ཡོངས་འཛིན་རིག་མཛོད། >རང་བྱུང་ཁམས། >རྩིས་རིག་པ།

བཞི་གཤེད།

བཞི་གཤེད་ནི་བོད་ཀྱི་སྐར་རྩིས་རིག་པ་ལས་གྲུབ་བྱེད་གཉིས་ཀྱི་ཡན་ལག་ལྔའི་ལོ་ཐོ་ལྟ་སྟངས་སྐོར་བཤད་པ་ནང་གི་གཅིག་ཡིན། ངོ་སྤྲོད། ལོ་འཁོར་བཅུ་གཉིས་པོའི་རང་རང་གི་ཡར་དང་མར་གྱི་བཞི་བ་གང་ཡིན་པ་དེ་ནི་བཞི་གཤེད་ཅེས་བྱ་སྟེ།    དེ་ཡང་རྟའི་གཡས་ཀྱི་བཞི་གཤེད་ཡོས་དང་།   གཡོན་གྱི་བཞི་གཤེད་བྱ་ཡིན།    ཡང་གནམ་ལོའི་བཞི་གཤེད་དུ་གྱུར་པའི་ཟླ་བ་ལ་ཟླ་ནག་ཅེས་བྱ།   དེ་ཡང་རབ་བཞིའི་སྟོད་ནག    འབྲིང་བཞིའི་སྒང་ནག    ཐ་ཆུང་བཞིའི་སྨད་ནག་ཅེས་བརྗོད་དོ།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

མཐུན་གསུམ།

མཐུན་གསུམ་ནི་བོད་ཀྱི་སྐར་རྩིས་རིག་པ་ལས་གྲུབ་བྱེད་གཉིས་ཀྱི་ཡན་ལག་ལྔའི་ལོ་ཐོ་ལྟ་སྟངས་སྐོར་བཤད་པ་ནང་གི་གཅིག་ཡིན། ངོ་སྤྲོད། ལོ་རྟགས་སྟག་དང་རྟ་ཁྱི་གསུམ་མཐུན་གསུམ།   ལོ་རྟགས་བྱི་བ་དང་འབྲུག་སྦྲེལ་གསུམ་མཐུན་གསུམ།    ལོ་རྟགས་བྱ་དང་གླང་སྦྲུལ་གསུམ་མཐུན་གསུམ།    ལོ་རྟགས་ཕག་ལུག་ཡོས་གསུམ་མཐུན་གསུམ་ལོ་རྟགས་ཡིན།    དཔེར་ན་གནམ་ལོ་ལུག་ལོ་ལ་མཚོན་ན་ལོ་རྟགས་ཕག་ལུག་ཡོས་གསུམ་མཐུན་གསུམ་ཡིན་པས་ལོ་དེར་རྩུབ་ཙམ་ཡོད་པར་རྩིས་གཞུང་ལས་གསུང་བ་དང་གཞན་ཡང་ནང་མིའི་མཐུན་གསུམ་ལོ་རྟགས་ཀྱི་ཁྱིམ་དེའི་བྱ་བ་ཆེ་ཕྲའི་ལས་སྣེ་གཏོད་པའི་སྲོལ་ཡང་ཡོད་དོ། །

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

སྤྲིན་པ་བརྟག་ཚུལ།

འདི་ནི་བོད་ཀྱི་སྐར་རྩིས་ལས་གནའ་རབས་ཀྱི་དུས་བརྟག་གནམ་དཔྱད་རྩིས་བཤད་པའི་སྤྲིན་པ་བརྟག་ཚུལ་ཡིན། ངོ་སྤྲོད། སྤྲིན་པ་བརྟག་པ་ནི།    ཉི་ཤར་སྤྲིན་པ་མེད་གྱུར་ན། །ཉི་མ་འཆར་བ་མདངས་དང་ལྡན། །ཉི་ནུབ་ནུབ་ཏུ་མདངས་གསལ་ན། །ཕྱི་ཉིན་ནམ་མཁའ་དྭངས་པར་འགྱུར། །རྒྱ་ཐག་བར་སྣང་གཡེང་གྱུར་ན། །རེ་ཞིག་ནམ་མཁའ་དྭངས་པར་འགྱུར། །ཉི་ཤར་ཤར་ཕྱོགས་སྤྲིན་འཕགས་ན། །རླུང་བཅས་ཆར་བ་མྱུར་དུ་འབབ། །རླུང་དལ་ཚ་རླུང་འབྱུང་གྱུར་ན། །སྤྲིན་འཐིབས་འབྲུག་སྒྲ་སྒྲོགས་པར་འགྱུར། །ཤར་རླུང་སྤྲིན་པ་ནུབ་ཏུ་རྒྱུ།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

སྨེ་བ་བརྩི་སྟངས་བཤད་པ།

སྨེ་བ་བརྩི་སྟངས་བཤད་པ་ནི་བོད་ཀྱི་སྐར་རྩིས་རིག་པ་ལས་གྲུབ་བྱེད་གཉིས་ཀྱི་ཡན་ལག་ལྔའི་ལོ་ཐོ་ལྟ་སྟངས་སྐོར་བཤད་པ་ནང་གི་གཅིག་ཡིན། ངོ་སྤྲོད། གཞུང་ལས་གཅིག་བཅུ་བཅུ་དགུ་ཉེར་བརྒྱད་དང་། །སོ་བདུན་ཞེ་དྲུག་ང་ལྔ་སྟེ། །རེ་བཞི་དོན་སུམ་གྱ་གཉིས་དང་། །གོ་གཅིག་རྣམས་ལ་དབུས་སུ་འཚོག །བསྐོར་ལུགས་དབུས་ནས་ཤར་དུ་ཐོན། །ཕོ་ལོ་དྲུག་པོ་གཡོན་སྐོར་དང་། །མོ་དྲུག་གཡས་སྐོར་དུ་ལོན་བགྲང་། །རང་རང་བརྒྱབ་ནས་དབུས་སུ་འཇུག །སླར་ཡང་དབུས་ནས་བྱ་འཕུར་གྱིས། །གང་བབས་སྨེ་བ་ངོས་བཟུང་བྱ། །སྐྱེས་སྨེ་བདེ་བླག་འཚོལ་འདོད་ན། །གནམ་ལོའི་སྨེ་བ་དབུས་བཞག་ནས།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

གླང་སྐར་ཚོམ།

གླང་སྐར་ཚོམ་ནི་ཉི་མའི་འཁོར་ལམ་གྱི་སྐར་ཁྱིམ་བཅུ་གཉིས་གྲས་ཀྱི་གཅིག་ཡིན་ཞིང་། སྐར་ཚོམ་འདིའི་རྒྱ་ཁྱོན་ལ་ཏུའུ་གྲུ་བཞི་མ797.25ཡོད་ལ། ནམ་མཁའ་ཡོངས་ཀྱི་རྒྱ་ཁྱོན་ལས1.933%ཟིན། ནམ་མཁའ་ཡོངས་ཀྱི་སྐར་ཚོམ་བརྒྱ་བཅུ་གྱ་བརྒྱད་ཁྲོད་སྐར་ཚོམ་འདིའི་རྒྱ་ཁྱོན་ཨང་རིམ་བཅུ་བདུན་པ་ཡིན། རྒྱ་ཡིག་གི་མིང་། 金牛座 ལ་ཏིང་གི་སྐད། Taurus མཚོན་བྱེད་དངོས་པོ། ཕ་གླང་། གཞུང་ཚད། 4h འཕྲེད་ཚད། +15° རྒྱ་ཁྱོན། ཏུའུ་གྲུ་བཞི་མ797.25 ལྟ་ཞིབ་ལེགས་ཤོས་ཀྱི་དུས། ཟླ1པོ། སྐར་ཚོམ་གྱི་མཚོན་རྟགས། གླང་གི་མགོ་དང་རྭ་སྟེ“♉” ངོ་སྤྲོད།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

སྐར་རྡོ་དམར་པོ།

སྐར་རྡོ་དམར་པོ་ནི་སྐར་རྡོ་དམར་པོའི་རིགས་ཡིན་ལ། སྔོན་ཆད་མི་རྣམས་ཀྱིས་ཤེས་པའི་སྐར་རྡོའི་གཞུས་ཀོང་དག་ནི་སྐར་རྡོའི་སྙིགས་རོ་ས་རུ་བརྡབས་པ་ལས་བྱུང་བ་ཡིན་པ་དང་། སྐར་རྡོ་གང་དེ་རླུང་ཁམས་ཆེན་པོའི་ཆགས་རིམ་དུ་ཞུགས་དུས། སྐར་རྡོ་གཅིག་དུམ་བུ་དུ་མར་འགྱུར་བ་ཡིན། རྒྱ་ཡིག་གི་མིང་། 红色陨石 ངོ་སྤྲོད། སྐར་རྡོ་དམར་པོ་ནི་སྐར་རྡོ་དམར་པོའི་རིགས་ཡིན་ལ། སྔོན་ཆད་མི་རྣམས་ཀྱིས་ཤེས་པའི་སྐར་རྡོའི་གཞུས་ཀོང་དག་ནི་སྐར་རྡོའི་སྙིགས་རོ་ས་རུ་བརྡབས་པ་ལས་བྱུང་བ་ཡིན་པ་དང་། སྐར་རྡོ་གང་དེ་རླུང་ཁམས་ཆེན་པོའི་ཆགས་རིམ་དུ་ཞུགས་དུས། སྐར་རྡོ་གཅིག་དུམ་བུ་དུ་མར་འགྱུར་བ་ཡིན།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

སྐར་རྡོ་དམིགས་བསལ་བ།

སྐར་རྡོ་དམིགས་བསལ་བ་ནི་སྐར་རྡོའི་རིགས་ཤིག་ཡིན་ལ། མི་རྣམས་ཀྱིས་དེ་ལ་རྡོ་ལྕགས་འདྲེས་མའི་སྐར་རྡོ་ཡང་ཟེར་ཞིང་། སྐར་རྡོ་འདིའི་རིགས་ཀྱི་ཁྲོད་དུ་སྭེལ་སོན་ཡན་དང་ནིག་ལྕགས་འདྲེས་མ་གཉིས་སོ་སོས་བརྒྱ་ཆའི་ལྔ་བཅུ་ཟིན། སྐར་རྡོ་དམིགས་བསལ་བ་ལ་རིགས་གཉིས་ཡོད་དེ། སྐྱུ་རུ་རའི་སྐར་རྡོ་དང་རྡོ་ལྕགས་འདྲེས་མའི་སྐར་རྡོ་གཉིས་ཡིན། ཡང་གཏེར་རྫས་སྭེལ་སོན་ཡན་གྱི་གྲུབ་ཆའི་ཁྱད་ཆོས་ལྟར་ན། རྡོ་ལྕགས་འདྲེས་མའི་སྐར་རྡོ་ལའང་རིགས་བཞི་ཡོད་དེ། སྐྱུ་རུ་རའི་སྐར་ལྕགས་ དང་རྡོ་ལྕགས་འདྲེས་མའི་སྐར་རྡོ། སྐར་རྡོ་རྫ་སྨུག ལྕགས་རྫ་སྨུག་གི་སྐར་རྡོ་བཅས་ཡིན། རྒྱ་ཡིག་གི་མིང་། 定向陨石 ཕྱིའི་རྣམ་པ། སྐར་རྡོ་དམིགས་བསལ་བ་མང་ཆེ་བའི་ངོས་ཀྱི་རི་མོ་ནི་ཆུ་གཉེར་ལྟ་བུ་ཡིན་ལ། རྡོ་རྒྱུའི་སྐར་རྡོ་མང་ཆེ་བའི་ངོས་ཀྱི་རི་མོ་ལ་མཛུབ་རིས་ལྟ་བུ་མང་བོ་ཡོད།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

ནིག་ལྕགས་སྐར་རྡོ།

ནིག་ལྕགས་སྐར་རྡོ་ལ་མཛེས་ཤིང་ལྟ་ན་སྡུག་པའི་ཝེ་ཏེ་མན་ཁྲ་རིས་སྣོལ་མ་དང་ནིག་གི་གྲུབ་ཆ་མང་བས་དབྱང་འགྱུར་སླ་བ་མ་ཡིན་ལ། ནིག་ལྕགས་སྐར་རྡོ་མང་ཆེ་བ་ནི་རྒྱན་ཆའི་རིགས་བཟོ་བྱ་ཡིན། རྒྱ་ཡིག་གི་མིང་། 镍铁陨石 ཕྱི་ཡིག་གི་མིང་། Meteorite གསར་རྙེད་དུས་ཚོད། སྤྱི་ལོ1836ལོ། ངོ་སྤྲོད། ནིག་ལྕགས་སྐར་རྡོ་ལ་མཛེས་ཤིང་ལྟ་ན་སྡུག་པའི་ཝེ་ཏེ་མན་ཁྲ་རིས་སྣོལ་མ་དང་ནིག་གི་གྲུབ་ཆ་མང་བས་དབྱང་འགྱུར་སླ་བ་མ་ཡིན་ལ། ནིག་ལྕགས་སྐར་རྡོ་མང་ཆེ་བ་ནི་རྒྱན་ཆའི་རིགས་བཟོ་བྱ་ཡིན།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

ཀོ་སི་ཆའོ་པི་སྐར་རྡོའི་གཞུས་ཀོང་།

ཨོ་སི་ཁྲུ་ལི་ཡའི་ཀོ་སི་ཆའོ་པི་ནི་ཨོ་སི་ཁྲུ་ལི་ཡའི་དཀྱིལ་དབུས་ས་ཁུལ་ཉེ་འགྲམ་གྱི་ནུབ་རྒྱུད་ཀྱི་རི་རྒྱུད་གཉིས་ཀྱི་བར་དུ་ཡོད་ལ། མཛེས་ཤིང་ལྟ་ན་སྡུག་པའི་ཀོ་སི་ཆའོ་པི་སྐར་རྡོའི་གཞུས་ཀོང་ནི་ས་དེ་རུ་ཡོད་པ་དང་། སྐར་རྡོའི་གཞུས་ཀོང་དེའི་ལྟེ་བར་མཐོ་ཚད་ལ་སྨི་བརྒྱ་དང་ལྔ་བཅུ་ཡོད་པའི་རི་བོ་ཞིག་དྲང་མོར་གནམ་ལ་ཟུག་ཡོད་ཅིང་། སྐར་རྡོའི་གཞུས་ཀོང་དེའི་མ་གཞིའི་ཚངས་ཐིག་ལ་སྟོང་སྨི་ཉི་ཤུ་ཉེར་གཉིས་ཡོད་མོད། རང་བྱུང་གི་གནོད་འཚེ་སོགས་ཀྱི་དབང་གིས་ད་ལྟའི་ཚངས་ཐིག་ལ་སྟོང་སྨི་ལྔ་ལས་མེད།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

ཀྲ་ཏེ་ཧུའུ་ཨའོ་ལུང་ཅ་སྐར་རྡོའི་གཞུས་ཀོང་།

ཀྲ་ཏེ་ཧུའུ་ཨའོ་ལུང་ཅ་སྐར་རྡོའི་གཞུས་ཀོང་ནི་སའི་གོ་ལའི་སྟེང་གི་ཉར་ཚགས་ཆེས་ལེགས་པའི་སྐར་རྡོ་ཞིག་ཡིན་ལ། སྐར་རྡོ་དེ་ནི་ཧ་ལམ་ལོ་ངོ་དུང་ཕྱུར་གསུམ་དང་གྲངས་ཆུང་ལྔའི་ཡར་སྔོན་དུ་གྲུབ་པའི་སྐར་རྡོའི་གཞུས་ཀོང་ཞིག་ཡིན་ཞིང་། ཨ་ཧྥེ་རི་ཁའི་ཀྲ་ཏེ་ཧུའུ་ཡི་ནུབ་རྒྱུད་ཀྱི་ས་ཧ་ར་བྱེ་ཐང་ས་ཁུལ་དུ་ཡོད་པ་ཡིན། ཡང་སྐར་རྡོ་དེའི་ཚངས་ཐིག་ལ་ཧ་ལམ་དབྱིན་ལེ་བཅུ་ལྷག་ཡོད། རྒྱ་ཡིག་གི་མིང་། 乍得湖奥隆加陨石坑 ངོ་སྤྲོད། ཀྲ་ཏེ་ཧུའུ་ཨའོ་ལུང་ཅ་སྐར་རྡོའི་གཞུས་ཀོང་ནི་སའི་གོ་ལའི་སྟེང་གི་ཉར་ཚགས་ཆེས་ལེགས་པའི་སྐར་རྡོ་ཞིག་ཡིན་ལ། སྐར་རྡོ་དེ་ནི་ཧ་ལམ་ལོ་ངོ་དུང་ཕྱུར3.5ཡི་ཡར་སྔོན་དུ་གྲུབ་པའི་སྐར་རྡོའི་གཞུས་ཀོང་ཞིག་ཡིན་ཞིང་།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

རྔམ་འབྲུག་སྐར་རྡོའི་གཞུས་ཀོང་།

རྔམ་འབྲུག་ནི་སའི་གོ་ལའི་སྐམ་སའི་སྟེང་བྱུང་བའི་སྒལ་རུས་ཅན་གྱི་སྲོག་ཆགས་ཆེས་ཆེ་བ་དེ་ཡིན་ལ། དེ་ཚོ་གློ་བུར་ལ་རྩ་མེད་དུ་གྱུར་བའི་གསང་བ་རིམ་གྱིས་བརྟོལ་བ་སྟེ། དེའི་རྒྱུ་རྐྱེན་ནི་ལོ་ངོ་བྱེ་བ་དྲུག་དང་ས་ཡ་ལྔའི་ཡར་སྔོན་དུ་རྒྱུ་སྐར་ཆུང་ངུའི་རིགས་ཤིག་མོ་ཞི་ཁོ་ཡི་ཡིའུ་ཁ་ཐེན་གླིངགཕྲན་ཕྱེད་མ་རུ་བརྡབས་པ་ཡིས་བྱུང་བ་ཡིན་པར་སྲིད་ཅིང་། ཨ་མེ་རི་ཁའི་ཉེ་སྔོན་གྱི་རྩིས་འཕྲུལ་དཔེ་གཞིས་གནད་དེ་གསེད་དཀྲོལ་བྱས་ཡོད་པ་དང་། སྤྱི་ལོ2012ལོའི་ཡར་སྔོན་དུ། སྐར་རྡོའི་གཞུས་ཀོང་ཆེན་པོ་དེ་ད་གཟོད་གསར་རྙེད་བྱུང་བ་རེད། རྒྱ་ཡིག་གི་མིང་། 恐龙陨石坑 ངོ་སྤྲོད། སྤྱི་ལོ2012ལོའིཟླ12པ་ནས་བཟུང་། འཇར་མན་གྱི་པོ་ཚི་ཐོན་ས་ཁམས་ཞིབ་འཇུག་ལྟེ་གནས་ཀྱིས་འདིའི་ཕྱོགས་ལ་ཞིབ་འཇུག་བྱ་འགོ་བརྩམས་ཤིང་།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

རྡོ་ལྕགས་འདྲེས་མའི་སྐར་རྡོ།

རྡོ་ལྕགས་འདྲེས་མའི་སྐར་རྡོ་ནི་སྐར་རྡོའི་རིགས་ཤིག་ཡིན་ལ། སྐར་རྡོ་དེའི་རིགས་ཀྱི་གྲུབ་ཆའི་ཁྲོད། སྭེལ་སོན་ཡན་ཀྱི་རིགས་དང་ནིག་ལྕགས་འདྲེས་མའི་རིགས་རེ་རེས་བརྒྱ་ཆའི་ལྔ་བཅུ་ཟིན་ཡོད། རྒྱ་ཡིག་གི་མིང་། 石铁陨石 ངོ་སྤྲོད། རྡོ་ལྕགས་འདྲེས་མའི་སྐར་རྡོ་ནི་སྐར་རྡོའི་རིགས་ཤིག་ཡིན་ལ། སྐར་རྡོ་དེའི་རིགས་ཀྱི་གྲུབ་ཆའི་ཁྲོད། སྭེལ་སོན་ཡན་ཀྱི་རིགས་དང་ནིག་ལྕགས་འདྲེས་མའི་རིགས་རེ་རེས་བརྒྱ་ཆའི་ལྔ་བཅུ་ཟིན་ཡོད་ཅིང་། རྡོ་ལྕགས་འདྲེས་མའི་སྐར་རྡོ་དེ་ལ་ཡང་རིགས་གཉིས་སུ་བཀར་ཡོད།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

འཁོར་ལྔའི་ལྔ་བ།

འཁོར་ལྔའི་ལྔ་བའམ་གླང་སྐར་ཚོམ་གྱི་སྐར་མβལ། དབྱིན་ཡིག་གིསEl nathའབོད་ཅིང་། ནང་དོན་ནི་བརྒལ་མཚམས་སོ། །སྐར་མའི་འོད་གསལ་ཚད་ཀྱི་རེའུ་མིག་སྟེང་ནས་ཨང་ཉེར་བདུན་པ་ཡིན་ཞིང་། མཐོང་བའི་སྐར་གསལ་རིམ་པ་ནི1.65ཡིན་པ་དང་། བལྟོས་མེད་སྐར་གསལ་རིམ་པ་ནི-1.6ཡིན། སའི་གོ་ལ་དང་བར་ཐག་འོད་ལོ150ཡོད་ཅིང་། B7IIIཅན་གྱི་སྐར་མ་ཆེན་པོ་ཞིག་ཡིན། རྒྱ་ཡིག་གི་མིང་། 五车五 ཕྱི་ཡིག་གི་མིང་། El nath འགྲེལ་བ། གླང་སྐར་ཚོམ་གྱི་སྐར་མβ ཁྱད་ཆོས། ཕུན་སུམ་ཚོགས་པའི་མེང་འདུ། ངོ་སྤྲོད། འཁོར་ལྔའི་ལྔ་བའམ་གསེར་གླང་སྐར་ཚོམ་གྱི་སྐར་མβལ། དབྱིན་ཡིག་གིསEl nathའབོད་ཅིང་། ནང་དོན་ནི་བརྒལ་མཚམས་སོ། །སྐར་མའི་འོད་གསལ་ཚད་ཀྱི་རེའུ་མིག་སྟེང་ནས་ཨང་ཉེར་བདུན་པ་ཡིན་ཞིང་།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

ཕའོ་ཕི་ཀའེ་སྐར་རྡོའི་གཞུས་ཀོང་།

ཕའོ་ཕི་ཀའེ་སྐར་རྡོའི་གཞུས་ཀོང་གི་ལོ་རྒྱུས་ནི་ལོ་ངོ་བྱེ་བ་གསུམ་དང་ས་ཡ་ལྔ་བརྒལ་ཡོད་ཅིང་། ཚངས་ཐིག་ནི་སྤྱི་ལེ་བརྒྱའི་ཡན་ལ་སོན་ཡོད། ཡང་སྐར་རྡོའི་གཞུས་ཀོང་དེའི་འོག་གི་རྡོ་རྗེ་ཕ་ལམ་གྱི་མང་ཉུང་ནི་གོ་ལ་ཧྲིལ་བོའི་ས་ཁུལ་གཞན་དག་གི་རྡོ་རྗེ་ཕ་ལམ་སྤྱིའི་ལྡབ་བཅུ་ཡིན། རྒྱ་ཡིག་གི་མིང་། 珀匹盖陨石坑 ཕྱི་ཡིག་གི་མིང་། Popigai འཛམ་གླིང་གི་རྡོ་རྗེ་ཕ་ལམ་གྱི་གཏེར་ཁ་ཆེས་ཆེན་པོ། ཨུ་རུ་སུ་ཡིས་དེ་སྔོན་ཕའོ་ཕི་ཀའེ་སྐར་རྡོའི་གཞུས་ཀོང་གསར་རྙེད་བྱུང་བ་དེ་དུས་ཡུན་རིང་བོར་གསང་རྒྱ་བྱས་ཤིང་། དེའི་དམིགས་ཡུལ་གཙོ་བོ་ནི་རྡོ་རྗེ་ཕ་ལམ་གྱི་རིན་གོང་མར་འགྲིབ་པ་ཡིས་རང་ཉིད་ཀྱི་རྡོ་རྗེ་ཕམ་ལམ་ལས་རིགས་ཀྱི་ཁེ་ཕན་ལ་གནོད་སྐྱོན་ཐེབས་པ་དགོག་ཆེད་ཡིན། གཞན་རྡོ་རྗེ་ཕ་ལམ་གྱི་གཏེར་ཁའི་མང་ཉུང་ནི་ཁེ་ལ་ཁྲག་ཁྲིག་ཡན་ལ་སོན་པ་

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

དམག་མཁར་དང་པོ།

དམག་མཁར་དང་པོ་ནི་ཁྱི་རྒན་སྐར་ཚོམ་གྱི་འོད་གསལ་ཚད་ཨང་བཞི་བར་གཏོགས་པའི་སྐར་མ་ཡིན་ལ། ཁྱི་རྒན་སྐར་ཚོམβཅན(དྲང་སྲོང་རྒྱལ་བོའི་སྐར་ཚོམβཅན)གྱི་གློག་རྒྱུན་འཕར་ཆག་འགྱུར་སྐར་གྱི་དཔེ་མཚོན་རང་བཞིན་གྱི་སྐར་མ་ཞིག་ཡིན་ཞིང་། འོད་ཚད་དེ1.93ནས2.00ལ་འགྱུར་བ་འབྱུང་བཞིན་ཡོད། ཁྱི་རྒན་སྐར་ཚོམ་གྱིβསྐར་མ་ལ་ནུབ་གླིང་གི་སྐད་ཀྱིསMirzamཟེར་ཞིང་། བརྡ་ཁྱབ་དང་ཁྱབ་བསྒྲགས་དཔོན་པོའི་མིང་དུ་འཇུག རྒྱ་ཡིག་གི་མིང་། 军市一 ཕྱི་ཡིག་གི་མིང་། Mirzam

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

སྐར་རྡོ་སུམ་འདུས་མ།

སྐར་རྡོ་སུམ་འདུས་མ་ནི་ཟླུམ་རིལ་མ་ཡིན་པའི་སྐར་རྡོ་སྣ་གསུམ་གྱི་སྤྱི་མིང་ཡིན་ལ། དེ་དག་ནི་རེ་རེ་བཞིན་ཟླུམ་རིལ་མ་ཡིན་པའི་སྐར་རྡོ་རུས་པ་རྫ་སྨུག(Howardites)དང་ཟླུམ་རིལ་མ་ཡིན་པའི་སྐར་རྡོ་པེ་ཁྲང་ཧུའེ་ཁྲང་།(Eucrites) ཟླུམ་རིལ་མ་ཡིན་པའི་སྐར་རྡོ་རྫ་སྨུག(Diogenites)བཅས་ཡིན་ཞིང་། དེ་གསུམ་པོ་རྒྱུ་སྐར་ཆུང་ངུའི་རིགས་ཀྱི་མེ་ལྷའི་སྐར་མའི་ཤུན་སྐོགས་ནས་ཐོན་པར་འདོད། རྒྱ་ཡིག་གི་མིང་། HED陨石 ངོ་སྤྲོད། སྐར་རྡོ་དེའི་འཕྲོ་འོད་ལ་གཞིགས་ནས་ཐག་གིས་བཅད་པ་ལྟར་ན། སྐར་རྡོ་དེ་དག་ནི་ལོ་ངོ་དུང་ཕྱུར44.3-45.5ཡི་བར་ཡིན་ལ།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

སྐར་རྡོ་ཟླུམ་རིལ།

སྐར་རྡོ་ཟླུམ་རིལ་ནི་རྡོ་རྒྱུའི་སྐར་རྡོའི་རིགས་ཤིག་ཡིན་ལ། དེ་ནི་སྐར་མའི་གོ་ལའི་ཞུན་སྐོགས་སམ་ས་གས་པ་དང་འཕྲད་མ་མྱོང་བའི་རྐྱེན་གྱིས། གྲུབ་ཚུལ་ལ་འགྱུར་བ་བྱུང་མྱོང་མེད་པ་དང་། སྐར་རྡོ་ཟླུམ་རིལ་ཐམས་ཅད་ཤིན་ཏུ་ཆུང་བའི་རྐྱེན་གྱིས། མིང་ལ་ཡང་ཟླུམ་རིལ་ཅན་གྱི་ཟླུམ་གཟུགས་བྲག་རྡོ་ཟེར། ཡང་སྐར་རྡོ་ཟླུམ་རིལ་ནི་ཆེས་སྤྱིར་བཏང་གི་སྐར་རྡོའི་རིགས་ཤིག་ཡིན་པ་དང་། དེའི་ཁྲོད་དུ་རྒྱ་ཁྱོན་ཆེས་ཆེ་བའི་སྐར་རྡོ་ནི་ཅི་ལིན་སྐར་རྡོ་རུ་གྲགས་པ་དེ་ཡིན། རྒྱ་ཡིག་གི་མིང་། 球粒陨石 ཕྱི་ཡིག་གི་མིང་། Chondrite འབྱུང་ཁུངས། སྐར་རྡོ་ཟླུམ་རིལ་གྱི་སྐར་མའི་གོ་ལ་ནི་ཧ་ཅང་ཆུང་བའི་རྒྱུ་སྐར་ཁ་ཤས་ཡིན་ལ།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

རྒྱ་གྲམ་དང་པོ།

རྒྱ་གྲམ་དང་པོའམ་ལྷོ་རྒྱ་གྲམ་སྐར་ཚོམ་གྱི་སྐར་མγལ་དབྱིན་ཡིག་གི་མིང་དུGacruxཞེས་ཟེར་ཞིང་། དེ་ནི་མཁའ་དབྱིངས་ཡོངས་ཀྱི་གསལ་ཚད་ཨང་རིམ་ཉེར་བཞི་པར་གཏོགས་པའི་སྐར་མ་ཞིག་ཡིན་ལ། མཐོང་བའི་སྐར་གསལ་རིམ་པ་ནི1.63ཡིན་པ་དང་། བལྟོས་མེད་སྐར་གསལ་རིམ་པ་ནི0.5ཡིན། བར་ཐག་ལ་འོད་ལོ87ཡོད། དེ་ནིM4IIIཅན་གྱི་སྐར་མ་དམར་པོ་ཆེན་པོ་ཞིག་ཡིན། དེའི་ཉེ་འཁོར་ནA3Vཅན་གྱི་གཙོ་སྐར་ཞིག་ཡོད་ཅིང་། བལྟས་ཚོད་ཀྱིས་སྐར་མ་གཉིས་ཀ་ཧ་ཅང་སྐར་མ་ཆ་སྡོད་ཅིག་དང་འདྲ། དོན་དངོས་སུ་དེ་འདྲ་མ་ཡིན་ཞིང་།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

དུས་རབས།

དུས་རབས་ནི་ལོ་བརྒྱ་སྐོར་ཚན་གཅིག་བརྒྱབ་པའོ། །དུས་རབས་རྩི་དུས་སུ། དེར་ངོ་ཐོག་གི་དུས་རབས་བརྩིས་ཡོད་དོ། །དཔེར་ན། ལོ་གཅིག་ནས་བརྒྱའི་བར་དུ་དུས་རབས་གཅིག་དང་། ལོ་བརྒྱ་དང་གཅིག་ནས་ཉིས་བརྒྱའི་བར་དུ་དུས་རབས་གཉིས་དང་། ལོ་ཉིས་བརྒྱ་དང་གཅིག་ནས་སུམ་བརྒྱའི་བར་དུ་དུས་རབས་གསུམ་དང་། ལོ་སུམ་བརྒྱ་དང་གཅིག་ནས་བཞི་བརྒྱའི་བར་དུ་དུས་རབས་བཞི་དང་། ལོ་བཞི་བརྒྱ་དང་གཅིག་ནས་ལྔ་བརྒྱའི་བར་དུ་དུས་རབས་ལྔ་ཡིན་པ་སོགས་རིམ་བཞིན་རིགས་བསྒྲེ་བར་བྱ། ངོ་སྤྲོད། དུས་རབས་ནི་ལོ་བརྒྱ་སྐོར་ཚན་གཅིག་བརྒྱབ་པའོ། །དུས་རབས་རྩི་དུས་སུ།   དེར་ངོ་ཐོག་གི་དུས་རབས་བརྩིས་ཡོད་དོ། །དཔེར་ན།   ལོ་གཅིག་ནས་བརྒྱའི་བར་དུ་དུས་རབས་གཅིག་དང་།   ལོ་བརྒྱ་དང་གཅིག་ནས་ཉིས་བརྒྱའི་བར་དུ་དུས་རབས་གཉིས་དང་།  

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

རིགས་ལྡན་ཉེར་ལྔ།

རིགས་ལྡན་ཉེར་ལྔ་ནི་བོད་ཀྱི་སྐར་རྩིས་རིག་པ་ལས་སྐར་རྩིས་རིག་པ་བྱེ་བྲག་ཏུ་བཤད་པའི་སྐབས་ཀྱི་གཅིག་ཡིན། ངོ་སྤྲོད། དེ་ནས་རིགས་ལྡན་ཉེར་ལྔའི་ཐོག་མ་འཇམ་དཔལ་གྲགས་ཁྲིར་འཁོད་དེ《བསྡུས་རྒྱུད》མཛད།    རིགས་ལྡན་གཉིས་པ་པདྨ་དཀར་པོས《བསྡུས་རྒྱུད་ཀྱི་འགྲེལ་ཆེན་དྲི་མེད་འོད》བརྩམས་ནས་ས་བཅུའི་རྒྱལ་པོའི་སྲས་པོ་འབའ་ཞིག་པས་སེམས་འགྲེལ་དུ་བཀྲལ་ཞིང་ཉམས་སུ་ལེན་པར་མཛད་དོ། །དེ་ལྟར་རིགས་ལྡན་རྣམས་རིམ་པར་བྱོན་པ་ལས་བཅུ་པ་རྒྱ་མཚོ་རྣལ་རྒྱལ་གྱིས་ལོ་བརྒྱ་དང་བརྒྱད་ཅུ་གྱ་གཉིས་ལ་ཆོས་བསྟན་པ་དང་།  བཅུ་གཅིག་པ་རྒྱལ་དཀས་ལོ་ཉིས་བརྒྱ་ཉེར་གཅིག་ལ་ཆོས་བསྟན་པ་གཉིས་ཀྱི་ཁྲི་ལོ་བསྡོམས་ན་བཞི་བརྒྱ་དང་གསུམ་ཡིན་པས《རྒྱུད》ལས་མེ་མཁའ་རྒྱ་མཚོར་གྲགས།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

ལོ་འཁོར་བཅུ་གཉིས།

ལོ་འཁོར་བཅུ་གཉིས་ནི་བོད་ཀྱི་སྐར་རྩིས་རིག་པ་ལས་གྲུབ་བྱེད་གཉིས་ཀྱི་ཡན་ལག་ལྔའི་ལོ་ཐོ་ལྟ་སྟངས་སྐོར་བཤད་པ་ནང་གི་གཅིག་ཡིན། ངོ་སྤྲོད། འཇམ་དཔལ་རྩ་རྒྱུད་ལས། དེ་ལྟར་ལོ་ནི་བཅུ་གཉིས་ལ། ལོ་ཆེན་ཞེས་ནི་བརྗོད་པར་བྱ་ཞེས་དང་། དེ་ནས་ལོ་ནི་བཅུ་གཉིས་ལ། འདི་ནི་དགེ་དང་མི་དགེ་བྱེད་ཅེས་གསུངས་ཤིང་།  དབང་ཕྱུག་གིས་ཀྱང་བཅུ་གཉིས་ལྔ་ལ་ཨ་སོགས་འཆར་ཞེས་པས་ལོ་འཁོར་བཅུ་གཉིས་ཀྱི་རྩིས་ཚུལ་ཡོད་པར་གྲུབ་བོ། །དེ་ཡང་གསལ་པོར་བརྗོད་ན་བོད་ཀྱི་ལོ་ཐོའི་ནང་རེའུ་མིག་འདི་འདྲ་ཞིག་བཀོད་ཡོད་པ་སྟེ། ལོ་བཅུ་གཉིས བྱི་བ གླང སྟག ཡོས

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

ལྷོ་སྒོ་གཉིས་པ།

ལྷོ་སྒོ་གཉིས་པའམ་མི་མིན་རྟ་མིན་སྐར་ཚོམαནི་ནམ་མཁའ་ཡོངས་ཀྱི་གསལ་ཚད་ལས་ཨང་རིམ་གསུམ་པ་ཡིན་ཞིང་། དེའི་མཐོང་བའི་སྐར་གསལ་རིམ་པ་ནི-0.01ཡིན་ལ། ཆེས་ཐག་ཉེ་བའི་གསལ་སྐར་ཡང་ཡིན། ཡིན་ན་ཡང་དེའི་འོད་འཕྲོ་བའི་ནུས་ཤུགས་ཉི་མ་དང་འདྲ་མཚུངས་ཡིན་ཞིང་། བལྟོས་མེད་སྐར་གསལ་རིམ་པ་ནི4.38ཡིན། ལྷོ་སྒོ་གཉིས་པ་ནི་ཉི་མ་དང་ཆེས་ཐག་ཉེ་བའི་བརྟན་སྐར་མ་ལག་ཡིན་ཞིང་། བར་ཐག་ལ་འོད་ལོ4.37ལས་མེད། རྒྱ་ཡིག་གི་མིང་། 南门二 ཕྱི་ཡིག་གི་མིང་། Riger Kenttaurus ངོ་བོ། མི་མིན་རྟ་མིན་སྐར་ཚོམα

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

སྐར་མ་གནམ་སྤྱང་།

སྐར་མ་གནམ་སྤྱང་ནི་ཁྱི་རྒན་སྐར་ཚོམ་ཁྲོད་ཀྱི་སྐར་མ་ཨང་རིམ་དང་པོའི་རིགས་ཤིག་ཡིན་ལ། པ་ཡེ་བརྟན་སྐར་གྱི་མིང་འདོགས་ལུགས་ལྟར་དུ་ཁྱི་རྒན་སྐར་ཚོམ་གྱི་སྐར་མaཟེར། སྐར་མ་གནམ་སྤྱང་ནི་ནམ་ཟླ་དགུན་གྱི་དུས་ཚིགས་སུ་ཆེས་གསལ་བའི་བརྟན་སྐར་ཞིག་ཡིན། རྒྱ་ཡིག་གི་མིང་། 天狼星 ཕྱི་ཡིག་གི་མིང་། Sirius རིགས་དབྱེ། བརྟན་སྐར། ཕྱི་ངོས་དྲོད་ཚད། ཧ་ལམ་ཧྲེ་ཧྲི་ཏུའུ11000 མཐོང་བའི་སྐར་གསལ་རིམ་པ། -1.47 བལྟོས་མེད་སྐར་གསལ་རིམ་པ། +1.43 སའི་གོ་ལ་དང་བར་ཐག འོད་ལོ8.6

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

སྐར་མ་གླང་རྫི།

མིང་གྲགས་ཆེ་བའི་སྐར་མ་གླང་རྫིའམ་བྱ་རྒོད་སྐར་ཚོམαལ་སྐར་མ་གླང་ཁྲིད་དམ་ཡང་ན་དམག་སྤྱི་ཆེན་མོ་ཡང་ཟེར། གནམ་ངོ་ཡོངས་ནས་གསལ་ཚད་ཨང་བཅུ་གཉིས་པར་གཏོགས་པའི་བརྟན་སྐར་ཡིན་ཞིང་། ཁ་དོག་དཀར་པོ་ཡིན། མཁའ་དབྱིངས་ཀྱི་སྐར་མ་ལ་ལྟ་ཞིབ་བྱེད་པའི་ཁྲོད་ནས། དབྱར་དུས་ཀྱི་ཟུར་གསུམ་ཆེ་བའི་ཁྲོད་ཀྱི་ཟུར་གཅིག་ཡིན། དེ་དང་བྱ་རྒོད་སྐར་ཚོམ་གྱི་སྐར་མβདངγབཅས་ཀྱི་སྦྲེལ་ཐག་སྐར་མ་ཐགས་མའི་ཕྱོགས་སུ་འཁོར་ཡོད། གླང་རྫི་དང་ཐགས་མོ་ནི་གནའ་བོའི་རྒྱ་མི་རིགས་ཀྱི་ལྷ་སྒྲུང་རང་བཞིན་གྱི་གཏམ་རྒྱུད་ཅིག་ཡིན་ལ།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

ཐན་ཅིན་བཞི་བ།

ཐན་ཅིན་བཞི་བ(Deneb,ངང་དཀརα,α Cyg)ནི་ངང་དཀར་སྐར་ཚོམ་གྱི་གཙོ་སྐར་ཡིན་ལ། མཁའ་དབྱིངས་ཡོངས་ནས་འོད་གསལ་ཚད་ཨང་རིམ་བཅུ་དགུ་པའི་སྐར་མ་ཡིན། མཐོང་བའི་སྐར་གསལ་རིམ་པ1.21ནས1.29བར་ཡིན་པ་དང་། བལྟོས་མེད་སྐར་གསལ་རིམ་པ-8.37ཡིན་ཞིང་། བར་ཐག་འོད་ལོ2640ཡིན། ཁ་དོག་སྔོ་དཀར་ཡིན་ཞིང་། དེ་ནིA2Iaཅན་གྱི་སྐར་མ་དཀར་པོ་ཧ་ཅང་ཆེན་པོ་ཞིག་ཡིན། འོད་ཚད་དེ་ཉི་མའི་ལྡབ་ཁྲི18ཡིན་པ་དང་། ཕྱི་ངོས་དྲོད་ཚད8500Kཡིན། ཚངས་ཕྱེད་ནི་ཉི་མའི་ལྡབ187ནས220འི་བར་ཡིན་ལ།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

རྒྱ་གྲམ་གཉིས་པ།

རྒྱ་གྲམ་གཉིས་པ་ནི་ལྷོ་རྒྱ་གྲམ་སྐར་ཚོམ་གྱི་ནང་གི་ཆེས་གསལ་བའི་བརྟན་སྐར་ཞིག་ཡིན་ལ། གནམ་ངོ་ཡོངས་ནས་གསལ་ཚད་ཨང་བཅུ་གསུམ་པར་གཏོགས་པའི་བརྟན་སྐར་ཞིག་ཡིན་ཞིང་། མཐོང་བའི་སྐར་གསལ་རིམ་པ་ནི0.77ཡིན། ནུབ་ཕྱོགས་རྒྱལ་ཁབ་ནསAcrux(Cruα)ཟེར། རྒྱ་གྲམ་གཉིས་པའམ་ལྷོ་རྒྱ་གྲམ་སྐར་ཚོམ་གྱི་སྐར་མαནི་མཐོང་བའི་སྐར་གསལ་རིམ་པ1.39དང་མཐོང་བའི་སྐར་གསལ་རིམ་པ1.86ཡིན་པའི་སྐར་མ་གཉིས་ཀྱིས་གྲུབ་པའི་སྐར་མ་ཆ་སྡོད་ཅིག་ཡིན་ཞིང་། མཉམ་བསྲེས་སྐར་མའི་རིམ་པ0.79ཡིན་ལ།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

ལོ་རྒན་དྲུག་ཅུའི་བརྟག་ཚུལ།

འདི་ནི་བོད་ཀྱི་སྐར་རྩིས་ལས་གནའ་རབས་ཀྱི་དུས་བརྟག་གནམ་དཔྱད་རྩིས་བཤད་པའི་ལོ་རྒན་དྲུག་ཅུའི་བརྟག་ཚུལ་ཡིན། ལོ་རྒན་དྲུག་ཅུའི་སོ་སོའི་ཉིན་ཆར་བ་འབབ་པ་དང་འཚམས་ཚད་པ་བརྩི་ཚུལ།   ལོ་རྒན་དྲུག་ཅུའི་སོ་སོའི་ཉིན་ཆར་བ་འབབ་པ་དང་འཚམས་ཚད་པ་བརྩི་ཚུལ། ཤིང་ཕོ་བྱི་ཉིན་ཆར་བབས་ན། །མེ་ཕོ་སྟག་ཉིན་ཆར་མཚམས་བྱེད། །ཤིང་མོ་གླང་ཉིན་ཆར་བབས་ན། །མེ་མོ་ཡོས་ཀྱི་ཉིན་ལ་ཆད། །མེ་ཕོ་སྟག་གི་ཉི་མ་ལ། །ཆར་བབས་འདི་ཉིན་ཆད་པར་འགྱུར། །མེ་མོ་ཡོས་ཀྱི་ཉིན་བབས་ན། །ཡུན་མི་རིང་བར་ཆད་པར་འགྱུར།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

རླུང་བརྟག་ཚུལ།

འདི་ནི་བོད་ཀྱི་སྐར་རྩིས་ལས་གནའ་རབས་ཀྱི་དུས་བརྟག་གནམ་དཔྱད་རྩིས་བཤད་པའི་རླུང་བརྟག་ཚུལ་ཡིན། ངོ་སྤྲོད། རླུང་བརྟག་ཚུལ་ནི།    སྟོན་དགུན་ཤར་ལྷོའི་རླུང་བྱུང་ན། །དེ་ཉིན་ཆར་བ་འབབ་མི་འགྱུར། །དཔྱིད་དབྱར་ནུབ་བྱང་རླུང་ལངས་ན། །ནམ་མཁའ་ངེས་པར་དྭངས་པར་འགྱུར། །སྔ་དྲོ་རླུང་ལངས་རྒྱུན་མི་རིང་། །ཕྱི་དྲོ་རླུང་ལངས་ཆར་བ་ཆེ། །དཔྱིད་དབྱར་ཤར་ལྷོའི་རླུང་ལངས་ན། །གནམ་ལ་དྲི་བ་བྱ་མི་དགོས། །སྟོན་དགུན་ནུབ་བྱང་རླུང་ལངས་ན། །ནམ་མཁའ་ངེས་པར་དྭངས་པར་འགྱུར། །དབྱར་གྱི་དུས་སུ་རླུང་ཁད་འཇམ།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

རྒྱུ་སྐར་ཉེར་བརྒྱད་ཀྱི་བརྟག་ཚུལ།

འདི་ནི་བོད་ཀྱི་སྐར་རྩིས་ལས་གནའ་རབས་ཀྱི་དུས་བརྟག་གནམ་དཔྱད་རྩིས་བཤད་པའི་རྒྱུ་སྐར་ཉེར་བརྒྱད་ཀྱི་བརྟག་ཚུལ་ཡིན། ངོ་སྤྲོད། རྒྱུ་སྐར་ཉེར་བརྒྱད་སོ་སོའི་དབང་བའི་ཉིན་འཐིབ་དྭངས་དང་རླུང་དང་ཆར་བ་ཡོད་མེད་བརྟག་པ་ནི།    མོན་གྲུ་མོན་གྲེ་ཁྲུམས་སྟོད་དང་། །ཁྲུམས་སྨད་དག་ལ་རླུང་ཆར་མང་། །ནམ་གྲུའི་ཉི་མར་གནམ་ཐང་འགྱུར། །ཐ་སྐར་བྲ་ཉེར་རླུང་ཆེན་དང་། །གྲང་ངད་ཆེན་པོ་འབྱུང་བར་འགྱུར། །སྨིན་དྲུག་སྣར་མ་གཉིས་ཀྱི་ཉིན། །གནམ་ཁང་འཇམ་ཞིང་ཤིན་ཏུ་དྭངས།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།

ཧྥུ་ལི་ཏེ་པའོ་སྐར་རྡོའི་གཞུས་ཀོང་།

ཧྥུ་ལི་ཏེ་པའོ་སྐར་རྡོའི་གཞུས་ཀོང་ནི་ཨ་ཧྥེ་རི་ཁ་ལྷོ་མ་དབུས་ཁུལ་གྱི་ཙི་ཡིའུ་ཀྲོའུ་ཞིང་ཆེན་གྱི་ཧྥུ་ལི་ཏེ་པའོ་གྲོང་ཆེར་དུ་ཡོད་པ་ཡིན་ལ། སྐར་རྡོའི་གཞུས་ཀོང་གི་ཚངས་ཐིག་ལ་སྤྱི་ལེ་ཉིས་བརྒྱ་དང་ལྔ་བཅུ་ནས་སུམ་བརྒྱའི་བར་ཡོད་པ་དང་། ཧྥུ་ལི་ཏེ་པའོ་གྲོང་ཁྱེར་ནི་སྐར་རྡོའི་གཞུས་ཀོང་གི་དཀྱིལ་སྙིང་གི་ས་རུ་ཡོད། རྒྱ་ཡིག་གི་མིང་། 弗里德堡陨石坑 ཕྱི་ཡིག་གི་མིང་། Vredefort crater ངོ་སྤྲོད། མི་རྣམས་ཀྱིས་མ་གཞིར་ཧྥུ་ལི་ཏེ་པའོ་སྐར་རྡོའི་གཞུས་ཀོང་ནི་གནའ་བོའི་མེ་རིའི་གས་ཁ་ཡིན་པར་འདོད་པ་ཡིན་མོད།

རིགས་དབྱེ།   རང་བྱུང་ཁམས།རྩིས་རིག་པ།