གླུ་འདིའི་རིགས་ནི་དྲི་བ་དྲིས་ལན་གྱི་སྒོ་ནས་ཤེས་བྱའི་རྒྱ་ཆེ་མིན་དང་རིག་པ་མྱུར་མིན་འགྲན་པ་ཞིག་ཡིན་ཏེ། མིང་དུ་གྲགས་པའི་བརྩམ་བྱ་ལ་སྲིད་པའི་བུ་ཆུང་ཕྲ་མོ་དང་སྔོན་མོ་ནས་ཀྱི་འཁྲུངས་རབས། སྲིད་པའི་སྡོང་རྒན་ཡོ་རོ། འཇིག་རྟེན་ཆགས་གླུ། ཁྱུང་དང་རུས་སྦལ་གྱི་གླུ་སོགས་ཡོད།
འབེལ་དཀར་ནི་སྤྲང་པོའི་སློང་གླུ་ལས་འཕེལ་རྒྱས་བྱུང་བའི་རིག་རྩལ་གྱི་རྣམ་པ་ཞིག་ཡིན་ཏེ། དེའི་ཆ་བྱད་ཀྱི་ཐད་ནས་སྐག་ལ་ཐག་པ་ཁྲ་ཁྲ་དཔྱངས་ཡོད་པ་ནི་སྤྲང་པོའི་དྲེས་མའི་སྐེ་རགས་ཀྱི་དོད་ཡིན་པ་དང་། ལག་ལ་དབྱུག་པ་ཁྲ་རིང་བཟུང་ཡོད་པ་སྤྲང་དབྱུག་གི་དོད་ཡིན།
གླུ་གཞས། བརྡ་འགྲེལ 2 ཡོད། |