རྡེའུ་འཕྲུལ་གྱི་མོ་འདི་ལ་ཐོག་མར་ལྡེའུ་འཕྲུལ་ཞེས་བྱ། ལྐོག་གྱུར་གྱི་མངོན་ཤེས་གསལ་བའི་འཕྲུལ་མོའི་དོན་ཡིན། འདི་ནི་དེང་སྐབས་ཡོངས་གྲགས་སུ་མོའམ་མོ་ཕྱྭ་ཞེས་པ་འདིའི་རིགས་ཀྱི་ཕྱི་མོའམ་ཐོག་མ་ཡིན་པ། ནམ་མཁའི་ནོར་བུའི་དགོངས་པ་ལྟར་ན། དེ་ནི་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེས་མཛད་པར་འདོད། རྡེའུ་འཕྲུལ་ལམ་ལྡེའུ་འཕྲུལ། ཡང་རྡེལ་དྲུག་ཅེས་བྲིས་པ་ཡོད།
མོ་ཡོན་ནི་མོ་ཞུ་མཁན་གྱིས་མོ་མར་བཀའ་དྲིན་ཞུ་ཆེད་ཕུལ་བའི་འོས་འབབ་ཀྱི་ནོར་རྫས་གང་རུང་ལ་ཟེར།
པྲ་མོའང་མོ་ཐམས་ཅད་དང་མཚུངས་ལ། དེ་ནི་ལེགས་ཉེས་ཀྱི་གནས་དང་ལྐོག་གྱུར་གྱི་ལས་རྣམས་སྒྲུབ་པར་མཛུབ་སྟོན་གྱི་སྒྲོན་མེ་ལྟ་བུ་ཡིན་པས། འཇིག་རྟེན་གྱི་བྱ་བའི་ལེགས་ཉེས་དང་གསང་བ་མཐའ་དག་མོ་འདི་ལ་བརྒྱུད་དེ་གསལ་བོར་སྟོན་པ་ཡིན། པྲ་ཡི་མོ་འདི་དེང་སང་གཙོ་བོ་རིགས་གསུམ་དུ་དབྱེ་ཡོད་དེ། མེ་ལོང་པྲ་ཕབ་དང་མཐེབ་པྲ། རྩ་པྲ་བཅས་ཡིན།
རེས་གཟའ་བདུན་ནི། ཉི་མ་ལ་སོགས་པའི་གཟའ་བདུན་པོ་རྣམས་རང་རང་ཐོག་མར་སྐྱེས་པའི་ཞག་དེ་ལ་དབང་བྱེད་པ་ཡིན་པས་ན་རེས་གཟའ་ཞེས་བཏགས་པ་ཡིན།
《རྩིས་རིག་ལ་འཇུག་པའི་སྒོ》ལས་བྱུང་བའི་རྒྱལ་ཁབ་ཉི་ཤུ་རྩ་བཞིར་སྤྱི་ལོའི་ལོ་རྩིས་ཐོག་མར་བེད་སྤྱོད་བྱས་པའི་དུས་ཚིགས་ཀྱི་རེའུ་མིག་ཞིབ་མོར་བཀོད་ཡོད།
སྤྱི་ལོའི་སྔོན་གྱི1557པའི་ཤིང་བྱི་ལོར་རྒྱ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོའམ་ཀོང་རྩེ་འཕྲུལ་རྒྱལ་ཞེས་པས་འབྱུང་རྩིས་ལ་བརྟེན་ནས་གཏོ། མདོས། ཡས། གླུད་བཅས་ཀྱི་ཆོ་ག་མང་པོ་བཟོས་པ་དེང་དུས་ཡང་བོད་མིའི་ཆོས་ཀྱི་འཚོ་བའི་ནང་དུ་དར་སྲོལ་ཆེ།
གཞན་དག བརྡ་འགྲེལ 8 ཡོད། |