ལུས་རྩལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལུས་རྩལ།
ལུས་རྩལ་ལ་ལུས་རྩལ་འགུལ་སྐྱོད་ཀྱང་ཟེར། ལུས་རྩལ་གྱི་མཚན་ཉིད་དུ་ལུས་པོའི་འགུལ་སྐྱོད་དང་། འགྲན་རྩེད། ལུས་ཕུང་སྦྱོང་བརྡར་བཅས་གསུམ་འདུ། དེ་ནི་ལུས་པོའི་སློབ་གསོ་དང་ཀུན་སྤྱོད་སློབ་གསོ། ཤེས་རབ་སློབ་གསོ། མཛེས་དཔྱོད་སློབ་གསོ་བཅས་དང་འདྲ་བར་སློབ་གསོའི་གལ་ཆེ་བའི་གྲུབ་ཆ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
体育
ཕྱི་ཡིག་གི་མིང་།
physical education
མིང་གཞན།
ལུས་རྩལ་འགུལ་སྐྱོད།
འབྱུང་ཁུངས་དུས་ཚོད།
དུས་རབས་བཅུ་དགུ་བའི་མཇུག་དང་དུས་རབས་ཉི་ཤུ་བའི་དུས་མགོ།
རིགས་དབྱེ།
མང་ཚོགས་ལུས་རྩལ་དང་ཆེད་ལས་ལུས་རྩལ།    སློབ་གྲྭའི་ལུས་རྩལ་སོགས།
བྱེད་ནུས།
ལུས་ཕུང་སྦྱོང་བརྡར།
1 ​ངོ་སྤྲོད།

ལུས་རྩལ་ལ་ལུས་རྩལ་འགུལ་སྐྱོད་ཀྱང་ཟེར།   ལུས་རྩལ་གྱི་མཚན་ཉིད་དུ་ལུས་པོའི་འགུལ་སྐྱོད་དང་།   འགྲན་རྩེད།   ལུས་ཕུང་སྦྱོང་བརྡར་བཅས་གསུམ་འདུ།   དེ་ནི་ལུས་པོའི་སློབ་གསོ་དང་ཀུན་སྤྱོད་སློབ་གསོ།   ཤེས་རབ་སློབ་གསོ།  མཛེས་དཔྱོད་སློབ་གསོ་བཅས་དང་འདྲ་བར་སློབ་གསོའི་གལ་ཆེ་བའི་གྲུབ་ཆ་ཞིག་ཡིན་པ་ཏེ།   ལུས་ཕུང་སྦྱོང་བརྡར་གྱི་ཤེས་བྱ་དང་ནུས་རྩལ་བརྒྱུད་སྤྲོད།  སེམས་ཤུགས་དང་ཀུན་སྤྱོད་གསོ་སྦྱོང་བྱས་ནས་གཟུགས་པོ་ཁྱོན་ཡོངས་ནས་ཡར་རྒྱས་སུ་གཏོང་བའི་བརྒྱུད་རིམ་ཞིག་ཡིན།   འགྲན་རྩེད་ལུས་རྩལ་གྱིས་ལུས་པོར་ཅི་དྲགས་ཀྱིས་སྟོབས་རྒྱས་སུ་བཅུག་ནས།   མི་སྒེར་གྱི་ལུས་པོའི་སྟོབས་ཤུགས་ཡོད་རྒུ་སྔོག་འདོན་བྱས་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་ལེན་རྒྱུར་འབད་པ་ཡིན།   ལུས་ཕུང་སྦྱོང་བརྡར་ནི་གཟུགས་སྦྱོང་དང་།   གསོ་རིག་འཕྲོད་བསྟེན།  རྩེད་མོའི་བརྡ་འཕྲིན་དག་དམིགས་ཡུལ་དུ་བྱེད་པའི་ལུས་སྦྱོང་ཞིག་ཡིན།

2 གོ་དོན།

གནའ་རབས་ལུས་རྩལ་ལ་གོ་དོན་ངེས་གཏན་མེད་ཅིང་།  སྐབས་འགར་གཟུགས་སྦྱོང་གི་གོ་དོན་དང་མཉམ་བསྲེས་བྱས་འདུག   དུས་རབས20པའི་དུས་སྟོད་ནས་བཟུང་འཛམ་གླིང་ཡོངས་ནས་ལུས་རྩལ་ཞེས་འབོད།   དེ་ནི་མི་རྣམས་ཀྱིས་འཚོ་བའི་ཐོན་སྐྱེད་དང་དགོས་མཁོ་གཞིར་བཅས་ཤིང་།   གཟུགས་ཕུང་འཚར་ལོངས་དང་ལུས་པོའི་འགུལ་སྐྱོད་ཀྱི་ཆོས་ཉིད་དང་ལུས་ཕུང་སྦྱོང་བརྡར་བྱེད་པའི་ཐབས་ཤེས་ལ་གཞིགས་ནས་འོད་དང་དབུགས་རྒྱུན།   ཆུ་སོགས་ཀྱི་རང་བྱུང་ཆ་རྐྱེན་དང་འཕྲོད་བསྟེན་བྱེད་ཐབས་བརྒྱུད་སོ་སོའི་གཟུགས་སྟོབས་རྒྱས་པར་བྱེད་པ་དང་།   འགུལ་སྐྱོད་ཀྱི་ཆུ་ཚད་མཐོར་འདེགས་བྱེད་པ།   སྤྱི་ཚོགས་ཀྱི་རིག་རྩེད་འཚོ་བ་ཕུན་སུམ་ཚོགས་རྒྱུ་དམིགས་ཡུལ་དུ་བྱེད་པའི་སྤྱི་ཚོགས་བྱ་འགུལ་དག་ཡིན།   ལུས་རྩལ་ནི་སྤྱི་ཚོགས་ཀྱི་རིག་གནས་སློབ་གསོའི་གྲུབ་ཆ་གལ་ཆེན་ཡིན་པ་མ་ཟད།   སྤྱི་ཚོགས་གང་དེའི་ཆབ་སྲིད་དང་དཔལ་འབྱོར་གྱིས་གེགས་ངེས་ཅན་ཞིག་ཀྱང་ཐེབས་ཀྱི་ཡོད།

3 ཆུ་ཚད།

རྒྱལ་ཁབ་ཅིག་གི་ལུས་རྩལ་འགུལ་སྐྱོད་ཀྱི་ཆུ་ཚད་ནི་མི་དམངས་ཀྱི་གཟུགས་ཕུང་གི་ཆུ་ཚད་དང་།  ལུས་རྩལ་གྱི་ཁྱབ་ཚད།   ལུས་རྩལ་གྱི་ལམ་ལུགས།   ལུས་རྩལ་སྦྱོང་ཐབས་དང་དེའི་ལག་བསྟར་གྱི་གནས་ཚུལ།   ལུས་རྩལ་གྱི་ཚན་རིག་ཤེས་བྱའི་ཆུ་ཚད་དང་དེའི་ལུས་རྩལ་སྒྲིག་ཆས།   རྩེད་རྩལ་གྱི་ཆུ་ཚད་དང་ཆེས་ལེགས་ཤོས་ཀྱི་གྲུབ་འབྲས་བཅས་ཕྱོགས་ལྔ་ནས་ཚད་དུ་འབྱེད་པ་ཡིན།

4 རིགས་དབྱེ།

ལུས་རྩལ་གྱི་རིགས་དབྱེ་ལ་རྩལ་འགྲན་འགུལ་སྐྱོད་དང་རྩེད་འཇོའི་ལུས་རྩལ།   མང་ཚོགས་ལུས་རྩལ།   ཆེད་ལས་ལུས་རྩལ།   སློབ་གྲྭའི་ལུས་རྩལ།   འཕྲོད་བསྟེན་ལུས་རྩལ་སོགས་འདུ་བ་ཡིན།


བརྡ་འགྲེལ་གདོང་འཛར།

ལུས་རྩལ། ལུས་རྩལ་འགུལ་སྐྱོད།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།