ཡོངས་འཛིན་རིག་མཛོད། >རང་བྱུང་ཁམས། >རྩིས་རིག་པ། >སྐར་རྩིས།

ཤམ་བྷ་ལའི་ཞིང་བཀོད་དང་ཆོས་རྒྱལ་བདུན།

ཤམ་བྷ་ལའི་ཞིང་བཀོད་དང་ཆོས་རྒྱལ་བདུན་ནི་བོད་ཀྱི་སྐར་རྩིས་རིག་པ་ལས་སྐར་རྩིས་རིག་པ་བྱེ་བྲག་ཏུ་བཤད་པའི་སྐབས་ཀྱི་གཅིག་ཡིན། ངོ་སྤྲོད། ཤམ་བྷ་ལ་ནི་ལེགས་སྦྱར་སྐད་དེ་བོད་སྐད་དུ་བསྒྱུར་ན་བདེ་འབྱུང་འཛིན་པ།    དེའི་ཡུལ་གྱི་བཀོད་པ་ནི་ཟླུམ་པོ་པད་མ་འདབ་བརྒྱད་ལྟེ་བ་དང་བཅས་པའི་རྣམ་པར་གནས་པ།     མཐར་གངས་རིས་བསྐོར་བ།    བར་ཆུ་བོས་ཆོད་པའི་འདབ་མ་རེ་རེར་གྲོང་ཁྱེར་བྱ་བ་བྱེ་བས་བརྒྱན་པའི་ཡུལ་ཆེན་པོ་བཅུ་གཉིས།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

སྒྲ་གཅན་འཁོར་ལོ།

སྒྲ་གཅན་འཁོར་ལོ་ནི་བོད་ཀྱི་སྐར་རྩིས་རིག་པ་ལས་སྐར་རྩིས་རིག་པ་བྱེ་བྲག་ཏུ་བཤད་པའི་སྐབས་ཀྱི་གཅིག་ཡིན། ངོ་སྤྲོད། སྒྲ་གཅན་འཁོར་ལོ་ནི་ཕྱོགས་ཀྱི་ཐེབས་རྩིས་ཁྱད་པར་ཅན་ཞིག་སྟེ།    བརྟག་ཐབས་ནི་སྒྲ་གཅན་གྱི་གདོང་པ་གདོང་སྐར་སྟེང་དུ་བཞག     མཇུག་མ་མཇུག་སྐར་དང་བསྟུན།   ཉི་སྐར་ནག་རྩིས་ལྟར་བརྩིས་པའི་དུས་ཚོད་ནམ་དགོས་སྟེང་བསྐྱལ་བས།    མདེའུ་རྩེ་གར་བལྟས་ཐེབས་ཕྱོགས་ཡིན་ཏེ།    དེར་གཡུལ་འཇུག་པ་དང་།    ཤགས་འགྱེད་པ།    རྩལ་སྤྲོད་པ།    རྒྱན་དང་ཆོ་ལོ་རྩེ་བ།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

གོ་ལ།

འདི་ནི་བོད་ཀྱི་སྐར་རྩིས་རིག་པ་ལས་སྐར་རྩིས་ཀྱི་གོ་དོན་བཤད་པ་སྟེང་ནས་དབྱེ་བ་ཡིན། ངོ་སྤྲོད། དུས་འཁོར་ལུགས་ཀྱི་གོ་ལའི་རྣམ་བཞག་ལ།    བརྟན་གཡོའི་རླུང་ཇི་སྙེད་ཀྱིས་གནམ་གྱི་གོ་ལ་བཏེགས་ཏེ།    དབྱིབས་གདུགས་ཕུབ་པ་བཞིན་རི་གླིང་རྣམས་ཀྱི་སྟེང་དུ་དབུས་མཐོ་རི་རབ་ལ་ཉེ་ཞིང་།     མཐའ་ཁྱུད་གཞོལ་གྱིས་དམའ་སྟེ་མེ་དཀྱིལ་ལ་ཉེ་བ།    དེའི་སྟེང་དུ་རྒྱུ་སྐར་ཉེར་བདུན་ཕྲ་བཏབ་པ་བཞིན་དུ་གནས།      རླུང་སྟོབས་ཀྱིས་ཉིན་ཞག་རེར་གོ་ལ་རྫོགས་པར་འཁོར་ཐེངས་གཅིག་གཡས་སུ་བསྐོར་བ་དེ་མིག་གི་ཡུལ་དུ་ཤིན་ཏུ་གསལ་བས་ན“སྣང་འགྲོས”སམ“རླུང་འགྲོས”ཞེས་གྲགས།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

དུས་མཚམས་ཉེར་བཞི་སོགས་ལ་བརྟག་ཚུལ།

འདི་ནི་བོད་ཀྱི་སྐར་རྩིས་ལས་གནའ་རབས་ཀྱི་དུས་བརྟག་གནམ་དཔྱད་རྩིས་བཤད་པའི་དུས་མཚམས་ཉེར་བཞི་སོགས་ལ་བརྟག་ཚུལ་ཡིན་ཞིང་། འདིའི་ནང་དུས་མཚམས་ཉེར་བཞི་ལ་བརྟེན་པའི་ལོ་ཏོག་ལེགས་ཉེས་བརྟག་པ་དང་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་གི་འཐིབས་ཐངས་བརྟག་པ། ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ཉིན་གནམ་གྱི་ཁམས་བཅུ་དང་ཕྲག་པ་བརྟག་པ། ལོ་སོ་སོའི་ཟླ་བ་དང་པོའི་མར་ངོའི་བྱི་བའི་ཉི་མའི་འབྲས་བུ་བརྟག་པ། དུས་བཞིའི་བྱི་བའི་ཉིན་གྱི་འབྲས་བུ་བརྟག་པ། འབྲུག་ཐོག་མར་གྲགས་པའི་ཉིན་གྱི་འབྲས་བུ་བརྟག་པ་སོགས་ཡོད།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

ལོ་འགོ།

ལོ་རེའི་ཟླ་བ་བཅུ་གཉིས་ལས་གང་དང་གང་ལ་ལོའི་མགོ་འཛིན་ཚུལ་མི་འདྲ་བ་དུ་མ་ཡོད་དེ། ཀློང་རྡོལ་བླ་མ་ངག་དབང་བློ་བཟང(སྤྱི་ལོ1719-སྤྱི་ལོ1795)གིས་དཀྱུས་གཅིག་ཏུ་ཧོར་ཟླའི་སྒོ་ནས་བཤད་ཡོད། ངོ་སྤྲོད། ལོ་རེའི་ཟླ་བ་བཅུ་གཉིས་ལས་གང་དང་གང་ལ་ལོའི་མགོ་འཛིན་ཚུལ་མི་འདྲ་བ་དུ་མ་ཡོད་དེ།    ཀློང་རྡོལ་བླ་མ་ངག་དབང་བློ་བཟང(སྤྱི་ལོ1719-སྤྱི་ལོ1795)གིས་དཀྱུས་གཅིག་ཏུ་ཧོར་ཟླའི་སྒོ་ནས་བཤད་དེ། 1.ཧོར་ཟླ་གསུམ་པའི་ཚེས་གཅིག་སྟེ་ནག་ཟླ་ཡར་ངོའི་ཚེས་གཅིག་ལ་འཛིན་པ་ནི་དུས་འཁོར་རྩ་རྒྱུད་ཀྱི་རྗེས་སུ་འབྲངས་ནས་སྐར་རྩིས་པ་རྣམས་ཀྱི་ལུགས།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

གློག་བརྟག་ཚུལ།

འདི་ནི་བོད་ཀྱི་སྐར་རྩིས་ལས་གནའ་རབས་ཀྱི་དུས་བརྟག་གནམ་དཔྱད་རྩིས་བཤད་པའི་གློག་བརྟག་ཚུལ་ཡིན། ངོ་སྤྲོད། གློག་བརྟག་པ་ནི།    ལྷོ་ནུབ་ཕྱོགས་སུ་གློག་འོད་འཁྱུགས། །ཕྱི་ཉིན་ཚ་བ་འཐིབ་པར་འགྱུར། །ནུབ་ཏུ་གློག་འོད་འཁྱུགས་གྱུར་ན། །ཆར་བ་རྒྱུན་རིང་འབབ་པར་འགྱུར། །འབྲུག་དུས་གློག་འོད་དྲག་པོ་འཁྱུགས། །ངེས་པར་རླུང་ཆེན་ལྡང་བར་འགྱུར། །གློག་འོད་འཆལ་བར་འཁྱུགས་གྱུར་ན། །ཆར་མེད་རླུང་ཡང་འཇགས་པར་འགྱུར། །གློག་འོད་སིལ་བུར་འཁྱུགས་གྱུར་ན། །ཆར་འབབ་རླུང་ཆེན་ལྡང་བར་འགྱུར།  །

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

སྲོག་གཟའི་བརྩི་སྟངས།

སྲོག་གཟའི་བརྩི་སྟངས་ནི་བོད་ཀྱི་སྐར་རྩིས་རིག་པ་ལས་གྲུབ་བྱེད་གཉིས་ཀྱི་ཡན་ལག་ལྔའི་ལོ་ཐོ་ལྟ་སྟངས་སྐོར་བཤད་པ་ནང་གི་གཅིག་ཡིན། ངོ་སྤྲོད། རྩིས་གཞུང་ལས།    བརྩི་བྱའི་གཞི་ནི་འབྱུང་ལྔ་སྟེ། །ཤིང་མེ་ས་ལྕགས་ཆུ་ལྔ་པོ། །དེ་རྣམས་མ་བུ་དགྲ་གྲོགས་བརྩི། །ཤིང་མ་ཆུ་ལ་ཆུ་མ་ལྕགས། །ལྕགས་མ་ས་ལ་ས་མ་མེ། །མེ་ཡི་མ་དེ་ཤིང་ཡིན་ནོ། །ཤིང་བུ་མེ་ལ་མེ་བུ་ས། །ས་བུ་ལྕགས་ལ་ལྕགས་བུ་ཆུ། །ཆུ་ཡི་བུ་དེ་ཤིང་ཡིན་ནོ། །ཤིང་དགྲ་ལྕགས་ལ་ལྕགས་དགྲ་མེ། །མེ་དགྲ་ཆུ་ལ་ཆུ་དགྲ་ས། །ས་ཡི་དགྲ་དེ་ཤིང་ཡིན་ནོ།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ཆེན་མོ།

དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ཆེན་མོ་ནི་བོད་ཀྱི་སྐར་རྩིས་རིག་པ་ལས་སྐར་རྩིས་རིག་པ་བྱེ་བྲག་ཏུ་བཤད་པའི་སྐབས་ཀྱི་གཅིག་ཡིན། ངོ་སྤྲོད། དེ་ཡང་བདག་ཅག་གི་སྟོན་པ་མཚུངས་པ་མེད་པ་ཤཱཀྱའི་རྒྱལ་པོ་ཉིད་ཀྱིས་བསྐལ་པ་གྲངས་མེད་པ་རྣམས་ཀྱི་སྔོན་ནས་བླ་མེད་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཅིང་།    ལྷག་པར་རྩོད་ལྡན་སྙིགས་མ་ལྔ་བདོའི་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ཉིད་ཐུགས་རྗེ་ཆེན་པོས་བདག་གིར་བཟུང་སྟེ་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ་པ་ཇི་ལྟར་སྨོན་པ་དེ་ལྟར་འགྲུབ་པའི་རྒྱུ་ཚོགས་གཉིས་ཡོངས་སུ་རྫོགས་པའི་སྟོབས་ཀྱིས།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

འདས་ལོ་རྩི་ཚུལ།

རྩིས་འགོ་དང་འདས་ལོ་རྩི་ཚུལ་ལ་དུས་འཁོར་ལུགས་ཀྱི་རྩིས་གཞུང་དུ་ཤཱཀྱའི་འདས་ལོ་དང་། ཤཱཀའི་འདས་ལོ། མེ་མཁའ་རྒྱ་མཚོའི་འདས་ལོ། བྱེད་པའི་རྩིས་མགོ། རབ་བྱུང་རྩི་ཚུལ་སོགས་མང་དུ་འཆད་པ་ཡོད། ཤཱཀྱའི་འདས་ལོ། དང་པོ་ཤཱཀྱའི་འདས་ལོ་ནི།    སྤྱིར་སྟོན་པ་སངས་རྒྱས་མྱ་ངན་ལས་འདས་པའི་ལོ་ཚིགས་ལ་མཁས་པ་རིམ་བྱོན་གྱི་བཞེད་ཚུལ་མི་འདྲ་བ་དུ་མ་ཡོད་ཅིང་།    དུས་འཁོར་རང་ལུགས་སུ་སྤྱི་ལོའི་སྔོན་གྱི་བརྒྱད་བརྒྱ་གྱ་གཅིག་ལྕགས་སྤྲེལ་ལོར་གཏན་ལ་ཕབ་ནའང་།  

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

ལོ་དཔྱད།

ལོ་དཔྱད་ནི་བོད་ཀྱི་སྐར་རྩིས་རིག་པ་ལས་གྲུབ་བྱེད་གཉིས་ཀྱི་ཡན་ལག་ལྔའི་ལོ་ཐོ་ལྟ་སྟངས་སྐོར་བཤད་པ་ནང་གི་གཅིག་ཡིན། ངོ་སྤྲོད། དེ་ཡང་ལྗོངས་སྨན་རྩིས་ཁང་གི་ལོ་ཐོའི་ནང་དུ།    དུས་སྟོན་མེ་ལོང་ལས།    དྲང་སྲོང་བླ་མའི་དྲུག་ཅུའི་འབྲས་བུ་དང་གཟའ་ལྔ་སྟེ།    ཕུར་བུ།    མིག་དམར།   ལྷག་པ།   པ་སངས།    སྤེན་པ།    དབྱངས་འཆར(རུས་སྦལ་འཁོར་ལོ)(ཕན་ཚུན་ཆེན་པོ)(མདོ་སྡེ་གསང་བ)(སྟག་རྣ་ཆུང་བ)སོགས་ཀྱི་འབྲས་བུ་ལས་བསྟན་པའི་ལོ་འདིར་རྩི་ཤིང་ལོ་ཏོག་རྒྱས་མིན་དང་།   

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

གཤེད་གཟའི་བརྩི་སྟངས།

གཤེད་གཟའི་བརྩི་སྟངས་ནི་བོད་ཀྱི་སྐར་རྩིས་རིག་པ་ལས་གྲུབ་བྱེད་གཉིས་ཀྱི་ཡན་ལག་ལྔའི་ལོ་ཐོ་ལྟ་སྟངས་སྐོར་བཤད་པ་ནང་གི་གཅིག་ཡིན། ངོ་སྤྲོད། རྩིས་གཞུང་ལས།    བརྩི་བྱའི་གཞི་ནི་འབྱུང་ལྔ་སྟེ། །ཤིང་མེ་ས་ལྕགས་ཆུ་ལྔ་པོ། །དེ་རྣམས་མ་བུ་དགྲ་གྲོགས་བརྩི། །ཤིང་མ་ཆུ་ལ་ཆུ་མ་ལྕགས། །ལྕགས་མ་ས་ལ་ས་མ་མེ། །མེ་ཡི་མ་དེ་ཤིང་ཡིན་ནོ། །ཤིང་བུ་མེ་ལ་མེ་བུ་ས། །ས་བུ་ལྕགས་ལ་ལྕགས་བུ་ཆུ། །ཆུ་ཡི་བུ་དེ་ཤིང་ཡིན་ནོ། །ཤིང་དགྲ་ལྕགས་ལ་ལྕགས་དགྲ་མེ། །མེ་དགྲ་ཆུ་ལ་ཆུ་དགྲ་ས། །ས་ཡི་དགྲ་དེ་ཤིང་ཡིན་ནོ།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

བདུན་ཟུར།

བདུན་ཟུར་ནི་བོད་ཀྱི་སྐར་རྩིས་རིག་པ་ལས་གྲུབ་བྱེད་གཉིས་ཀྱི་ཡན་ལག་ལྔའི་ལོ་ཐོ་ལྟ་སྟངས་སྐོར་བཤད་པ་ནང་གི་གཅིག་ཡིན། ངོ་སྤྲོད། ལོ་སྐོར་བཅུ་གཉིས་པོ་རང་གི་བདུན་པ་གང་ཡིན་པ་དེ་ལ་བདུན་ཟུར་ཞེས་བྱ་བ་སྟེ།    དཔེར་ན་རྟ་ལོ་ལ་མཚོན་ན་རྟའི་བདུན་པ་བྱི་བ་དང་བྱི་བའི་བདུན་ཟུར་རྟ་ཡིན་ནོ། །དེ་ཡང་གནམ་ལོ་རྟ་ལོ་ཡིན་ན་རྟ་ལོ་ཀུན་ལ་རང་ཀེག་ཤར་བ་དང་བྱི་ལོ་རྣམས་ནི་གྲ་གཤེད་རྩུབ་པ་ལྟ་བུ།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

སྐྱེས་སྨེ།

བརྩི་བྱའི་ལོ་རྟགས་དང་རང་ལོའི་གྲངས་ཀྱི་སྐྱེས་སྨེ་ནི་བོད་ཀྱི་སྐར་རྩིས་རིག་པ་ལས་གྲུབ་བྱེད་གཉིས་ཀྱི་ཡན་ལག་ལྔའི་ལོ་ཐོ་ལྟ་སྟངས་སྐོར་བཤད་པ་ནང་གི་གཅིག་ཡིན། ངོ་སྤྲོད། བོད་ལྕགས་རྟ(སྤྱི་ལོ1990)ལོར་རང་ལོ་བཅུ་གཉིས་སོན་པ་ཞིག་ལ་མཚོན་ན་ལྗོངས་སྨན་རྩིས་ཁང་གི(སྤྱི་ལོ1990)ལོའི་ལོ་ཐོའི་ཤོག་ལྷེ45ཐོག་རེའུ་མིག་དང་པོའི་ནང་གི་སྟེང་གོ་ཨང་ཀི12དེ་རང་ལོ་བཅུ་གཉིས་ལ་སོན་པའི་དོན་དང་དེ་འོག་ས་ལུག་ཅེས་པ་ལས་ས་ནི་འབྱུང་བ་ཤིང་།   མེ།    ས།   ལྕགས།    ཆུ་ལྔ་ལས་ས་ཁམས་ཡིན་ཞེས་པའི་དོན་དང་ལུག་ནི་ལོ་བཅུ་གཉིས་ལས་ལོ་རྟགས་ལུག་ཡིན་པ་མཚོན་ནོ། །ལོ་ཁམས་ཀྱི་བརྩི་ཐབས་ནི་སྔོན་དུ་གནམ་ལོ་གང་ཡིན་པ་ངེས་དགོས་ཏེ།    སྤྱི་ལོ1990ལོར་མཚོན་ན་འབྱུང་བ་ལྕགས་ཁམས་ཡིན་པས་ལྕགས་ནས་འགོ་བརྩམས་ཏེ་བརྩི་ཞིང་འབྱུང་བ་གཅིག་གི་སྟེང་ལོ་གཉིས་འདུ་དགོས།   

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

འཇའ་བརྟག་ཚུལ།

འདི་ནི་བོད་ཀྱི་སྐར་རྩིས་ལས་གནའ་རབས་ཀྱི་དུས་བརྟག་གནམ་དཔྱད་རྩིས་བཤད་པའི་འཇའ་བརྟག་ཚུལ་ཡིན། ངོ་སྤྲོད། འཇའ་བརྟག་པ་ནི།     ཆར་བ་འབབ་བཞིན་འཇའ་ཟུག་ན། །ནམ་མཁའ་སྒྲིབ་མེད་གསལ་བར་འགྱུར། །ཕྱི་དྲོ་འཇའ་ཡི་དུམ་བུ་ཤར། །ངེས་པར་གནམ་མདངས་འགྱུར་བར་བཤད། །སྔ་དྲོ་འཇའ་ཡི་དུམ་བུ་ཤར། །རླུང་འབྱུང་གྱུར་ཀྱང་འགལ་བ་མེད། །

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

ནམ་མཁའི་མདངས་བརྟག་ཚུལ།

འདི་ནི་བོད་ཀྱི་སྐར་རྩིས་ལས་གནའ་རབས་ཀྱི་དུས་བརྟག་གནམ་དཔྱད་རྩིས་བཤད་པའི་ནམ་མཁའི་མདངས་བརྟག་ཚུལ་ཡིན། ངོ་སྤྲོད། ནམ་མཁའི་མདངས་བརྟག་ཚུལ་ནི།    ཉི་ཤར་ཤར་ལྷོར་མདངས་ནག་ན། །ཉིན་གུང་སྔོན་དུ་ཆར་བ་ཡོད། །ཉི་ནུབ་ནུབ་བྱང་མདངས་ནག་ན། །མཚན་ཕྱེད་ཆར་བ་ཡོད་པར་འགྱུར། །

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

ཆུ་སྲིན་སྐར་ཚོམ།

ཆུ་སྲིན་སྐར་ཚོམ་ནི་ཉི་མའི་འཁོར་ལམ་གྱི་སྐར་ཁྱིམ་བཅུ་གཉིས་གྲས་ཀྱི་གཅིག་ཡིན་ཞིང་། སྐར་ཚོམ་འདི་གཞུའི་སྐར་ཚོམ་གྱི་ཤར་ཕྱོགས་དང་བུམ་པའི་སྐར་ཚོམ་གྱི་ནུབ་ཕྱོགས་སུ་གནས་ཡོད། སྐར་ཚོམ་འདིའི་ཁྱད་ཆོས་ནི་སྐར་ཚོམ་འདི་ལ་གཏོགས་པའི་མི་ལ་ཤུགས་དྲག་གི་བརྩོན་སེམས་དང་། འགྱུར་མེད་ཀྱི་ཕུགས་བསམ་སེམས་སུ་ཉར་བ། བག་ཡོད་ཚུལ་ལྡན་བཅས་ཡིན། རྒྱ་ཡིག་གི་མིང་། 摩羯座 ལ་ཏིང་གི་སྐད། Capricornus མཚོན་བྱེད་དངོས་པོ། རྔ་མ་ཉའི་རྔ་མ་ཡིན་པའི་ར་མ། གཞུང་ཚད། 21h འཕྲེད་ཚད། -20° རྒྱ་ཁྱོན། ཏུའུ་གྲུ་བཞི་མ413.95

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

ཁྱུང་ཆེན་སྐར་ཚོམ།

ཁྱུང་ཆེན་སྐར་ཚོམ་ནི་ནམ་མཁའ་ལྷོ་མའི་སྐར་ཚོམ་ཚོགས་ཀྱི་གཅིག་ཡིན་པ་དང་། དེ་ཁུ་བྱུག་སྐར་ཚོམ་གྱི་བྱང་ཕྱོགས། གཙང་བོའི་སྐར་ཚོམ་དང་ཁྲུང་ཁྲུང་སྐར་ཚོམ་གྱི་བར་ན་གནས། རྒྱ་ཡིག་གི་མིང་། 凤凰座 ལ་ཏིང་གི་སྐད། Phoenix མཚོན་བྱེད་དངོས་པོ། ཁྱུང་ཆེན། གཞུང་ཚད། 0 h4 0m འཕྲེད་ཚད། -48° རྒྱ་ཁྱོན། ཏུའུ་གྲུ་བཞི་མ 469 ལྟ་ཞིབ་ལེགས་ཤོས་ཀྱི་དུས། ཟླ11པ། ངོ་སྤྲོད། ཁྱུང་ཆེན་སྐར་ཚོམ་ནི་ནམ་མཁའ་ལྷོ་མའི་སྐར་ཚོམ་ཚོགས་ཀྱི་གཅིག་ཡིན་པ་དང་།     དེ་ཁུ་བྱུག་སྐར་ཚོམ་གྱི་བྱང་ཕྱོགས།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

དོམ་ཕྲུག་སྐར་ཚོམ།

དོམ་ཕྲུག་སྐར་ཚོམ་ནི་ནམ་མཁའ་བྱང་མའི་སྐར་ཚོམ་ཚོགས་ཀྱི་གཅིག་ཡིན་པ་དང་། སྐར་ཚོམ་དེ་ཁྲོད་ཀྱི་སྐར་མ་འོད་ཆེན་བདུན་ཕན་ཚུན་འབྲེལ་ནས་ཡོད་ལ། དེ་དོམ་རྒན་སྐར་ཚོམ་གྱི་བྱང་སྐར་སྤུན་བདུན་དང་ཆ་འདྲ་བ་ཡིན་པས། བྱང་སྐར་སྤུན་བདུན་ཆུང་བ་ཡང་ཟེར། རྒྱ་ཡིག་གི་མིང་། 小熊座 ལ་ཏིང་གི་སྐད། Ursae Minoris མཚོན་བྱེད་དངོས་པོ། དོམ་ཕྲུག གཞུང་ཚད། 15h འཕྲེད་ཚད། 70° རྒྱ་ཁྱོན། ཏུའུ་གྲུ་བཞི་མ256 ལྟ་ཞིབ་ལེགས་ཤོས་ཀྱི་དུས། ཟླ6པ། ངོ་སྤྲོད། དོམ་ཕྲུག་སྐར་ཚོམ་ནི་ནམ་མཁའ་བྱང་མའི་སྐར་ཚོམ་ཚོགས་ཀྱི་གཅིག་ཡིན་པ་དང་།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

ཁྱི་ཕྲུག་སྐར་ཚོམ།

ཁྱི་ཕྲུག་སྐར་ཚོམ་ནི་ཐིག་དམར་ཁུལ་གྱི་སྐར་ཚོམ་གྲས་ཀྱི་གཅིག་ཡིན་པ་དང་། རྔོན་པའི་སྐར་ཚོམ་གྱི་ཤར་ཕྱོགས་དང་འཁྲིག་པའི་སྐར་ཚོམ་དང་རི་དྭགས་ཆི་ལིན་སྐར་ཚོམ་བར་གྱི་དགུ་ཚིགས་འགྲམ་དུ་ཡོད། རྒྱ་ཡིག་གི་མིང་། 小犬座 ལ་ཏིང་གི་སྐད། Canis Minor མཚོན་བྱེད་དངོས་པོ། ཁྱི་ཕྲུག གཞུང་ཚད། 8h འཕྲེད་ཚད། +5° རྒྱ་ཁྱོན། ཏུའུ་གྲུ་བཞི་མ183 ལྟ་ཞིབ་ལེགས་ཤོས་ཀྱི་དུས། ཟླ3པ། ངོ་སྤྲོད། ཁྱི་ཕྲུག་སྐར་ཚོམ་ནི་ཐིག་དམར་ཁུལ་གྱི་སྐར་ཚོམ་གྲས་ཀྱི་གཅིག་ཡིན་པ་དང་།     རྔོན་པའི་སྐར་ཚོམ་གྱི་ཤར་ཕྱོགས་དང་འཁྲིག་པའི་སྐར་ཚོམ་དང་རི་དྭགས་ཆི་ལིན་སྐར་ཚོམ་བར་གྱི་དགུ་ཚིགས་འགྲམ་དུ་ཡོད།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

དྲང་སྲོང་བཙུན་མོའི་སྐར་ཚོམ།

དྲང་སྲོང་བཙུན་མོའི་སྐར་ཚོམ་ནི་ནམ་མཁའ་བྱང་མའི་སྐར་ཚོམ་ཚོགས་ཀྱི་གཅིག་ཡིན་པ་དང་། དེ་དྲང་སྲོང་རྒྱལ་པོའི་སྐར་ཚོམ་གྱི་ལྷོ་ཕྱོགས་དང་ལྷ་མོའི་སྐར་ཚོམ་གྱི་བྱང་ཕྱོགས་ན་གནས་ཡོད། རྒྱ་ཡིག་གི་མིང་། 仙后座 ལ་ཏིང་གི་སྐད། Cassiopeia མཚོན་བྱེད་དངོས་པོ། རྒྱལ་མོ་ཁ་ཞི་ཨའོ་ཕེ་ཡ། གཞུང་ཚད། 1h འཕྲེད་ཚད། 60° རྒྱ་ཁྱོན། ཏུའུ་གྲུ་བཞི་མ598 ལྟ་ཞིབ་ལེགས་ཤོས་ཀྱི་དུས། ཟླ11པ། ངོ་སྤྲོད། དྲང་སྲོང་བཙུན་མོའི་སྐར་ཚོམ་ནི་ནམ་མཁའ་བྱང་མའི་སྐར་ཚོམ་ཚོགས་ཀྱི་གཅིག་ཡིན་པ་དང་།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

གྲུ་ཞབས་སྐར་ཚོམ།

གྲུ་ཞབས་སྐར་ཚོམ་ནི་ནམ་མཁའ་ལྷོ་མའི་སྐར་ཚོམ་ཚོགས་ཀྱི་གཅིག་ཡིན་ལ། འདི་འཕུར་རྟའི་སྐར་ཚོམ་དང་སྦྲང་བུའི་སྐར་ཚོམ་གྱི་བར་དང་གྲུ་མཇུག་སྐར་ཚོམ་དང་རླུང་གཡོར་སྐར་ཚོམ་གྱི་བར། མང་ཆེ་ཤས་དགུ་ཚིགས་ཁྲོད་དུ་གནས་པ་ཡིན། རྒྱ་ཡིག་གི་མིང་། 船底座 ལ་ཏིང་གི་སྐད། Carina མཚོན་བྱེད་དངོས་པོ། ཨ་ཀོ་རྟགས་ཅན་གྱི་གྲུའི་སྒྲོམ་གཞི། གཞུང་ཚད། 9h འཕྲེད་ཚད། −60° རྒྱ་ཁྱོན། ཏུའུ་གྲུ་བཞི་མ494 ལྟ་ཞིབ་ལེགས་ཤོས་ཀྱི་དུས། ཟླ3པ། ངོ་སྤྲོད། གྲུ་ཞབས་སྐར་ཚོམ་ནི་ནམ་མཁའ་ལྷོ་མའི་སྐར་ཚོམ་ཚོགས་ཀྱི་གཅིག་ཡིན་ལ།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

ཕྱུགས་རྫིའི་སྐར་ཚོམ།

ཕྱུགས་རྫིའི་སྐར་ཚོམ་ནི་ནམ་མཁའ་བྱང་མའི་སྐར་ཚོམ་ཚོགས་ཀྱི་ནང་གསེས་གཅིག་ཡིན་པ་དང་། བྱང་ཕྱོགས་ཀྱི་བུ་མོའི་སྐར་ཚོམ་གྱི་བྱང་ཤར་ཕྱོགས་སུ་ཡོད། སྐར་ཚོམ་འདིའི་རྒྱ་ཁྱོན་ལ་ཏུའུ་གྲུ་བཞི་མ907ཡོད་ལ། ནམ་མཁའ་ཡོངས་ཀྱི་སྐར་ཚོམ་བརྒྱད་ཅུ་གྱ་བརྒྱད་ཁྲོད་སྐར་ཚོམ་འདིའི་རྒྱ་ཁྱོན་ཨང་རིམ་བཅུ་གསུམ་པ་ཡིན། རྒྱ་ཡིག་གི་མིང་། 牧夫座 ལ་ཏིང་གི་སྐད། Bootes མཚོན་བྱེད་དངོས་པོ། Bear Watcher གཞུང་ཚད། 15h འཕྲེད་ཚད། +30° རྒྱ་ཁྱོན། ཏུའུ་གྲུ་བཞི་མ907 ལྟ་ཞིབ་ལེགས་ཤོས་ཀྱི་དུས། ཟླ6པ། ངོ་སྤྲོད། ཕྱུགས་རྫིའི་སྐར་ཚོམ་ནི་ནམ་མཁའ་བྱང་མའི་སྐར་ཚོམ་ཚོགས་ཀྱི་ནང་གསེས་གཅིག་ཡིན་པ་དང་།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

ཅོག་ཙེ་མིང་གི་རི་བོའི་སྐར་ཚོམ།

ཅོག་ཙེ་མིང་གི་རི་བོའི་སྐར་ཚོམ་ནི་ནམ་མཁའ་ལྷོ་མའི་སྐར་ཚོམ་ཚོགས་ཀྱི་གཅིག་ཡིན་པ་དང་། དེ་ལྷོ་སྣེའི་གླིང་དང་ཆུ་སྦྲེལ་གླིང་། རལ་གྲིའི་དབྱིབས་ཀྱི་ཉའི་སྐར་ཚོམ། འཕུར་ཉ་སྐར་ཚོམ་བཅས་ཀྱི་བར་ན་གནས། ཅོག་ཙེ་མིང་གི་རི་བོའི་སྐར་ཚོམ་ནི་ཧྥ་རན་སིའི་གནམ་དཔྱད་རིག་པ་བ་ལ་ཁ་དབྱི་ཡིས་སྤྱི་ལོ1750ལོ་ནས་སྤྱི་ལོ1754ལོའི་བར་ཁོས་ལྷོ་ཨ་ཧྥེ་རི་ཁའི་ཁའེ་ཕུའུ་ཏུན་གྱི་ཅོག་ཙེ་རི་བོའི་སྟེང་ནམ་མཁའ་ལྷོ་མར་ལྟ་ཞིབ་བྱས་པ་ལ་རྗེས་དྲན་བྱ་ཆེད་གཏན་འཁེལ་བྱས་པའི་སྐར་ཚོམ་ཞིག་ཡིན་ལ། ལ་ཁ་དབྱི་ཡིས་ཅོག་ཙེ་རི་བོའི་རི་རྩེ་ལ་དུས་རྒྱུན་དུ་སྨུག་པའི་གཡོགས་ཡོད་པ་བརྗེད་ཐབས་མེད་པས་སྐར་མའི་ཚོགས་ཀྱིས་བཀབ་ཡོད་པའི་སྐར་ཚོམ་འདི་ལ་ཅོག་ཙེ་མིང་གི་རི་བོའི་སྐར་ཚོམ་ཞེས་བཏགས།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

ཁུག་རྟའི་སྐར་ཚོམ།

ཁུག་རྟའི་སྐར་ཚོམ་ནི་ནམ་མཁའ་ལྷོ་མའི་སྐར་ཚོམ་ཚོགས་ཀྱི་གཅིག་ཡིན་པ་དང་། དེ་ལྷོ་ཟུར་གསུམ་སྐར་ཚོམ་གྱི་ལྷོ་ཕྱོགས་དང་ལྷོ་སྣེའི་སྐར་ཚོམ་དང་འབྲེལ་ཡོད། ཁུག་རྟའི་སྐར་ཚོམ་ལ་ལྷ་སྒྲུང་ཐད་ཀྱི་ངག་རྒྱུན་མེད་པ་ཡིན་ལ། འདིPoeter Dirkszoon KeyserདངFrederick de Houtmanགཉིས་ཀྱིས་ཞིན་ཅི་ནེ་ཡའི་རབ་དགའི་བྱ་ལ་རྗེས་དྲན་བྱ་ཆེད་མིང་བཏགས་པའི་སྐར་ཚོམ་ཞིག་ཡིན། རྒྱ་ཡིག་གི་མིང་། 天燕座 ལ་ཏིང་གི་སྐད། Apus མཚོན་བྱེད་དངོས་པོ། རབ་དགའི་བྱ། གཞུང་ཚད། 13h50 m~18 h འཕྲེད་ཚད།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

སྦྲུལ་འཛིན་སྐར་ཚོམ།

སྦྲུལ་འཛིན་སྐར་ཚོམ་ནི་ཐིག་དམར་ཁུལ་གྱི་སྐར་ཚོམ་ཚོགས་ཀྱི་གཅིག་ཡིན་པ་དང་། དེ་དྲང་སྲོང་དྲག་དཔོན་སྐར་ཚོམ་གྱི་ལྷོ་ཕྱོགས་དང་། སྡིག་པའི་སྐར་ཚོམ་དང་མི་རྟ་སྐར་ཚོམ་གྱི་བྱང་ཕྱོགས། དགུ་ཚིགས་ཀྱི་ནུབ་ཕྱོགས་ན་གནས་ཡོད། རྒྱ་ཡིག་གི་མིང་། 蛇夫座 ལ་ཏིང་གི་སྐད། Ophiuchus མཚོན་བྱེད་དངོས་པོ། སྦྲུལ་འཛིན་མཁན། གཞུང་ཚད། 17h འཕྲེད་ཚད། 0° རྒྱ་ཁྱོན། ཏུའུ་གྲུ་བཞི་མ948 ལྟ་ཞིབ་ལེགས་ཤོས་ཀྱི་དུས། ཟླ7པ། ངོ་སྤྲོད། སྦྲུལ་འཛིན་སྐར་ཚོམ་ནི་ཐིག་དམར་ཁུལ་གྱི་སྐར་ཚོམ་ཚོགས་ཀྱི་གཅིག་ཡིན་པ་དང་།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

སྦྲུལ་རིང་སྐར་ཚོམ།

སྦྲུལ་རིང་སྐར་ཚོམ་ནི་ནམ་མཁའ་ཡོངས་ཀྱི་སྐར་ཚོམ་བརྒྱད་ཅུ་གྱ་བརྒྱད་ཁྲོད་ལས་ཆེས་རིང་བ་དང་རྒྱ་ཁྱོན་ཆེས་ཆེ་བའི་སྐར་ཚོམ་ཡིན། རྒྱ་ཡིག་གི་མིང་། 长蛇座 ལ་ཏིང་གི་སྐད། Hydra མཚོན་བྱེད་དངོས་པོ། མགོ་དགུ་ཅན་གྱི་སྦྲུལ། གཞུང་ཚད། 10 h འཕྲེད་ཚད། −20 ° རྒྱ་ཁྱོན། ཏུའུ་གྲུ་བཞི་མ1303 ལྟ་ཞིབ་ལེགས་ཤོས་ཀྱི་དུས། ཟླ4པ། ངོ་སྤྲོད། སྦྲུལ་རིང་སྐར་ཚོམ་ནི་ནམ་མཁའ་ཡོངས་ཀྱི་སྐར་ཚོམ་བརྒྱད་ཅུ་གྱ་བརྒྱད་ཁྲོད་ལས་ཆེས་རིང་བ་དང་རྒྱ་ཁྱོན་ཆེས་ཆེ་བའི་སྐར་ཚོམ་ཡིན།  སྐར་ཚོམ་འདིའི་རྒྱ་ཁྱོན་ལ་ཏུའུ་གྲུ་བཞི་མ1303ཡོད་ལ།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

བྱ་རོག་སྐར་ཚོམ།

བྱ་རོག་སྐར་ཚོམ་ནི་ནམ་མཁའ་ལྷོ་མའི་སྐར་ཚོམ་ཚོགས་ཀྱི་གཅིག་ཡིན་པ་དང་། དེ་བུ་མོའི་སྐར་ཚོམ་གྱི་ལྷོ་ནུབ་དང་ཕོར་ཆེན་སྐར་ཚོམ་དང་སྦྲུལ་རིང་སྐར་ཚོམ་གྱི་བར་ན་གནས་ཡོད། རྒྱ་ཡིག་གི་མིང་། 乌鸦座 ལ་ཏིང་གི་སྐད། Corvus མཚོན་བྱེད་དངོས་པོ། བྱ་རོག གཞུང་ཚད། 12h འཕྲེད་ཚད། −20° རྒྱ་ཁྱོན། ཏུའུ་གྲུ་བཞི་མ184 ལྟ་ཞིབ་ལེགས་ཤོས་ཀྱི་དུས། ཟླ5པ། ངོ་སྤྲོད། བྱ་རོག་སྐར་ཚོམ་ནི་ནམ་མཁའ་ལྷོ་མའི་སྐར་ཚོམ་ཚོགས་ཀྱི་གཅིག་ཡིན་པ་དང་།      དེ་བུ་མོའི་སྐར་ཚོམ་གྱི་ལྷོ་ནུབ་དང་ཕོར་ཆེན་སྐར་ཚོམ་དང་སྦྲུལ་རིང་སྐར་ཚོམ་གྱི་བར་ན་གནས་ཡོད།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

ཐབ་ཀའི་སྐར་ཚོམ།

ཐབ་ཀའི་སྐར་ཚོམ་ནི་ནམ་མཁའ་ལྷོ་མའི་སྐར་ཚོམ་ཚོགས་ཀྱི་གཅིག་ཡིན་ཞིང་། སྐར་ཚོམ་འདིའི་ནུབ་ཕྱོགས་རྐོས་རིས་མཁས་པའི་སྐར་ཚོམ་དང་འབྲེལ་ཡོད་པ་དང་། ཤར་ཕྱོགས་སུ་གཙང་བོའི་སྐར་ཚོམ་གྱིས་བསྐོར་ཡོད་ལ། བྱང་ཕྱོགས་ནི་ན་ཀྲའི་སྐར་ཚོམ་ཡིན། རྒྱ་ཡིག་གི་མིང་། 天炉座 ལ་ཏིང་གི་སྐད། Fornax མཚོན་བྱེད་དངོས་པོ། མེ་ཐབ། གཞུང་ཚད། 2.7800 h འཕྲེད་ཚད། -31.6300° རྒྱ་ཁྱོན། ཏུའུ་གྲུ་བཞི་མ398 ལྟ་ཞིབ་ལེགས་ཤོས་ཀྱི་དུས། ཟླ12པ། ངོ་སྤྲོད། ཐབ་ཀའི་སྐར་ཚོམ་ནི་ནམ་མཁའ་ལྷོ་མའི་སྐར་ཚོམ་ཚོགས་ཀྱི་གཅིག་ཡིན་ཞིང་།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

ཕྱོགས་སྟོན་འཁོར་ལོའི་སྐར་ཚོམ།

ཕྱོགས་སྟོན་འཁོར་ལོའི་སྐར་ཚོམ་ནི་ནམ་མཁའ་ལྷོ་མའི་སྐར་ཚོམ་ཚོགས་ཀྱི་གཅིག་ཡིན་པ་དང་། དེའི་བྱང་ཕྱོགས་ན་སྦྲུལ་རིང་སྐར་ཚོམ་དང་ལྷོ་ཕྱོགས་ན་རླུང་གཡོར་སྐར་ཚོམ་ཡོད། དེ་གྲུ་མཇུག་སྐར་ཚོམ་དང་གཤེར་འཐེན་འཕྲུལ་ཆས་དབྱིབས་ཀྱི་སྐར་ཚོམ་གཉིས་ཀྱི་བར་ན་གནས་ཡོད། རྒྱ་ཡིག་གི་མིང་། 罗盘座 ལ་ཏིང་གི་སྐད། Pyxis མཚོན་བྱེད་དངོས་པོ། ཕྱོགས་སྟོན་འཁོར་ལོ། གཞུང་ཚད། 9h འཕྲེད་ཚད། −30° རྒྱ་ཁྱོན། ཏུའུ་གྲུ་བཞི་མ221 ལྟ་ཞིབ་ལེགས་ཤོས་ཀྱི་དུས། ཟླ3པ། ངོ་སྤྲོད། ཕྱོགས་སྟོན་འཁོར་ལོའི་སྐར་ཚོམ་ནི་ནམ་མཁའ་ལྷོ་མའི་སྐར་ཚོམ་ཚོགས་ཀྱི་གཅིག་ཡིན་པ་དང་།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

སེང་གེའི་སྐར་ཚོམ།

སེང་གེའི་སྐར་ཚོམ་ནི་ཉི་མའི་འཁོར་ལམ་གྱི་སྐར་ཁྱིམ་བཅུ་གཉིས་གྲས་ཀྱི་གཅིག་ཡིན་ཞིང་། སྐར་ཚོམ་འདི་ནུབ་ཕྱོགས་སུ་གནས་པའི་བུ་མོའི་སྐར་ཚོམ་དང་ཤར་ཕྱོགས་སུ་གནས་པའི་ཀརྐ་ཊ་སྐར་ཚོམ་གཉིས་ཀྱི་བར་ན་གནས། སྐར་ཚོམ་འདིའི་རྒྱ་ཁྱོན་ལ་ཏུའུ་གྲུ་བཞི་མ946.96ཡོད་ལ། ནམ་མཁའ་ཡོངས་ཀྱི་རྒྱ་ཁྱོན་ལས2.296%ཟིན། ནམ་མཁའ་ཡོངས་ཀྱི་སྐར་ཚོམ་བརྒྱད་ཅུ་གྱ་བརྒྱད་ཁྲོད་སྐར་ཚོམ་འདིའི་རྒྱ་ཁྱོན་ཨང་རིམ་བཅུ་གཉིས་པ་ཡིན། རྒྱ་ཡིག་གི་མིང་། 狮子座 ལ་ཏིང་གི་སྐད། Leo མཚོན་བྱེད་དངོས་པོ། སེང་གེ། གཞུང་ཚད།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།