ཡོངས་འཛིན་རིག་མཛོད། >འཚོ་བ། >རྩེད་འཇོ། >གློག་བརྙན་འཕྲིན།

ཀྲུང་གོའི་བརྡར་པ་རྩལ་ངོམ།

སྤྱི་ལོ2010ལོའི་ཟླ7པའི་ཚེས25ཉིན་ཤར་ཕྱོགས་བརྙན་འཕྲིན་ཁང་གིས་ཐོག་མར་རྒྱ་ཆེའི་མང་ཚོགས་ལ་དམིགས་ཏེ་བཟོས་པའི་ཕྱོགས་བསྡུས་རང་བཞིན་གྱི་སྒྱུ་རྩལ་ལེ་ཚན་ཞིག་ཡིན།

རིགས་དབྱེ།  

ཆུ་ཐོག་ངེས་མེད་རྒོལ་རྡུང་རུ་ཁག

མུ་འབྲེལ་བརྙན་འཕྲིན་ཟློས་གར《ཆུ་ཐོག་ངེས་མེད་རྒོལ་རྡུང་རུ་ཁག》ཅེས་པ་ནི་འཇར་འགོག་དམག་འཁྲུག་བརྗོད་བྱ་བྱས་པའི་བརྙན་འཕྲིན་ཟློས་གར་ཞིག་ཡིན་པ་དང་། ཀུང་ཁྲའོ་ཡིས་འཁྲབ་འཁྲིད་བྱས་ཤིང་ཡུས་ཞའོ་ཝེ་དང་པའེ་པིང་སོགས་ཀྱིས་ཀྱིས་གཙོ་འཁྲབ་བྱས། 《ཆུ་ཐོག་ངེས་མེད་རྒོལ་རྡུང་རུ་ཁག》དེ་པའེ་དབྱང་ཏེན་ཡན་ལིང་རུ་ཁག་གི་བྱས་རྗེས་ལས་འཇར་འགོག་དམག་འཁྲུག་མགོ་ཚུགས་རྗེས་པའེ་དབྱང་ཏེན་དམག་དམངས་ཀྱིས་ངེས་མེད་རྒོལ་རྡུང་དམག་འཐབ་བྱས་ནས་འཇར་ཇག་ལ་འགོག་རྒོལ་བྱས་པའི་གཏམ་རྒྱུད་བརྗོད་ཡོད།

རིགས་དབྱེ།  

ལོ་རྒྱུས་ནམ་ཡང་ཡིད་ལ་ངེས་དགོས།

མུ་འབྲེལ་བརྙན་འཕྲིན་ཟློས་གར《ལོ་རྒྱུས་ནམ་ཡང་ཡིད་ལ་ངེས་དགོས》ཞེས་པ་ནི་ཝན་ཧྲེང་ཧྭ་ཡིས་འཁྲབ་ཁྲིད་བྱས་ཤིང་། ལུའོ་ཝུའེ་དང་ལིའུ་མེང་མེང་ཀྱིས་གཙོ་འཁྲབ་བྱས་པའི་གསར་བརྗེའི་བརྩེ་དུང་ལོ་རྒྱུས་མཚོན་པའི་སྙན་ངག་ཟློས་གར་ཞིག་ཡིན། ཟློས་གར་དེའི་ནང་མ་ཧའེ་ཏེས་དཀའ་ཚེགས་ཆེ་བའི་གསར་བརྗེའི་དམག་འཁྲུག་གི་ལོ་རབས་ནས་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་དཀའ་ངལ་མང་པོ་ཁྱད་བསད་བྱས་ཏེ་རང་རྒྱལ་གྱི་འཕྲོད་བསྟེན་སྨན་བཅོས་མ་ལག་བཙུགས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་ཡོད།

རིགས་དབྱེ།  

ཧོང་ཡན་ཕེ།

མུ་འབྲེལ་བརྙན་འཕྲིན་ཟློས་གར《ཧོང་ཡན་ཕེ》ནི་ཀྲའོ་ལེ་ཡིས་འཁྲབ་ཁྲིད་བྱས་ཤིང་ཀྲང་ཐིའེ་ལིན་གྱིས་འཁྲབ་སྟོན་བྱས་པའི་མི་སྣའི་རྣམ་ཐར་བརྗོད་པའི་བརྙན་འཕྲིན་ཟློས་གར་ཞིག་ཡིན་ཞིང་། སྤྱི་ལོ2010ལོའི་ཟླ5པའི་ཚེས27ཉིན་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་འཁྲབ་ཚན་བརྒྱད་པའི་སྟེང་ཐོག་མར་བསྟན། བརྙན་འཕྲིན་ཟློས་གར་དེའི་ནང་རང་རྒྱལ་གྱི་དེང་རབས་དམངས་གཙོ་རིང་ལུགས་ཀྱི་འཐབ་འཛིང་པ་དང་། ལས་རིགས་སློབ་གསོ་ཧུར་བརྩོན་གྱིས་དར་སྤེལ་གཏོང་མཁན། སློབ་གསོ་མཁས་ཅན་ཧོང་ཡན་ཕེ་ཡི་མི་ཚེ་གང་བོའི་རྣམ་ཐར་བརྗོད་ཡོད།

རིགས་དབྱེ།  

དམག་འཁྲུག་ལ་སྙིང་རྗེ་མེད།

མུ་འབྲེལ་བརྙན་འཕྲིན་ཟློས་གར《དམག་འཁྲུག་ལ་སྙིང་རྗེ་མེད》ཅེས་པ་ནི་ཀོང་ཞ་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སིས་མ་འཇོག་པར་ལེན་དང་ཏུང་དབྱང་ཕུའུ་ཐེན་གློག་བརྙན་ཕྲིན་ཚད་ཡོད་ཀུང་སིས་བཟོས་ཏེ་སྤེལ་ཅིང་སུའུ་ཀྲོའུ་ཡིས་འཁྲབ་ཁྲིད་བྱས། ཀྲང་པོ་དང་ཞུས་པའེ་ཕུའུ། དབྱང་དབྱང་སོགས་ཀྱིས་གཙོ་འཁྲབ་བྱས་པའི་དམག་འཁྲུག་ཟློས་གར་ཞིག་ཡིན། ཟློས་གར་དེའི་ནང་སྤྱི་ལོ1935ལོའི“དམར་དམག་རྒྱང་སྐྱོད་བྱེད་པའི”ལས་འགུལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་སུ་བྱས་ནས་དམར་དམག་དཔུང་ཕྱོགས་བཞི་པའི་བུད་མེད་དམག་མིའི་ལེན་གྱིས་ཅ་ལིན་གཙང་པོ་བརྒལ་སྐབས་གཙོ་ཤུགས་དམག་དཔུང་དང་ཁ་ཐོར་དུ་སོང་མོད། འོན་ཀྱང་ཁོང་ཚོས་སྔར་བཞིན་དགྲ་དམག་དང་དཔའ་ངར་ཞུམ་མེད་ཀྱིས་འཇར་འགོག་དམག་འཁྲུག་བྱས་པའི་གཏམ་རྒྱུད་བརྗོད་ཡོད།

རིགས་དབྱེ།  

དམར་དམག་ཅུན་བདུན་པ།

མུ་འབྲེལ་བརྙན་འཕྲིན་ཟློས་གར《དམར་དམག་ཅུན་བདུན་པ》ནི་པའེ་སེ་འོས་ལངས་དང་ལུང་ཀྲོའུ་འོས་ལངས་བྱས་ནས་ལོ80འཁོར་བ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ90འཁོར་བར་དྲན་གསོ་ཞུ་ཆེད་ཕབ་བསྐྲུན་བྱས་པ་དང་། ཀོང་ཞི་ནུབ་ཁུལ་ཏང་ཨུ་དྲིལ་བསྒྲགས་པུའུ་དང་ཀོང་ཞི་རླུང་འཕྲིན་གློག་བརྙན་འཕྲིན་བཟོ་གྲྭ། ཀོང་ཞི་མན་ཏི་ལེ་གློག་བརྙན་འཕྲིན་རིག་གནས་ཚད་ཡོད་ཀུང་སི་སོགས་ཚན་པས་མཉམ་འབྲེལ་ཐོག་པར་ལེན་བྱས་པའི་གསར་བརྗེའི་ལོ་རྒྱུས་བརྗོད་བྱ་བྱས་པའི་ཟློས་གར་ཞིག་ཡིན། ཝུའུ་ཙི་ཉིའུ་ཡིས་འཁྲབ་ཁྲིད་བྱས་ཤིང་། ཀྲོའུ་ལང་དང་མཱ་ཞའོ་ཝུའེ། ཀྲེང་གོ་ལིན་སོགས་ཀྱིས་གཙོ་འཁྲབ་བྱས།

རིགས་དབྱེ།  

གསང་མྱུལ་འགྱུར་ལྡོག1939

མུ་འབྲེལ་བརྙན་འཕྲིན་ཟློས་གར《གསང་མྱུལ་འགྱུར་ལྡོག1939》ཞེས་པ་ནི་ཧྭ་དབྱི་སྤུན་ཟླས་མ་དངུལ་བཏང་ནས་ཕབ་བསྐྲུན་བྱས་པའི་གསང་མྱུལ་བརྗོད་བྱ་བྱས་པའི མུ་འབྲེལ་བརྙན་འཕྲིན་ཟློས་གར་ཞིག་ཡིན་ཞིང་། ཁྲེན་ཡན་མིང་གིས་འཁྲབ་ཁྲིད་བྱས་པ་དང་། ཏུང་ཡུང་དང་ཞུས་ཆིང་། དབྱང་ཙི་ཧྭ། ཝང་ཞའོ་ཁྲེན་སོགས་ཀྱིས་གཙོ་འཁྲབ་བྱས། ཟློས་གར་དེའི་ནང་འཇའ་འགོག་དམག་འཁྲུག་ཁྲོད་འཇར་ཕན་དམག་གིས་ཚབ་མིང“1855”ལས་འགུལ་སྤེལ་རྒྱུའི་གཏན་འབེབས་བྱས་ནས་འབུ་ཕྲའི་མཚོན་ཆ་གཡུལ་སར་སྤྱོད་རྒྱུའི་རེ་ངན་བཅངས། ཞུས་མ་དང་ཀྲའོ་དབྱི་ནཱ་ཡིས་ཚབ་བྱས་པའི་རང་རེའི་ཏང་གི་གསང་འཕྲིན་མི་སྣས་དགྲ་བོའི་གཡོ་ཐབས་སྣ་ཚོགས་ལ་དམིགས་ཏེ། ཚབ་མིང་ལ“མཚན་མོར་དྲི་ཞིམ་འཐུལ”གྱི་ལས་འགུལ་སྤེལ་ཏེ། མཐར་དགྲ་བོའི་ལྐོག་གཡོ་རྩ་བ་ནས་རྡུལ་དུ་བརླགས།

རིགས་དབྱེ།  

དཔའ་ངར་ལྡན་པའི་སྤུན་ཟླ།

མུ་འབྲེལ་བརྙན་འཕྲིན་ཟློས་གར《དཔའ་ངར་ལྡན་པའི་སྤུན་ཟླ》ཡི་མིང་གཞན་ལ《ན་གཞོན་གསར་པ》ཡང་ཟེར། དེ་ནི་ཧོ་ཆུན་དང་ཀྲེང་ཧྭ་ཡིས་འཁྲབ་ཁྲིད་བྱས་ཤིང་། ལིའང་ཀྲེན་ཧྭ་ཡིས་འཁྲབ་གཞུང་བརྩམས། ཀྲུའུ་ཡ་ཝུན་དང་ཆི་ཁུའེ། ལིའུ་ཞང་ཅིང་། ཅང་ཁའེ་སོགས་ཀྱིས་འཁྲབ་སྟོན་བྱས་པའི་གསར་བརྗེ་བརྗོད་གཞི་བྱས་པའི་བརྙན་འཕྲིན་ཟློས་གར་ཞིག་ཡིན། བརྙན་འཕྲིན་ཟློས་གར་འདེའི་ནང་ཅང་ལིའུ་དང་ཝེ་ཀུའོ། ཝང་དབྱིན། ཀྲོའུ་ལུའུ་སོགས་དཔའ་ངར་ལྡན་ཞིང་འགན་འཁྲི་འཁུར་ཕོད་པའི་གཞོན་ནུ་གསར་པ་ཁག་ཅིག་གིས་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་དོན་གཉེར་དང་། རྒྱལ་ཁབ་ཀྱི་ཆེད་དུ་ཕུགས་བསམ་འཚོལ་སྙེག མི་རིགས་ཀྱི་ཆེད་དུ་འགྲོ་ལམ་འཚོལ་བ་བཅས་ཀྱི་ཆེད་དུ་འགྱུར་བ་མེད་པ་དང་ཞུམ་པ་མེད་པའི་ཡིད་སྐྱོ་བའི་གཏམ་རྒྱུད་བརྗོད་ཡོད།

རིགས་དབྱེ།  

རྩེ་གྲི་འཐབ་འཛིང་པ།

མུ་འབྲེལ་བརྙན་ཟློས་གར《རྩེ་གྲི་འཐབ་འཛིང་པ》ཞེས་པ་ནི་ལིའུ་གོ་ཐུང་དང་ཚུའེ་ཅུན་ཏེ་གཉིས་ཀྱིས་མཉམ་འབྲེལ་ཐོག་འཁྲབ་ཁྲིད་བྱས་ཤིང་། དབྱང་ཧྲུའོ་དང་ཡེ་ཞོན། ཡུས་ཡུའེ། སུན་ཕེང་པིན་སོགས་ཀྱིས་འཁྲབ་སྟོན་བྱས་པའི་འཇར་འགོག་བརྗོད་བྱ་བྱས་པའི་བརྙན་འཕྲིན་ཟློས་གར་ཞིག་ཡིན་པ་དང་། འཇར་འགོག་དམག་འཁྲུག་གི་དུས་སྐབས་སུ་རྩལ་ནུས་ལྡན་པའི་འཇར་འགོག་དཔའ་བོ་འགའ་ཡིས་གྲུབ་པའི“རྩེ་གྲི་ཚོགས་ཆུང”གིས་དགྲ་བོའི་རྒྱབ་ཕྱོགས་སུ་བསྐྱོད་དེ་གསང་མྱུལ་བའི་བྱེད་སྒོ་སྤེལ་བའི་གཏམ་རྒྱུད་བརྗོད་ཡོད།

རིགས་དབྱེ།  

དངུལ་རྩའི་འཐབ་འཛིང་།

མུ་འབྲེལ་བརྙན་འཕྲིན་ཟློས་གར《དངུལ་རྩའི་འཐབ་འཛིང》ཞེས་པ་ནི་པེ་ཅིང་ཧྭ་ལུའུ་པའེ་ནཱ་གློག་བརྙན་བརྙན་འཕྲིན་མ་རྐང་ཚད་ཡོད་ཀུང་སིས་ཕབ་བསྐྲུན་བྱས་ཤིང་། ལིའུ་ཞིན་ཀང་གིས་འཁྲབ་ཁྲིད་བྱས་པ་དང་། ཀྲང་པོ་དང་ཧོང་ཅུའེ། ཀྲོའུ་ཤན་ཤིན། ཕན་ཀྲི་ལིན་སོགས་ཀྱིས་འཁྲབ་སྟོན་བྱས་པའི་གསང་འཕྲིན་ཟློས་གར་ཞིག་རེད། བརྙན་འཕྲིན་ཟློས་གར་དེའི་ནང་སྤྱི་ལོ1949ལོར་ལྷོ་ནུབ་ཀྱི་མངའ་ཁོངས་ཡོངས་བཅིངས་འགྲོལ་བཏང་མེད་པ་དང་། ཕྱོགས་སོ་སོའི་དགྲ་བོས་ཕྱི་ནང་ངན་འབྲེལ་གྱིས་མི་དམངས་ཤོག་སྒོར་འགྲེམས་སྤེལ་བཀག་འགོག་བྱེད་རྩིས་བྱས་པ་དང་། དངུལ་རྩའི་འཐབ་ཕྱོགས་ཐོག་གི་དམག་མི་ཕུལ་བྱུང་ཅན་ཁག་ཅིག་གིས་དགྲ་བོ་དང་འཐབ་རེས་བྱས་པའི་བརྒྱུད་རིམ་ནང་བྱེད་ཐབས་ངོ་མཚར་ཅན་སྤྱད་དེ་རྒྱལ་ཁབ་ཀྱི་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་བྱས་པའི་གཏམ་རྒྱུད་བརྗོད་ཡོད།

རིགས་དབྱེ།  

ཧྭ་ཡན་དགོན་གྱི་དམག་འཐབ།

མུ་འབྲེལ་བརྙན་འཕྲིན་ཟློས་གར《ཧྭ་ཡན་དགོན་གྱི་དམག་འཐབ》ཞེས་པ་ནི་ལི་ཆིང་གིས་འཁྲབ་ཁྲིད་བྱས་ཤིང་། ཧའེ་ཏུན་དང་ཝང་ཅི། དབྱང་མེང་། ཀྲོའུ་མུའུ་དབྱིན་སོགས་ཀྱིས་འཁྲབ་སྟོན་བྱས་པའི་གསང་མྱུལ་འཐབ་འཛིང་བརྗོད་བྱ་བྱས་པའི་མུ་འབྲེལ་བརྙན་འཕྲིན་ཟློས་གར་ཞིག་ཡིན། བརྙན་འཕྲིན་ཟློས་གར་དེའི་ནང་འཇར་འགོག་དམག་འཁྲུག་སྐབས་ཀྱི་ཁྲུང་ཆིང་ཧྭ་ཡན་དགོན་གྱི་དགེ་འདུན་པས་དཔའ་མཛངས་རྟུལ་ཕོད་ཀྱིས་འཇར་དམག་དང་འཐབ་འཛིང་བྱས་པའི་གཏམ་རྒྱུད་བརྗོད་ཡོད།

རིགས་དབྱེ།  

རྒྱལ་ཁབ་དར་རྒྱས་གཏོང་།

མུ་འབྲེལ་བརྙན་འཕྲིན་ཟློས་གར《རྒྱལ་ཁབ་དར་རྒྱས་གཏོང》ཞེས་པ་ནི་ཀྲང་ཧེང་གིས་འཁྲབ་སྟོན་བྱས་པའི་གསར་བརྗེའི་ལོ་རྒྱུས་སྙན་ངག་ཟློས་གར་ཆེན་མོ་ཞིག་ཡིན་ལ། ཟློས་གར་དེའི་ནང་གསར་བརྗེའི་ཕུགས་བསམ་བཅངས་པའི་ན་ཆུང་གཞོན་ནུ་ཁ་ཤས་ཀྱི་གཏམ་རྒྱུད་བརྗོད་པ་དང་། གོམ་པ་རེ་རེ་བཞིན་དད་སེམས་བརྟན་པོ་དང་བློ་བརྟན་འགྱུར་མེད་ཀྱི་གཤིས་རྒྱུད་ལྡན་པའི་འགོ་ཁྲིད་ཀྱི་འབོད་སྐུལ་བྱེད་ཤུགས་ཆེན་པོ་ལྡན་པའི་ཕུལ་བྱུང་གསར་བརྗེ་པ་དག་གི་ངོ་མཚར་ཆེ་བའི་ལོ་རྒྱུས་བརྗོད་ཡོད། ཟློས་གར་དེའི་རྣམ་པ་ཧྲིལ་པོའི་ཐོག་ནས་དུས་རབས་གོང་མའི་ལོ་རབས་ཉི་ཤུ་པ་དང་སུམ་ཅུ་པའི་ཀྲུང་དབྱང་སུའུ་ཁུལ་གྱི་ཞིན་གོ་མི་དམངས་ཀྱིས་གནམ་ས་བླ་འོག་བསྒྱུར་བའི་ལོ་རྒྱུས་བརྗོད་ཡོད།

རིགས་དབྱེ།  

ཤི་གསོན་མཉམ་གནས་ཀྱི་སྤུན་ཟླ།

མུ་འབྲེལ་བརྙན་འཕྲིན་ཟློས་གར《ཤི་གསོན་མཉམ་གནས་ཀྱི་སྤུན་ཟླ》ནི་སྤྱི་ལོ2000ལོར་བསྟན་པའི་ཀྲུང་གོའི་སྐམ་ས་ཆེན་པོའི་བརྙན་འཕྲིན་ཟློས་གར་ཞིག་ཡིན་པ་དང་། ཞའོ་ཧྥུང་གིས་འཁྲབ་ཁྲིད་བྱས་པ་དང་པི་ཞ་སོགས་ཀྱིས་འཁྲབ་སྟོན་བྱས། བརྙན་འཕྲིན་ཟློས་གར་འདིས་ཉེན་རྟོག་པ་ཡིན་པའི་ཕུ་བོ་དང་ཉེས་ཅན་གྱི་ནུ་བོའི་བར་གྱི་གཏམ་རྒྱུད་བརྗོད་ཡོད།

རིགས་དབྱེ།  

ཡན་ཨན་གྱི་བརྩེ་དུང་།

མུ་འབྲེལ་བརྙན་འཕྲིན་ཟློས་གར《ཡན་ཨན་གྱི་བརྩེ་དུང》ཞེས་པ་ནི་ཀྲེ་ཅང་རླུང་བརྙན་འཕྲིན་ཁང་དང་ཀྲེ་ཅང་གློག་བརྙན་འཕྲིན་ཁང་། ཀྲུང་གོ་རྒྱལ་སྤྱིའི་བརྙན་འཕྲིན་སྤྱི་ཁྱབ་ཀུང་སི། ཧང་ཀྲོའུ་རིག་གནས་རླུང་བརྙན་འཕྲིན་ཁང་། པེ་ཅིང་དུས་རབས་ཏུང་ཧྭ་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སི། ཧྭ་དབྱི་སྤུན་ཟླའི་སྨྱན་སྦྱོར་མ་རྐང་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་འབྲེལ་ཐོག་ཕབ་བསྐྲུན་བྱས་པ་དང་། ཚའོ་པའོ་ཕིང་གིས་འཁྲབ་ཁྲིད་བྱས་ཤིང་། ཏེང་ཁྲའོ་དང་དབྱིན་ཐའོ་སོགས་ཀྱིས་གཙོ་འཁྲབ་སྟོན་བྱས། ཟློས་གར་དེའི་ནང་འཇར་འགོག་དམག་འཁྲུག་དུས་སྐབས་སུ་རྒྱལ་ཡོངས་རིག་རྩལ་ལས་རིགས་ཀྱི་མི་སྣ་ཡན་ཨན་དུ་བསྐྱོད་དེ་གསར་བརྗེའི་བདེན་དོན་དང་བརྩེ་དུང་གི་གཏམ་རྒྱུད་བརྗོད་པ་དང་། ཟློས་གར་ནང་གི་མི་སྣ་ཕེང་ཏེང་ཁུ་དང་སུའུ་ཀྲེན་གྱི་མི་ཚེ་གང་བོའི་བརྩེ་དུང་གི་རྩོད་གཞི་བརྗོད་ཡོད།

རིགས་དབྱེ།  

ལྕགས་ཕག་ལོའི་གསར་བརྗེ།

མུ་འབྲེལ་བརྙན་འཕྲིན་ཟློས་གར《ལྕགས་ཕག་ལོའི་གསར་བརྗེ》ནི་ཐང་གོ་ཆང་དང་ལི་ཝེ། ཅང་རུའེ་ལིན་བཅས་ཀྱིས་འཁྲབ་ཁྲིད་བྱས་པ་དང་། མ་ཧྲའོ་ཧྭ་དང་ཀྲང་ཆིའུ་ཀའོ། ཡའོ་ཅུས་ཏུ། མ་ཞའོ་ཝེ། ཡུའུ་རུང་ཀོང་། ཝང་སི་དབྱི། ཞའོ་ཆང་སོགས་འཁྲབ་སྟོན་པ200ལྷག་གིས་མཉམ་དུ་འཁྲབ་སྟོན་བྱས་པའི་ལོ་རྒྱུས་སྙན་ངག་ཟློས་གར་ཞིག་ཡིན། ཟློས་གར་དེའི་ནང་དུས་རབས་ཉི་ཤུ་པའི་དུས་མགོའི་ལོ་རྒྱུས་རང་བཞིན་གྱི་དོན་རྐྱེན་ཞིག་བརྗོད་པ་དང་། གཙོ་བོ་ཆིང་རྒྱལ་རབས་རྩ་མེད་དུ་བཏང་རྗེས་ཀྲུང་ཧྭ་མིན་གོ་དབུ་བརྙེས་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་བརྗོད་ཡོད། བརྙན་འཕྲིན་ཟློས་གར་དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ལྕགས་ཕག་ལོའི་གསར་བརྗེ་བྱས་ནས་ལོ་བརྒྱ་འཁོར་བར་དྲན་གསོ་ཞུ་བའི་ཟློས་གར་ཞིག་རེད།

རིགས་དབྱེ།  

ང་རང་དམར་དམག་ཡིན།

མུ་འབྲེལ་བརྙན་འཕྲིན་ཟློས་གར《ང་རང་དམར་དམག་ཡིན》ཞེས་པ་ནི་ཀྲེ་ཅང་ཧུ་ཐུང་གློག་བརྙན་འཕྲིན་རིག་གནས་ཚད་ཡོད་ཀུང་སི་དང་། ཤར་རྒྱ་མཚོའི་གློག་བརྙན་ཚོགས་པ། ཅིན་ཧྭ་རླུང་འཕྲིན་འཕྲིན་སྤྱི་ཁྱབ་ལས་ཁུངས་བཅས་ཀྱིས་མཉམ་འབྲེལ་ཐོག་ཕབ་བསྐྲུན་པ་ཞིག་ཡིན་པ་དང་། ལི་དབྱང་སྤྱི་ཁྱབ་ཀྱིས་ཇུས་འགོད་བྱས་ཤིང་སང་ཧྭ་ཡིས་འཁྲབ་ཁྲིད་བྱས་པ་དང་ཀུའོ་ཞའོ་ཀོང་གིས་འཁྲབ་གཞུང་བརྩམས། ཀྲུའུ་ཡུས་ཁྲེན་དང་ཀའོ་དབྱི་ཧན་སོགས་ཀྱིས་གཙོ་འཁྲབ་བྱས་པའི་ཉེ་རབས་གསར་བརྗེའི་ཟློས་གར་ཞིག་ཡིན། བརྙན་འཕྲིན་ཟློས་གར་དེའི་ནང་དམར་དམག་གི་ཡན་ལག་རུ་ཁག་ཆུང་ཆུང་ཞིག་འཇུག་སྒོར་བྱས་ནས་ཡཱ་ཅའོ་འགག་གི་བདག་པོ་ཉིའེ་ཅིའུ་ཕ་བསད་པར་དགྲ་ཤ་ལེན་པ་ནས་རིམ་བཞིན་དམར་དམག་གི་འཐབ་འཛིང་པ་ངོ་མ་ཞིག་ཏུ་གྱུར་པའི་གཏམ་རྒྱུད་བརྗོད་ཡོད།

རིགས་དབྱེ།  

དམག་འཁྲུག་གི་གཡུལ་ས་བརྒལ་བ།

མུ་འབྲེལ་བརྙན་འཕྲིན་ཟློས་གར《དམག་འཁྲུག་གི་གཡུལ་ས་བརྒལ་བ》ཞེས་པ་ནི་ཆན་ཞའོ་ཧུང་གིས་འཁྲབ་ཁྲིད་བྱས་པ་དང་། ཧྲེན་ཨའོ་ཅུན་དང་ཏིང་ཧའེ་ཧྥེང་། ཉི་ཧུང་ཅེ་སོགས་ཀྱིས་འཁྲབ་སྟོན་བྱས་པའི་འཇར་འགོག་བརྗོད་བྱ་བྱས་པའི་བརྙན་འཕྲིན་ཟློས་གར་ཞིག་རེད། དེའི་ནང་གཙོ་བོ་བུད་མེད་དམག་མི་དྲུག་དང་རྨས་མ་སྐྱེས་པ་གཅིག གསོ་སྐྱོང་ཁང་གི་བྱིས་པ་སྐོར་ཅིག་གིས་འཇར་དམག་གིས་གཙང་འཕྱག་ཆེན་པོ་བྱེད་པའི་བཀག་རྒྱ་མང་པོའི་མདུན་དུ་ཁོ་ཚོ་གནས་སྤོ་བྱེད་པའི་ལམ་དུ་བསྐྱོད།

རིགས་དབྱེ།  

ཚད་ལྡན་བརྙན་མིག

ཚད་ལྡན་བརྙན་མིག་ནི་ཟུར་ཚད་ཏུའུ50ཡས་མས་ཀྱི་བརྙན་མིག་གི་སྤྱིའི་མིང་ཡིན། མདོ་ཐག་གི་རིང་ཚད་དང་པར་བརྒྱབ་པའི་རི་མོའི་གཏད་ཟུར་གྱི་རིང་ཚད་ཕལ་ཆེར་འདྲ་མཚུངས་ཡིན་པའི་བརྙན་ལེན་བརྙན་མིག་ཡིན། དེའི་ཟུར་ཚད་ནི་སྤྱིར་བཏང་དུ45°~50°ཡིན། པར་ངོས་ཀྱི་ཧོ་སྨི35ནས60བར་གྱི་མདོ་ཐག་གི་ཤེལ་ཡིན་པ་དང་། 6*6ཡི་མདོ་ཐག་ནི་ཧོ་སྨི75ནས80བར་གྱི་ཤེལ་ཤེལ་ཡིན། དབྱིན་ཚུན4*5ནི་ཧོ་སྨི120ནས150བར་ཡིན། ཚད་ལྡན་བརྙན་མིག་ནི་རྒྱུན་དུ་མདོ་ཐག་ཧོ་སྨི40ནས55བར་གྱི་པར་ལེན་པར་ལེན་པར་ཤེལ་ལ་ཟེར་བ་དང་། ཚད་ལྡན་བརྙན་མིག་གྱིས་མཚོན་པའི་ཡུལ་ལྗོངས་ཀྱི་མཐོང་མཐོང་དང་མིག་མཐོང་ཅུང་ཉེ་བ་ཡིན། དེ་ནི་བརྙན་མིག་ཡོད་ཚད་ནང་གི་ཆེས་གཞི་རྩའི་པར་ལེན་ཤེལ་ཞིག་རེད།

རིགས་དབྱེ།  

གློག་བརྙན་གྱི་དོན་བརྗོད་སྒྲིག་གཞི།

གློག་བརྙན་གྱི་དོན་བརྗོད་སྒྲིག་གཞི་ནི་དོན་བརྗོད་གཙོ་བོར་བྱེད་པའི་སྒྱུ་རྩལ་ཞིག་ཡིན་ཞིང་། དེའི་དོན་བརྗོད་བྱེད་ཐབས་ནི་ཁྱད་མཚར་བརྒྱ་དང་འགྱུར་ལྡོག་མང་ཡང་། དེའི་སྒྲིག་གཞི་གྱི་རྣམ་པ་རིགས་འགའ་ལ་ཕྱོགས་བསྡུས་བྱས་ཆོག སྒྲིག་གཞི(སྤྱི་ཡོངས་རང་བཞིན་དང་། བརྗེ་སྒྱུར་རང་བཞིན། རང་ངོས་ལེགས་སྒྲིག་རང་བཞིན)ཞེས་པ་ནི་བརྩམས་ཆོས་ཀྱི་ནང་དོན་གྱི་རྩ་འཛུགས་དང་། བཀོད་སྒྲིག སྒྲིག་གཞི་སོགས་ཀྱི་ཕྱོགས་ལ་ཟེར་བ་སྟེ། དཔེར་ན་ཚིག་གི་སྒྲིག་གཞི་དང་། ཚིག་གྲུབ་ཀྱི་སྒྲིག་གཞི། དུམ་ཚན་སྒྲིག་གཞི་བཅས་ཡིན།

རིགས་དབྱེ།  

བརྙན་མིག་གཙོ་བོ།

ཚོགས་ར་གཙོ་བོའི་བརྙན་ལེན་འཕྲུལ་ཆས་ནི་རྒྱང་རིང་གི་དམིགས་ཡུལ་དང་སྤོ་འགུལ་གྱི་པར་རིས་ཀྱིས་དུམ་བུ་ཞིག་གི་འགུལ་སྟངས་ཚང་མ་བརྙན་ལེན་བྱེད། བརྙན་ལེན་ཚར་རྗེས། གལ་ཏེ་པར་ལེན་འཕྲུལ་ཆས་གཅིག་ཁོ་ན་བཀོལ་ན། དཀྱིལ་ལྗོངས་དང་དམིགས་བསལ་གྱི་པར་ལེན་བསྐྱར་ཟློས་ཀྱི་བྱ་སྤྱོད་ཀྱིས་འབྲེག་ལེན་བྱེད་སྐབས་བརྙན་མིག་གཙོ་བོའི་ནང་དུ་འཇུག་དགོས།

རིགས་དབྱེ།  

རང་ངོས་བརྙན་མིག

རང་ངོས་བརྙན་མིག་གིས་གློག་བརྙན་ནང་གི་མི་སྣའི་ལྟ་བ་དང་མཐོང་སྣེའི་བརྙན་མིག འཁྲབ་བྱའི་མི་སྣས་སྣང་ཚུལ་ལ་ཞིབ་ལྟ་བྱེད་པའམ་ཡང་ན་སྣང་ཚུལ་ཞིག་གི་ཁྲོད་དུ་འགྲོ་འོང་བྱེད་སྐབས་བརྙན་ལེན་འཕྲུལ་ཆས་ཀྱིས་མི་སྣའི་མིག་ཟུང་མཚོན་པ་དང་། དེས་མཐོང་བའི་སྣང་ཚུལ་མངོན་ཐུབ།

རིགས་དབྱེ།  

མདོ་ཐག་རིང་བའི་བརྙན་མིག

མདོ་ཐག་རིང་བའི་བརྙན་མིག་ནི་ཚད་ལྡན་བརྙན་མིག་གི་མདོ་ཐག་རིང་བའི་བརྙན་ལེན་བརྙན་མིག་ལ་ཟེར། མདོ་ཐག་རིང་བའི་བརྙན་མིག་ལ་སྤྱིར་བཏང་གི་རྒྱང་ལེན་བརྙན་མིག་དང་རྒྱང་ཐག་ཆེས་ཆེར་རིང་བའི་བརྙན་ལེན་བརྙན་མིག་རིགས་གཉིས་སུ་དབྱེ་ཡོད། སྤྱིར་བཏང་གི་རྒྱང་ལེན་བརྙན་མིག་མདོ་ཐག་རིང་ཚད་ཚད་ལྡན་ཤེལ་གྱི་རིང་ཚད་དང་ཉེ་བ་དང་། རྒྱང་ཐག་ཆེས་ཆེར་རིང་བའི་བརྙན་ལེན་བརྙན་མིག་གི་མདོ་ཐག་ཚད་ལྡན་བརྙན་མིག་ལས་ཆེ། 135པར་ཆས་ལ་ཆ་བཞག་ན། དེའི་པར་ཆས་ཀྱི་མདོ་ཐག་ཧོ་སྨི85ནས300བར་གྱི་བརྙན་ལེན་པར་ཆས་ནི་སྤྱིར་བཏང་གི་རྒྱང་ལེན་ཤེལ་ཡིན་པ་དང་། ཧོ་སྨི300ཡན་ནི་རྒྱང་ཐག་ཆེས་ཆེར་རིང་བའི་བརྙན་ལེན་བརྙན་མིག་ཡིན།

རིགས་དབྱེ།  

མྱུར་སྐྱོབ་ཆེན་མོ།

《མྱུར་སྐྱོབ་ཆེན་མོ》ནི་ཧྲན་ཏན་ལས་དོན་ཁང་གིས་བཏོན་པའི་བརྙན་འཕྲིན་ཟློས་གར་ཞིག་ཡིན་ལ། ཡིའུ་ཅང་ཞུང་གིས་འཁྲབ་གཞུང་བརྩམས་ཤིང་འཁྲབ་ཁྲིད་བྱས་པ་དང་། ཀའོ་ཧྲུའུ་ཀོང་སོགས་ཀྱིས་འཁྲབ་སྟོན་བྱས། བརྙན་འཕྲིན་ཟློས་གར་དེའི་ནང་དམར་དམག་ནུབ་ལམ་དམག་གིས་རྨ་ནུབ་ཕམ་རྗེས་ཀྱི་གཏམ་རྒྱུད་རབ་དང་རིམ་པ་བརྗོད་ཡོད། སྤྱི་ལོ2012ལོའི་ཟླ3ཚེས3ཉིནCCTV-8སྟེང་ཐོག་མར་བསྟན།

རིགས་དབྱེ།  

གངས་ཀྱིས་གཡོགས་པའི་ཁུ་ནུ་རི་རྒྱུད།

《གངས་ཀྱིས་གཡོགས་པའི་ཁུ་ནུ་རི་རྒྱུད》ནི་ཀྲོའུ་ཡའོ་ཅིའེ་ཡིས་འཁྲབ་ཁྲིད་བྱས་ཤིང་ལི་ཅུན་གྱིས་འཁྲབ་གཞུང་བརྩམས་པ་དང་། ཀའོ་ཐེན་ཧའོ་དང་ལིའུ་ཅུན། ཏའེ་ཅང་སོགས་ཀྱིས་འཁྲབ་སྟོན་བྱས་པའི་དེང་རབས་ཀྱི་དམག་མིའི་ཡུལ་སྐོར་གྱི་བརྙན་འཕྲིན་ཟློས་གར་ཞིག་ཡིན། བརྙན་འཕྲིན་ཟློས་གར་དེ་ནི་ལོ་མང་རིང་གི་ལོ་རྒྱུས་དངོས་ལ་གཞིགས་ནས་བཅོས་སྒྲིག་བྱས་པ་ཞིག་ཡིན་ལ། ཞིན་ཅང་གི་མི་རིགས་ཁག་གི་དམག་དམངས་བཅིངས་འགྲོལ་དང་བོད་ལྗོངས་མངའ་རིས་སྲུང་སྐྱོང་། འཛུགས་སྐྲུན་བཅས་བྱེད་པའི་དགའ་སྐྱོ་གཉིས་ལྡན་གྱི་གཏམ་རྒྱུད་ཅིག་ཡིན། བརྙན་འཕྲིན་ཟློས་གར་འདི་ནི་སྤྱི་ལོ2012ལོའི་ཟླ4པའི་ཚེས16ཉིན་ཀྲུང་དབྱང་བརྙན་འཕྲིན་ཁང་ནས་ཤར་གཏོང་བྱས།

རིགས་དབྱེ།  

མེ་དུད་རྒྱབ་ཀྱི་དམག་འཁྲུག

《མེ་དུད་རྒྱབ་ཀྱི་དམག་འཁྲུག》ནི་ཝན་ཧྲེང་ཧྭ་ཡིས་འཁྲབ་ཁྲིད་བྱས་པའི་འཇའ་འགོག་དམག་འཁྲུག་མཚོན་པའི་ཟློས་གར་ཞིག་ཡིན་པ་དང་། ཐང་གོ་ཆང་དང་ཀྲུའུ་ཧུང་ཅཱ་སོགས་ཀྱིས་འཁྲབ་སྟོན་བྱས། བརྙན་འཕྲིན་ཟློས་གར་དེའི་ནང་དམག་སྡེ་བརྒྱད་པའི་ཅིན་ཁྲ་ཅི་གནས་གཞིའི་ས་ཁུལ་དང་ཡན་ཨན་བཟོ་ཞིང་སློབ་གྲྭ་རྒྱབ་ལྗོངས་སུ་བྱས་ཏེ་ཧྥེང་ཐེན་ཧའོ་དང་ཞའོ་ཐུང་། ཀྲང་ཀྲེན་ཞི་སོགས་དམག་སྡེ་བརྒྱད་པའི་ལས་བྱེད་པ་དང་འཐབ་འཛིང་པ། ངན་རེངས་དང་རྫིག་ཉམས་ཆེ་བའི་འཇའ་ཕན་གྱི་བཟུང་དམག་ལ་ཁ་གཏད་དེ། རང་དམག་གིས་བཟུང་དམག་ལ་གཟིགས་སྐྱོང་བྱེད་པའི་སྲིད་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། ཕ་རོལ་པོར་རྒྱུས་ལོན་དང་བརྩི་འཇོག རང་ཉིད་ཀྱི་ནང་སེམས་ལ་བརྟེན་ནས་བཟུང་དམག་ལ་དྲོད་སྣང་སྦྱིན་ཏེ་ཁོ་ཚོའི་མི་གཤིས་ཀྱི་གཏམ་རྒྱུད་ཀྱག་ཀྱོག་དེ་སློང་བཞིན་ཡོད།

རིགས་དབྱེ།  

སེམས་མཐུན་སྤུན་ཟླ།

བརྙན་འཕྲིན་ཟློས་གར《སེམས་མཐུན་སྤུན་ཟླ》ཞེས་པ་དེས་མི་སྣ་ཆུང་ཆུང་ཞིག་བརྒྱུད་ནས་རྒྱབ་ལྗོངས་ཆེན་པོ་ཞིག་མཚོན་ཡོད་པ་དང་། མཚར་སྡུག་གི་དུས་རབས་དང་མི་སེར་གྱི་འཚོ་བ། མི་རིགས་མཐུན་སྒྲིལ་ལ་བསྟོད་གླུ་འབུལ་བ་བཅས་བརྗོད་བྱ་བྱས་ཡོད། བརྙན་འཕྲིན་ཟློས་གར་དེའི་ནང་ཞིན་སྐྱོར་ལས་བྱེད་པའི་མི་སེམས་འགུལ་བའི་གཏམ་རྒྱུད་བརྒྱུད་ཁོ་ཚོས་ཞིན་སྐྱོར་ལོ་གསུམ་རིང་གི་ལས་ཀ་དང་འཚོ་བའི་ཁྲོད་ཀྱི་དགའ་སྐྱོ་ཆགས་སྡང་དང་དེ་བཞིན་བརྩེ་སེམས་ཆེན་པོ་མཚོན་ཡོད་པ་མ་ཟད། ཞིན་སྐྱོར་འཐབ་ཇུས་ལག་བསྟར་བྱས་རྗེས་ཕྱོགས་ཡོངས་ནས་སྤེལ་བའི་ཐོན་ལས་ཞིན་སྐྱོར་དང་། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ཞིན་སྐྱོར། སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་ཐད་བླངས་པའི་གྲུབ་འབྲས་བརྗོད་ཡོད།

རིགས་དབྱེ།  

ཧན་ཁོའུ་གྲུ་ཁ།

《ཧན་ཁོའུ་གྲུ་ཁ》ནི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་བརྙན་འཕྲིན་ཟློས་གར་དོ་དམ་ལྟེ་གནས་དང་ཀྲུང་གུང་ཝུའུ་ཧན་གྲོང་ཨུ་དྲིལ་སྒྲོག་པུའུ། ཝུའུ་ཧན་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས། ཝུའུ་ཧན་དཔལ་འབྱོར་འཕེལ་རྒྱས་མ་རྐང(ཚོགས་པ)ཚད་ཡོད་ཀུང་སི། ཀྲུང་གོ་བརྙན་འཕྲིན་སྨྱན་སྦྱོར་མ་རྐང་ཚད་ཡོད་ཀུང་སི་སོགས་ཀྱིས་མཉམ་འབྲེལ་ཐོག་པར་ལེན་བྱས་པའི་བརྙན་འཕྲིན་ཟློས་གར་ཞིག་རེད། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་དང་ཀྲུང་གུང་ཝུའུ་ཧན་གྲོང་ཨུ་དྲིལ་སྒྲོག་པུའུ། ཝུའུ་ཧན་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས། ཝུའུ་ཧན་དཔལ་འབྱོར་འཕེལ་རྒྱས་མ་རྐང(ཚོགས་པ)ཚད་ཡོད་ཀུང་སི། ཀྲུང་གོ་བརྙན་འཕྲིན་སྨྱན་སྦྱོར་མ་རྐང་ཚད་ཡོད་ཀུང་སི་སོགས་ཀྱིས་མཉམ་འབྲེལ་ཐོག་བརྙན་སྐྲུན་བྱས་པ་དང་། ཆན་ཝུའུ་དབྱི་ཡིས་འཁྲབ་ཁྲིད་བྱས་ཤིང་ཏུང་ཧུང་ཡིའུ་ཡིས་འཁྲབ་གཞུང་བརྩམས། ལིའུ་མུའུ་དང་ཞང་ཐེན། ལིའུ་ལི་ཝུའེ་སོགས་ཀྱིས་གཙོ་འཁྲབ་བྱས་པའི་ཉེ་རབས་ཀྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར་ཞིག་ཡིན། ཟློས་གར་དེའི་ནང་ཧུའུ་པེའི་ཁྲ་ཞང་གི་ན་གཞོན་ཧོང་ཐེན་ཧུའུ་ཧན་ཁོའུ་གྲུ་ཁར་སོང་ནས་གླ་བྱས་པ་དང་། ཁོས་གྲུ་ཁའི་བཟོ་པ་སྐོར་ཞིག་གི་སྣེ་ཁྲིད་དེ་ས་ཁྱི་ལོའི་ལུགས་སྒྱུར་དང་ལྕགས་ཕག་ལོའི་གསར་བརྗེ། བརྒྱད་བདུན་གྲོས་ཚོགས། འཇའ་འགོག་དམག་འཁྲུག་བཅས་བརྒྱུད་དེ་མི་རིགས་ཀྱི་ལ་རྒྱ་ལྡན་པའི་ཚོང་པ་ཆེན་པོ་ཞིག་ཏུ་གྱུར་པའི་གཏམ་རྒྱུད་བརྗོད་ཡོད།

རིགས་དབྱེ།  

དཔའ་བོ་གང་དུ་ཡོད།

《དཔའ་བོ་གང་དུ་ཡོད》ཅེས་པ་ནི་ཞའོ་ཞང་གློག་བརྙན་ཚོགས་པས་ཕབ་སྐྲུན་བྱས་པའི་དམག་འཁྲུག་བརྗོད་བྱ་བྱས་པའི་བརྙན་འཕྲིན་ཟློས་གར་ཞིག་ཡིན་པ་དང་། ཧོང་ཧུ་དང་ཝང་ཅིང་གཉིས་ཀྱིས་མཉམ་འབྲེལ་ཐོག་བསྐྲུན་ཅིང་། ཐང་གོ་ཆང་དང་སུན་ཧའེ་དབྱིང་སོགས་ཀྱིས་གཙོ་འཁྲབ་བྱས། ཟློས་གར་འདེའི་ནང་འཇར་འགོག་དམག་འཁྲུག་གི་དུས་མགོར་དམར་དམག་དང་གོ་མིན་ཏང་གི་དམག་དཔུང་། “གྲི་ཇག”བཅས་ལ་མགོ་བཏགས་པའི་ཧུའུ་ནན་ནུབ་ཀྱི་སྤུན་ཟླ་གསུམ་གྱིས་ཕན་ཚུན་འཐབ་རྩོད་བྱས་པ་ནས་ཁྱིམ་སྲུང་རྒྱལ་སྲུང་ཆེད་སླར་ཡང་མཉམ་དུ་འཛོམས་པ་དང་འཇར་འགོག་དམག་འཁྲུག་ཆེད་རང་སྲོག་བློས་གཏོང་བའི་དཔའ་བོའི་གཏམ་རྒྱུད་བརྗོད་ཡོད།

རིགས་དབྱེ།  

ཏང་གི་བུ་མོ།

མུ་འབྲེལ་བརྙན་འཕྲིན་ཟློས་གར《ཏང་གི་བུ་མོ》ནི་དབྱིན་རུན་སྨྱན་སྦྱོར་གྱིས་ཕབ་སྐྲུན་བྱས་པའི་བརྙན་འཕྲིན་ཟློས་གར་ཞིག་ཡིན་པ་དང་། ལིའུ་ཅིན་གྱིས་འཁྲབ་ཁྲིད་བྱས་ཤིང་སུན་མིན་ཅི་ཡིས་འཁྲབ་གཞུང་བརྩམས། ཝང་ཞི་ཧྭ། ཏིང་ཀྲི་ཁྲེང་། ཧྲེན་ཧང་། ལིན་ཅིང་སོགས་ཀྱིས་གཙོ་འཁྲབ་བྱས། བརྙན་འཕྲིན་ཟློས་གར་དེས་སྤྱི་ལོ1934ལོའི་ཀན་མིང་སུའུ་ཝེ་ཨེད་ས་ཁུལ་རྒྱབ་ལྗོངས་སུ་བྱས་ནས་གསར་བརྗེའི་གཏམ་རྒྱུད་རབ་དང་རིམ་པ་བརྗོད་ཡོད།

རིགས་དབྱེ།  

ད་རུང་ད་ལྟའི་དུས་ལ་བལྟས།

མུ་འབྲེལ་བརྙན་འཕྲིན་ཟློས་གར《ད་རུང་ད་ལྟའི་དུས་ལ་བལྟས》ཞེས་པ་ནི་ལི་ཡུན་ལེང་གིས་འཁྲབ་ཁྲིད་བྱས་པ་དང་། ཡན་ཏན་ཁྲེན་དང་སུན་ཐའོ། སུང་ཝུན་ཕུའུ་བཅས་ཀྱིས་གཙོ་འཁྲབ་བྱས་པའི་འཇིགས་རུང་གི་མི་འབྲེལ་བརྙན་འཕྲིན་ཟློས་གར་ཞིག་རེད། བརྙན་འཕྲིན་ཟློས་གར་དེའི་ནང་གཙོ་བོ་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་པའི་དུས་མགོར་རབས་གསར་པའི་གུང་ཁྲན་ཏང་མིས་གནས་བབ་གསར་པ་དང་ཁོར་ཡུག་གསར་པར་ཁ་གཏད་ནས་འགྱུར་ལྡོག་མི་གཏོང་བར་བཅོས་བསྒྱུར་སྒོ་འབྱེད་སྲུང་སྐྱོབ་བྱེད་པའི་གཏམ་རྒྱུད་བརྗོད་ཡོད།

རིགས་དབྱེ།