྣམ་གྲངས་སྣ་ཚོགས་ཀྱི་འགྲན་བསྡུར་གྱི་སྤྱི་མིང་ཡིན། དེའི་གཞི་ཁྱོན་དང་ངོ་བོར་གཞིགས་ན། ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་དང་། རྣམ་གྲངས་རྐྱང་པའི་འགྲན་བསྡུར། རིམ་མཚུངས་འགྲན་བསྡུར། མཉམ་འབྲེལ་འགྲན་བསྡུར། གདན་ཞུའི་འགྲན་བསྡུར། འཕྲིན་གཏོང་འགྲན་བསྡུར། འདེམས་སྒྲུག་འགྲན་བསྡུར། འཁྲབ་སྟོན་འགྲན་བསྡུར་སོགས་སུ་དབྱེ་ཆོག

རིགས་དབྱེ།  

དབྱང་ཆན།

དབྱང་ཆན་ནི་སྤྱི་ལོ2000ལོའི་ཟླ7པའི་ཚེས10ཉིན་སྐྱེས་ཤིང་ཀྲུང་གོའི་མདའ་འཕེན་ལུས་རྩལ་པ་ཞིག་ཡིན་ལ། ཉིང་པོ་ལུས་རྩལ་སློབ་གྲྭས་གསོ་སྐྱོང་བྱས་པའི་མདའ་འཕེན་བདམས་ཐོན་པ་དབྱང་ཆན་མཐོ་རྒྱུགས་ལ་ཞུགས་ནས་ཆིང་ཧྭ་སློབ་ཆེན་གྱི་སློབ་བསྡུའི་སྐར་གྲངས་ཀྱི་ཚད་གཞིར་སླེབས་ནས་བདེ་བླག་ངང་བསྡུ་ལེན་བྱས་པ་དང་། ཆིང་ཧྭ་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་དུ་སློབ་སྦྱོང་བྱེད་བཞིན་ཡོད།

རིགས་དབྱེ།  

ལུས་རྩལ་དཔལ་འབྱོར་རིག་པའི་ཆེད་ལས།

ལུས་རྩལ་དཔལ་འབྱོར་ནི་དེང་རབས་དཔལ་འབྱོར་རིག་པའི་གྲུབ་ཆ་ཞིག་ཡིན་པ་དང་། སྣོལ་འདྲེས་རང་བཞིན་གྱི་གསར་དར་ཚན་རིག་གི་ཁོངས་སུ་གཏོགས་པ་དང་། ལུས་རྩལ་དཔལ་འབྱོར་གྱི་གནད་དོན་ལ་དབྱེ་ཞིབ་བྱེད་པའི་གསར་དར་ཉེར་སྤྱོད་དཔལ་འབྱོར་གྱི་གཞུང་ལུགས་ཤིག་ཡིན། དེ་ནི་དཔལ་འབྱོར་རིག་པའི་རྩ་བའི་རིགས་པ་བེད་སྤྱོད་གང་ལེགས་བྱས་ནས་ལུས་རྩལ་དཔལ་འབྱོར་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་དུ་འཕྲད་པའི་གནད་དོན་ལ་དབྱེ་ཞིབ་དང་ཐག་གཅོད་བྱེད་པའི་ཆེད་དུ་ཡིན།

རིགས་དབྱེ།  

ལུས་རྩལ་དཔལ་འབྱོར་རིག་པ།

ལུས་རྩལ་དཔལ་འབྱོར་རིག་པ་ནི་ལུས་རྩལ་ཚན་རིག་གི་རིག་ཚན་གྱི་གྲས་ཤིག་ཡིན་ལ། དཔལ་འབྱོར་རིག་པའི་དབྱེ་ཞིབ་བྱེད་ཐབས་ལ་བརྟེན་ནས་ལུས་རྩལ་ཐོན་ལས་ཞིབ་འཇུག་བྱེད་པའི་ཉེར་སྤྱོད་དཔལ་འབྱོར་རིག་པ་ཡིན།

རིགས་དབྱེ།  

ལུས་རྩལ་ཚན་རིག

ལུས་རྩལ་ཚན་རིག་ནི་གསར་དར་གྱི་རིག་ཚན་ཞིག་ཡིན་ཞིང་། དེས་ལུས་རྩལ་གྱི་སྣང་ཚུལ་སྣ་ཚོགས་ལ་ཞིབ་འཇུག་བྱེད་པའི(རྩལ་འགྲན་གྱི་ལས་འགུལ་དང་། ལུས་ཕུང་སྦྱོང་བརྡར། ལུས་ཕུང་རོལ་རྩེད། ལུས་རྩལ་སློབ་གསོ་སོགས་ཚུད་པའི་ལུས་རྩལ་བྱ་འགུལ་གྱི་བརྒྱུད་རིམ་ཡོད་ཚད་ཚུད་ཡོད)ལུས་རྩལ་གྱི་སྣང་ཚུལ་སྣ་ཚོགས་ཀྱི་བརྒྱུད་རིམ་དང་། ངོ་བོ། ཆོས་ཉིད་བཅས་གསལ་སྟོན་བྱས་ཏེ། མིའི་ལུས་ཕུང་གི་འགུལ་སྐྱོད་ནུས་པ་ངོས་འཛིན་དང་འདོན་སྤེལ་བྱས་ནས་མིའི་རིགས་ཀྱི་བདེ་ཐང་ཆུ་ཚད་མཐོར་འདེགས་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དམིགས་ཡུལ་དུ་བཟུང་ཡོད།

རིགས་དབྱེ།  

ལུས་རྩལ་ཚན་རིག་རིག་པ།

ལུས་རྩལ་ཚན་རིག་རིག་པ་ནི་ལུས་རྩལ་ཚན་རིག་གི་རིག་ཚན་ཞིག་ཡིན་ཞིང་། དེ་ནི་ལུས་རྩལ་ཚན་རིག་དང་ལུས་རྩལ་ཚན་རིག་བྱེད་སྒོའི་འཕེལ་རྒྱས་ཀྱི་ཆོས་ཉིད་དང་སྤྱི་ཚོགས་ཤུགས་རྐྱེན་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན་ལ། རང་བྱུང་རྩོད་སྒྲུབ་རིག་པ་ནི་ལུས་རྩལ་ཚན་རིག་རིག་པའི་གཞུང་ལུགས་ཀྱི་རྨང་གཞི་ཡིན།

རིགས་དབྱེ།  

ལུས་རྩལ་རིག་པའི་ཆེད་ལས།

ལུས་རྩལ་རིག་པ་ནི་ལུས་རྩལ་ཚན་རིག་མ་ལག་དང་དེའི་འཕེལ་ཕྱོགས་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན། དེའི་ནང་དོན་གཙོ་བོ་ནི་ལུས་རྩལ་ཚན་རིག་མ་ལག་གི་སྒྲིག་གཞི་དང་། རིམ་པ། རིམ་འགྱུར། འཛུགས་དགོས་པའི་རིག་ཚན། རིག་ཚན་སོ་སོའི་བར་དང་འབྲེལ་ཡོད་རིག་ཚན་བར་གྱི་ཕན་ཚུན་སིམ་འཛུལ་དང་ཕྱོགས་བསྡུས་འཕེལ་རྒྱས་ཀྱི་འབྲེལ་བ་བཅས་ལ་ཞིབ་འཇུག་བྱེད་པ་ཡིན།

རིགས་དབྱེ།  

ལུས་རྩལ་ཚན་རིག་གི་རིག་ཚན་གསར་བའི་གསར་འཛུགས་རིག་པ།

ལུས་རྩལ་ཚན་རིག་གི་རིག་ཚན་འཛུགས་སྐྱོང་དང་རིག་ཚན་གསར་འཛུགས་བྱེད་པ་དེ་ལུས་རྩལ་ཚན་རིག་འཕེལ་རྒྱས་སུ་འགྲོ་བའི་འཕེལ་ཕྱོགས་ལྡོག་མེད་ཅིག་ཏུ་གྱུར་ཡོད། རང་རྒྱལ་གྱི་ལུས་རྩལ་ཚན་རིག་གི་རྨང་གཞིའི་རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་བྱ་བ་དང་། ཁྱད་པར་དུ་རིག་ཚན་ཁག་གསར་འཛུགས་ཐད་ཀྱི་ཞིབ་འཇུག་བྱ་བ་ནི་དེང་སྐབས་ཀྱི་ལས་འགན་ཧ་ཅང་གལ་ཆེན་ཞིག་ཡིན།

རིགས་དབྱེ།  

ལུས་རྩལ་ཚན་རྩལ།

《ལུས་རྩལ་ཚན་རྩལ》ནི་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ལུས་རྩལ་ཅུའུ་ཡིས་གཙོ་གཉེར་བྱས་པ་དང་ཀོང་ཞི་ལུས་རྩལ་ཚན་རིག་ཞིབ་འཇུག་སུའོ་ཡིས་གཙོ་གཉེར་བྱས་པའི་ཆེད་ལས་རིགས་ཀྱི་ལུས་རྩལ་རིག་གཞུང་དུས་དེབ་ཅིག་ཡིན་པ་དང་ད་ལྟ་ཟླ་ཟུང་དུས་དེབ་ཡིན།

རིགས་དབྱེ།  

ལུས་རྩལ་འགུལ་སྐྱོད་ཚན་རིག་གི་རིགས་པའི་གཞུང་ལུགས།

《ལུས་རྩལ་འགུལ་སྐྱོད་ཚན་རིག་གི་རིགས་པའི་གཞུང་ལུགས》ནི་སྤྱི་ལོ2015ལོའི་ཟླ8པར་ཆིང་ཧྭ་སློབ་ཆེན་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་དཔེ་དེབ་ཅིག་ཡིན་པ་དང་རྩོམ་པ་པོ་ནི་ཀོའུ་ཞའོ་ཕིང་དང་། ཧྲེན་ཀྲེན། ཀའོ་ཞུའེ་ཧྥེང་བཅས་ཡིན།

རིགས་དབྱེ།  

སྡོམ་རྩིས་རིག་པའི་ལོ་རྒྱུས་ཟིན་ཐོ།

སྡོམ་རྩིས་རིག་པའི་ལོ་རྒྱུས་ཟིན་ཐོ་ནི་དུས་དེབ་ཅིག་ཡིན་ཞིང་སྤྱི་ལོ1930ལོར་གསར་དུ་བཏོན་པ་ཡིན།

རིགས་དབྱེ།  

གཞན་དག  བརྡ་འགྲེལ 99 ཡོད།