དེང་རབས་རྣམ་གྲངས་ལྔའི་ལུས་རྩལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དེང་རབས་རྣམ་གྲངས་ལྔའི་ལུས་རྩལ།
དེང་རབས་རྣམ་གྲངས་ལྔའི་ལུས་རྩལ་ནི་རྟ་རྩལ་དང་རལ་གྲིའི་སྣུན་རྩལ། མེ་མདའ་འཕེན་རྩལ། ཆུར་རྐྱལ། བང་རྒྱུག་བཅས་སྒེར་ཚུགས་ཀྱི་ལུས་རྩལ་བྱ་འགུལ་ལྔ་མཉམ་དུ་འདུས་ཏེ་གྲུབ་པའི་ལུས་རྩལ་རྣམ་གྲངས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
现代五项
ཕྱི་ཡིག་གི་མིང་།
Modern Pentathlon
མིང་གཞན།
དམག་ཐབས་རྣམ་གྲངས་ལྔ།
ནང་དོན།
རྟ་རྩལ་དང་རལ་གྲིའི་སྣུན་རྩལ། མེ་མདའ་འཕེན་རྩལ། ཆུར་རྐྱལ། བང་རྒྱུག་བཅས།
1 ངོ་སྤྲོད།

དེང་རབས་རྣམ་གྲངས་ལྔའི་ལུས་རྩལ་ནི་རྟ་རྩལ་དང་རལ་གྲིའི་སྣུན་རྩལ།   མེ་མདའ་འཕེན་རྩལ།   ཆུར་རྐྱལ།   བང་རྒྱུག་བཅས་སྒེར་ཚུགས་ཀྱི་ལུས་རྩལ་བྱ་འགུལ་ལྔ་མཉམ་དུ་འདུས་ཏེ་གྲུབ་པའི་ལུས་རྩལ་རྣམ་གྲངས་ཤིག་ཡིན་ཞིང་།  འགྲན་ཞུགས་པར་ཕྱོགས་གང་མང་གི་ལུས་རྩལ་དང་།   ཞུམ་མེད་ཀྱི་བློ་སྤོབས་ཡོད་དགོས་པའི་འཆར་གཞི་བཏོན་ཡོད།  ལུས་རྩལ་རྣམ་གྲངས་འདི་ལྔ་བོ་ནི་སྐབས་དེའི་དམག་མི་དག་གིས་ངེས་པར་དུ་རྒྱུས་ལོན་ཟབ་མོ་བྱས་ཏེ་དངོས་སུ་སྤྱོད་དགོས་པའི་དམག་ཐབས་ཤིག་ཡིན་པས།   འདི་ལ་དམག་ཐབས་རྣམ་གྲངས་ལྔ་ཞེས་ཀྱང་འབོད་པ་ཡིན།   ཨོ་རྩལ་འགྲན་ཚོགས་དང་འཛམ་གླིང་འགྲན་རྩེད་ཀྱི་སྒྲིག་ཁྲིམས་ལྟར་ན།  དེང་རབས་རྣམ་གྲངས་ལྔའི་ལུས་རྩལ་ནི་ཉིན་གཅིག་ལ་རྣམ་གྲངས་གཅིག་རེ་འགྲན་སྡུར་བྱས་ཏེ་ཉིན་ལྔའི་ནང་དུ་འགྲན་སྡུར་མཇུག་རྫོགས་དགོས་པ་ཡིན།   རྐྱང་རྩེད་དང་ཐུན་མོང་གི་འགྲན་སྡུར་གྱི་རྒྱལ་ཕམ་ནི་རྣམ་གྲངས་རེ་རེའི་སྐར་གྲངས་ཀྱི་སྡོམ་གྲངས་དང་མང་ཉུང་གིས་ཐག་གཅོད་པ་ཡིན།

2 ལོ་རྒྱུས།

དེང་རབས་རྣམ་གྲངས་ལྔའི་ལུས་རྩལ་ནི་ཧྥ་རན་སེའི་དམག་དཔོན་ཞིག་གི་ཡིད་འཕྲོག་ཅིང་དཔའ་སྟོབས་ཅན་གྱི་ཉེན་ཁའི་མྱོང་བ་ཞིག་ལས་མཆེད་པ་ཡིན།   ཁོས་རང་གི་ཆིབས་པ་གཞན་གྱིས་བསད་པར་མེ་མདའ་དང་རལ་གྲིས་རང་སྲུང་བྱས་ཤིང་།   འཐབ་འཛིང་ཁྲོད་གཙང་པོ་ཆེན་པོ་ཞིག་ལ་ཆུར་རྐྱལ་གྱིས་བརྒལ་བ་དང་།  དེ་ནས་རྐང་ཐང་གིས་བརྒྱུགས་ནས་སྙན་ཞུ་ཕུལ་བ་ཡིན།   རྗེས་སུ་ཡོ་རོབ་གླིང་གི་རྒྱལ་ཁབ་དམག་མི་རུ་ཁག་གིས་འདི་ལུས་རྩལ་རྣམ་གྲངས་ཀྱི་ཁོངས་སུ་བསྡུས་ཏེ་དར་ཁྱབ་ཏུ་བཏང་།   ལུས་རྩལ་རྣམ་གྲངས་འདི་ཨོ་ལིན་ཕིག་ཡབ་རྗེ་ཁའོ་ཊེན་གྱིས་ཧྥ་རན་སེའི་དམག་དཔོན་དེའི་ངག་རྒྱུན་གཞིར་བཟུང་ནས་གསར་འཛུགས་བྱས་པ་ཞིག་ཡིན་ཞིང་།   འདི་སྤྱི་ལོ1912ལོའི་ཨོ་རྩལ་འགྲན་ཚོགས་སྐབས་ལྔ་བའི་སྟེང་དངོས་སུ་འགྲན་སྡུར་རྣམ་གྲངས་སུ་གྱུར།   ལུས་རྩལ་རྣམ་གྲངས་འདི་ཀྲུང་གོར་དར་ཡུན་ཅུང་འཕྱི་ཞིང་།   ཁྱབ་གདལ་གྱི་ཚད་ཀྱང་དེ་འདྲ་མཐོན་པོ་མེད་པ་ཡིན།   


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-24

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།