ཡོངས་འཛིན་རིག་མཛོད། >འཚོ་བ། >རྩེད་འཇོ། >གཞན་དག

ཟིལ་གནོན་རང་བཞིན་གྱི་ལེགས་ཆ།

dotaཁྲོད་ཀྱི་དམག་དཔུང་གི་བཀོད་འདོམས་དཔོན་གྱི་ནུས་རྩལ།

རིགས་དབྱེ།  

བོའུ་འགྱིག

བོའུ་འགྱིག་ནི་རྡེའུ་བཅུ་བཞིས་གྲུབ་ཅིང་། འགྱིག་གདན་གྱི་ཕྱོགས་གཅིག་གི་ཐིག་ཤད་གཅིག་གི་སྣེ་ནས་ཕྱོགས་གཞན་ཞིག་གི་སྣེའི་བར་ལ་རྡེའུ་བསྟར་ནས་ཤད་སེ་ཁ་གང་བར་བྱ་དགོས་པའི་འགྱིག་ཅིག་ཡིན།

རིགས་དབྱེ།  

བྱ་རྒོད་སྡེར་འགྱིག

བྱ་རྒོད་སྡེར་འགྱིག་ནི་རྡེའུ་བཅུ་གཅིག་གིས་གྲུབ་ཅིང་། སུམ་རྐང་བཞིའི་ཟུར་སྣེ་ཐོད་གཏུག་ཡོད་པའི་འགྱིག་ཅིག་ཡིན།

རིགས་དབྱེ།  

ཨ་ལོང་རྒྱབ་གཏུག་འགྱིག

ཨ་ལོང་རྒྱབ་གཏུག་འགྱིག་ནི་རྡེའུ་བཅུ་གསུམ་གྱིས་གྲུབ་ཅིང་། གསུམ་འགྱིག་གཉིས་ཀྱི་རྒྱབ་ཐོད་གཏུག་ཡོད་པའི་འགྱིག་ཅིག་ཡིན།

རིགས་དབྱེ།  

ཚགས་འཁོར་ཡཱ་མ་འགྱིག་བརྒྱད།

ཚགས་འཁོར་ཡཱ་མ་འགྱིག་བརྒྱད་ནི། ཚགས་ལ་བུད་པའི་རྡེའུ་ཚང་གི་རྡེའུ་དགུ་ཡིས་གྲུབ་ཅིང་། འགྱིག་བརྒྱད་ཀྱི་ཁ་ཕྱེས་ཡོད་པའི་འགྱིག་ཅིག་ཡིན།

རིགས་དབྱེ།  

ལྷ་ས་རྡེའུ་གསུམ་སྒོ་དར་ཅན་གྱི་འགྱིག

ལྷ་ས་རྡེའུ་གསུམ་སྒོ་དར་ཅན་གྱི་འགྱིག་ནི་རྡེའུ་བཅོ་བརྒྱད་ཀྱིས་གྲུབ་ཅིང་། གཉིས་འགྱིག་དང་ཏ་ལེན་ལྡན་པའི་འགྱིག་ཅིག་ཡིན།

རིགས་དབྱེ།  

སྤྲེལ་ཟླ་ཚེས་བཅུའི་གར་འཆམ།

དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ལོ་འཁོར་རེའི་སྤྲེལ་ལོ་ནམ་ཤར་གྱི་བོད་ཟླ་ལྔ་པའི་ནང་སྐྱོར་མོ་ལུང་གི་གཞོང་པ་ལྷ་ཆུའི་ཚེས་བཅུ་བའི་སྐྱིད་སྡུག་ནས་གུ་རུ་མཚན་བརྒྱད་དང་། ལོ་འཁོར་བཅུ་གཉིས་ཀྱི་གར་འཆམ་རྒྱག་གི་ཡོད། དེ་དུས་ལོ་ཆུང་ཞིག་གིས་སྤྲེའུའི་གདོང་འབག་དང་ཤུབས་གྱོན་ཏེ་ལུས་ཀྱི་རྩལ་རྩེད་སྣ་ཚོགས་བྱེད་ཅིང་། རྔ་རོལ་དང་དུང་རྒྱ་འབུད་དཀྲོལ་མཁན་ཚོས་ཞྭ་མོ་འབོག་ཏོ་དང་། ཕྲག་པ་གཡོན་པའི་སྟེང་སི་ཤན་ནམ་འབུ་རས་ཀྱི་ལེམ་ལྡེང་ཞིག་གྱོན་སྲོལ། རོལ་མོ་དཀྲོལ་མཁན། རྔ་རྡུང་མཁན་སོགས་ཚང་མ་ཁྱིམ་པ་ཤ་སྟག་ཡིན།

རིགས་དབྱེ།