ཡོངས་འཛིན་རིག་མཛོད། >རིག་གནས། >སྒྲ་རིག་པ།

མིང་ཚོམ།

མིང་གི་ཚོམ་བུ་སྟེ། མིང་རྒྱུ་དུ་མ་འདུས་པའི་ཕུང་བོའམ་ཚམ་བུ་ལ་མིང་ཚོམ་ཟེར་ཞིང་། མིང་ཚོམ་གྱི་གྲུབ་ཚུལ་བཤད་པ་ལ། མིང་ཚོམ་ལ་དབྱེ་ན་མིང་ཚོམ་སྤྱིར་བཏང་བ་དང་མིང་ཚོམ་གཏན་འཇགས་མ་གཉིས་སུ་ཡོད་པའི་ནང་གི་འདིར་ནི་མིང་ཚོམ་གཏན་འཇགས་མ་བསྒྲུབ་རྒྱུ་དེ་ཡིན། རྒྱ་ཡིག་གི་མིང་། 词组 གོ་དོན།  མིང་ཚོམ་ཞེས་པ་ནི་མིང་གི་ཚོམ་བུ་སྟེ། མིང་རྒྱུ་དུ་མ་འདུས་པའི་ཕུང་བོའམ་ཚོམ་བུ་ལ་མིང་ཚོམ་ཟེར་བ་ཡིན། མིང་ཚོམ་ལ་དབྱེ་ན་མིང་ཚོམ་སྤྱིར་བཏང་བ་དང་མིང་ཚོམ་གཏན་འཇགས་མ་གཉིས་སུ་ཡོད་པའི་ནང་གི་འདིར་ནི་མིང་ཚོམ་གཏན་འཇགས་མ་བསྒྲུབ་རྒྱུ་དེ་ཡིན།

རིགས་དབྱེ།   རིག་གནས།སྒྲ་རིག་པ།

ཁ་སྐད།

མིའི་རིགས་ཀྱི་སྐད་ཆ་བྱུང་རྗེས། དུས་ཡུན་ཧ་ཅང་རིང་བོའི་ནང་དུ་རྣམ་པ་གཅིག་ལས་མེད་པ་སྟེ། ངག་ཐོག་ནས་བཤད་པ་དང་རྣ་བས་ཉན་པའི་ཁ་སྐད་རེད། རྗེས་སུ་ཡི་གེ་གསར་སྐྲུན་བྱས་པ་དང་། མི་རྣམས་ཀྱིས་ཡི་གེ་སྤྱད་ནས་ཁ་སྐད་བཀོད། དེ་ནས་ཁ་སྐད་ཀྱི་རྨང་གཞིའི་སྟེང་སྨྱུ་གུས་འབྲི་བ་དང་མིག་གིས་ལྟ་བའི་ཡིག་སྐད་བྱུང་བ་རེད། ཡིག་སྐད་དེ་ཡི་གེས་བྲིས་པ་ཡིན་མོད། འོན་ཀྱང་ཡི་གེ་དེ་ཡིག་སྐད་ཁོ་ན་མ་རེད། ངོ་སྤྲོད། མི་རྣམས་ཀྱིས་ཁ་སྐད་ལ་བརྟེན་ནས་འབྲེལ་འདྲིས་བྱེད་དུས། འབྲེལ་འདྲིས་བྱ་བའི་ཡུལ་དེ་འཁྲིས་ལོགས་སུ་ཡོད་ཅིང་། ད་རུང་ལག་བརྡ་དང་ངོ་གདོང་གི་རྣམ་འགྱུར་སོགས་ལ་བརྟེན་ནས་བསམ་བློ་དང་བརྩེ་དུང་མཚོན་པ་ལ་རམ་འདེགས་བྱས་ཆོག 

རིགས་དབྱེ།   རིག་གནས།སྒྲ་རིག་པ།

བསྐུ།

སྐུད་ཀྱི་མ་འོངས་པ། ལོ་ཙཱ། རྒྱ་ཡིག 涂抹 དབྱིན་ཡིག to apply, to put on རྒྱས་འགྲེལ། 1.དག་ཡིག་གསར་བསྒྲིགས་ལས།  སྐུད་ལ་ལྟོས། 2.བརྡ་དག་མིང་ཚིག་གསལ་བ་ལས།  སྣུམ་བསྐུ་བའམ་བྱུག་པའི་མིང་། ①涂油。②摩擦,涂抹。 3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  〔བྱ་བྱེད་ཐ་དད་པ〕བསྐུས། བསྐུ། ཀོ་བ་ལ་སྣུམ་བསྐུ་དགོས།

རིགས་དབྱེ།   རིག་གནས།སྒྲ་རིག་པ།

སྐྱོམ།

གཡོ་སྒུལ་བྱས་པའི་དོན། ལོ་ཙཱ། རྒྱ་ཡིག 摇动 དབྱིན་ཡིག to shake, to stir up རྒྱས་འགྲེལ། 1.དག་ཡིག་གསར་བསྒྲིགས་ལས།  (བྱེད་འབྲེལ་ལས་ཚིག་ད་ལྟ་བ)ཆུ་སོགས་གཤེར་བའི་རིགས་གཡོ་སྒུལ་བྱས་པའི་དོན་ཏེ། ཆུ་སྐྱོམ། ཇ་སྐྱོམ་ལྟ་བུ། 【བསྐྱོམ】ནི་མ་འོངས་པ་སྟེ། ཇ་བསྐྱོམ་དགོས། བསྐྱོམ་བྱའི་ཇ་ཆུ་ཞེས་པ་ལྟ་བུ། 【བསྐྱོམས】ནི་འདས་པ་སྟེ། ཆུ་བསྐྱོམས་ནས་རྙོག་པར་བྱས། ཐོར་རླུང་གིས་རྒྱ་མཚོ་བསྐྱོམས་ལྟ་བུ། 【སྐྱོམས】ནི་སྐུལ་ཚིག་སྟེ། ཇ་སྐྱོམས་ཤིག་ལྟ་བུ།

རིགས་དབྱེ།   རིག་གནས།སྒྲ་རིག་པ།

སྐྱོར།

བྱ་བ་ཞིག་ཡང་དང་ཡང་དུ་བྱས་པའི་དོན། ལོ་ཙཱ། རྒྱ་ཡིག 重复 དབྱིན་ཡིག repeat རྒྱས་འགྲེལ། 1.དག་ཡིག་གསར་བསྒྲིགས་ལས།  ①(བྱེད་འབྲེལ་ལས་ཚིག་ད་ལྟ་བ་དང་སྐུལ་ཚིག)བྱ་བ་ཞིག་ཡང་དང་ཡང་དུ་བྱས་པའི་དོན་ཏེ། ལེགས་བཤད་བློ་ལ་སྐྱོར་གྱིན་ཡོད། དཔེ་ཆ་བློ་ལ་སྐྱོར་ཅིག་ལྟ་བུ། 【བསྐྱར】ནི་མ་འོངས་པ་དང་འདས་པ་སྟེ། དཔེ་ཆ་བློ་ལ་བསྐྱར་དགོས། བསྐྱར་བྱའི་ཚིག  ཡང་ཡང་བསྐྱར་ནས་བློ་ལ་ཟིན་ཞེས་པ་ལྟ་བུ། ②བསྐྱོར་གྱི་ད་ལྟ་བ་དང་སྐུལ་ཚིག 2.བརྡ་དག་མིང་ཚིག་གསལ་བ་ལས།Ⅰ.ཡང་ཡང་སྐྱོར་ཞིག་དང་སྐྱོར་དགོས། ①屡次温习。②须温习,须扶持。【增】已将手中空处填满,满把。﹝达﹞复习,背诵。﹝法﹞Ⅱ.ཡང་ཡང་བྱེད་པའི་དོན་ནམ་ཡང་ཡང་གསོ་བའི་མིང་།

རིགས་དབྱེ།   རིག་གནས།སྒྲ་རིག་པ།

སྐྱེལ།

1. དབོར་བའམ། འདྲེན་པ། 2. གནས་ཤིག་ནས་གནས་གཞན་ཞིག་ལ་སྐྱེལ་མ་བྱེད་པའི་དོན། ལོ་ཙཱ། རྒྱ་ཡིག 运送;送行 དབྱིན་ཡིག to deliver; to see off རྒྱས་འགྲེལ། 1.དག་ཡིག་གསར་བསྒྲིགས་ལས། (བྱེད་འབྲེལ་ལས་ཚིག་ད་ལྟ་བ)①སྲུང་སྐྱོབ་དང་ལྟ་རྟོག་བྱེད་པའམ་བརྩེ་དུང་མཚོན་པ་སོགས་ཀྱི་ཆེད་དུ་མི་གཞན་དང་བསྡོངས་ནས་གནས་ཤིག་ནས་གནས་གཞན་ཞིག་ལ་སོང་བའི་དོན་ཏེ། མགྲོན་པོ་སྒོ་ལ་སྐྱེལ་གྱིན་ཡོད། བྱིས་པ་སློབ་གྲྭར་སྐྱེལ་མཁན་ཞེས་པ་ལྟ་བུ། 【བསྐྱལ】ནི་མ་འོངས་པ་དང་འདས་པ་སྟེ། བྱིས་པ་སློབ་གྲྭར་བསྐྱལ་དགོས། བསྐྱལ་བྱའི་སློབ་གྲྭ་པ། བུ་ཕྲུག་སློབ་གྲྭར་བསྐྱལ་ནས་སློབ་སྦྱོང་བྱས་ལྟ་བུ། 【སྐྱོལ】ནི་སྐུལ་ཚིག་སྟེ། བུ་མོ་སློབ་གྲྭར་སྐྱོལ་ཅིག་ལྟ་བུ།

རིགས་དབྱེ།   རིག་གནས།སྒྲ་རིག་པ།

ཀུམ་པོ།

1.བརྒྱངས་པའི་ལྡོག་ཟླ། 2.དཔའ་ཞུམ་པའི་རྣམ་པ། ལོ་ཙཱ། རྒྱ་ཡིག 弯曲;畏缩 དབྱིན་ཡིག crooked; wince རྒྱས་འགྲེལ། 1.དག་ཡིག་གསར་བསྒྲིགས་ལས།  (རྒྱན་ཚིག)①བརྒྱངས་པའི་ལྡོག་ཟླ་སྟེ། ལུས་ཀུམ་པོར་ཉལ། མཚན་མོ་ལྗོན་ཤིང་ལ་ལའི་ལོ་མ་ཀུམ་ལྟ་བུ། ②དཔའ་ཞུམ་པའི་དོན་ཏེ། སྐྲག་ནས་ཀུམ་ཀུམ་པོར་གནས། གྲང་ནས་ལུས་ཀུམ་ཀུམ་བྱས་ལྟ་བུ། 2.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  ①དྲང་མིན་ཀྱོག་པོར་འཁུམས་པའི་རྣམ་པ། ལུས་ཀུམ་པོར་ཉལ་བ། ②དཔའ་ཞུམ་པའི་ཚུལ།  དངངས་སྐྲག་གིས་ཀུམ་པོར་གནས་པ། 3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  形容词。 ①弯曲。收缩蜷曲状。②畏缩。恐惧退缩状。

རིགས་དབྱེ།   རིག་གནས།སྒྲ་རིག་པ།

ཁ་སངས།

དེ་རིང་གི་ཉིན་སྔོན་མ། ལོ་ཙཱ། རྒྱ་ཡིག 昨天 དབྱིན་ཡིག yesterday རྒྱས་འགྲེལ། དག་ཡིག་གསར་བསྒྲིགས་ལས།  ཁ་རྩང་དང་འདྲ།

རིགས་དབྱེ།   རིག་གནས།སྒྲ་རིག་པ།

སྐྱུངས།

སྐྱུང་གི་སྐུལ་ཚིག ལོ་ཙཱ། རྒྱ་ཡིག 减少,缩减 དབྱིན་ཡིག to reduce, to diminish རྒྱས་འགྲེལ། 1.དག་ཡིག་གསར་བསྒྲིགས་ལས།  སྐྱུང་གི་སྐུལ་ཚིག 2.བརྡ་དག་མིང་ཚིག་གསལ་བ་ལས།  ཆུང་བར་གྱིས་ཤིག 减少,缩减(命令式)。 3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  སྐྱུང་བའི་སྐུལ་ཚིག ཁེངས་པ་སྐྱུངས་ཤིག

རིགས་དབྱེ།   རིག་གནས།སྒྲ་རིག་པ།

སྐྱོབ།

རོགས་རམ་བྱས་པ་དང་དཀའ་སྡུག་སོགས་ལས་ཐར་བར་བྱས་པའི་དོན། ལོ་ཙཱ། རྒྱ་ཡིག 庇护,拯救,保护 དབྱིན་ཡིག to save, to rescue, to protect རྒྱས་འགྲེལ། 1.དག་ཡིག་གསར་བསྒྲིགས་ལས། (བྱེད་འབྲེལ་ལས་ཚིག་ད་ལྟ་བ)རོགས་རམ་བྱས་པ་དང་ཉེན་ཁ་སོགས་ལས་ཐར་བར་བྱས་པའི་དོན་ཏེ། ལུག་རྣམས་ཆུ་ལས་སྐྱོབ་ཀྱིན་ཡོད། སྲོག་སྐྱོབ་མཁན། སྡུག་བསྔལ་ལས་སྐྱོབ་མཁན། མུག་སྐྱོབ་ཀྱི་གྲ་སྒྲིག་བྱེད་དགོས། མྱུར་སྐྱོབ། འཇིགས་སྐྱོབ་ལྟ་བུ། 【བསྐྱབ】ནི་མ་འོངས་པ་སྟེ། ནད་པ་ནད་ཀྱི་སྡུག་བསྔལ་ལས་བསྐྱབ་དགོས། བསྐྱབ་བྱའི་ནད་པ་ཞེས་པ་ལྟ་བུ།

རིགས་དབྱེ།   རིག་གནས།སྒྲ་རིག་པ།

སྐྱོད།

1.གཡོ་བར་བྱེད་པའི་དོན། 2.འགྲོ་བའི་དོན། ལོ་ཙཱ། རྒྱ་ཡིག 摇撼; 行进 དབྱིན་ཡིག to be carried off (by wind, etc.); to go རྒྱས་འགྲེལ། དག་ཡིག་གསར་བསྒྲིགས་ལས།  I.(བྱེད་འབྲེལ་ལས་ཚིག་ད་ལྟ་བ་དང་སྐུལ་ཚིག)གཡོ་བར་བྱས་པའི་དོན་ཏེ། དར་དམར་རླུང་གིས་སྐྱོད། སྐྱོད་བྱེད་ཀྱི་རླུང་། དར་དམར་སྐྱོད་ཅིག་ལྟ་བུ། 【བསྐྱོད】ནི་མ་འོངས་པ་དང་འདས་པ་སྟེ། བསྐྱོད་བྱའི་དར་ཆ། སྐར་ལྔའི་དར་དམར་རླུང་གིས་བསྐྱོད་ལྟ་བུ།   II.(བྱེད་མེད་ལས་ཚིག་ད་ལྟ་བ་དང་སྐུལ་ཚིག)འགྲོ་བའི་དོན་ཏེ། ལམ་དུ་སྐྱོད་བཞིན་འདུག དམག་སྐྱོད་ཅིག མདུན་དུ་སྐྱོད་ཅིག་ལྟ་བུ། མ་འོངས་པ་དང་འདས་པ་ལ་བསྐྱོད་འབྲི།

རིགས་དབྱེ།   རིག་གནས།སྒྲ་རིག་པ།

ཁྲམ་ཁྲུམ།

འབྲུ་དང་སྨན་སོགས་ཞིབ་འཐག་མ་བྱས་པའི་རྣམ་པ། ལོ་ཙཱ། རྒྱ་ཡིག 粗颗粒 དབྱིན་ཡིག coarsely ground རྒྱས་འགྲེལ། 1.དག་ཡིག་གསར་བསྒྲིགས་ལས།  (རྒྱན་ཚིག)རྡོག་པོ་ཆུང་ངུ་མང་བའི་དོན་ཏེ། ས་རྡོག་ཁྲམ་ཁྲུམ། རྩམ་པ་ཁྲམ་ཁྲུམ། ལུས་ལ་རྨ་ཁྲམ་ཁྲུམ་གྱིས་ཁྱབ་ལྟ་བུ། ཁ་སྐད་དུ་ཁྲ་མེ་ཁྲུམ་མེ་ཟེར་ཏེ། ས་ཁྲ་མེ་ཁྲུམ་མེ། འབྲུམ་པ་ཁྲ་མེ་ཁྲུམ་མེ་ཞེས་པ་ལྟ་བུ། 2.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  粗颗粒。没有研细的粗粒。

རིགས་དབྱེ།   རིག་གནས།སྒྲ་རིག་པ།

ཁ་ཐོག

ཕྱི་ངོས་སམ་ཚིག་ཙམ་གྱི་དོན། ལོ་ཙཱ། རྒྱ་ཡིག 口上,口头 དབྱིན་ཡིག verbally, orally རྒྱས་འགྲེལ། 1.དག་ཡིག་གསར་བསྒྲིགས་ལས།  ཕྱི་ངོས་སམ་ཚིག་ཙམ་གྱི་དོན་ཏེ། ཁ་ཐོག་གི་ཚིག་དོན་ཐོག་ལ་འཇོག་པ་ཞེས་པ་ལྟ་བུ། 2.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  ཚིག་ཐོག་གམ་ངག་ཐོག  བསམ་འཆར་ཁ་ཐོག་ནས་བཤད་པ། གཏམ་ཁ་ཐོག་དོན་གནས།

རིགས་དབྱེ།   རིག་གནས།སྒྲ་རིག་པ།

གང་ག

ཐམས་ཅད་ཀྱི་དོན། ལོ་ཙཱ། རྒྱ་ཡིག 全部,整体 དབྱིན་ཡིག all རྒྱས་འགྲེལ། 1.དག་ཡིག་གསར་བསྒྲིགས་ལས།  (གྲངས་ཚིག)ཐམས་ཅད་དམ་ཚང་མའི་དོན། 2.བརྡ་དག་མིང་ཚིག་གསལ་བ་ལས།  ཐམས་ཅད། 所有的,一切,都。 3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  ﹝ལྷ་སའི་ཡུལ་སྐད﹞ཐམས་ཅད་དམ་ཚང་མ། ཁོང་ཚོ་གང་ག་ཕེབས་བཞག  

རིགས་དབྱེ།   རིག་གནས།སྒྲ་རིག་པ།

འདམ་བག

འདམ་གྱི་མིང་། ལོ་ཙཱ། རྒྱ་ཡིག 泞泥,烂泥 དབྱིན་ཡིག mud, sludge རྒྱས་འགྲེལ། 1.དག་ཡིག་གསར་བསྒྲིགས་ལས། ས་ལ་ཆུ་བསྲེས་ནས་བརྫིས་པའི་འདག་ཞལ་བྱེད་པའི་འདམ་གྱི་མིང་། 2.བརྡ་དག་མིང་ཚིག་གསལ་བ་ལས། འབྱིང་བྱེད་འཛིན་པའམ་ས་འདག་པའི་འདམ་མྱགས་ལྟ་བུ། 能陷入的泥,泞泥,烂泥。【增】胶泥,灰泥。﹝达﹞(同) འདམ།  འདམ་རྫབ། 3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས། ས་རློན་གྱི་འདག་པ། འདམ་བག་བརྫིས་ནས་ཁང་པར་བྱུགས།

རིགས་དབྱེ།   རིག་གནས།སྒྲ་རིག་པ།

གཏུན་ཁུང་།

ཚྭ་སོགས་རྡུང་སའི་སྣོད་ཀོང་བོའི་མིང་། ལོ་ཙཱ། རྒྱ་ཡིག 臼,春碎骨头等的器具。 དབྱིན་ཡིག  a mortar(for grinding) རྒྱས་འགྲེལ། 1.དག་ཡིག་གསར་བསྒྲིགས་ལས།  ཚྭ་སོགས་རྡུང་སའི་སྣོད་ཀོང་བོའི་མིང་སྟེ། ཡུལ་སྐད་དུ་ཇ་རྐོ་དང་རྡོ་རྐོ་ཟེར། 2.བརྡ་དག་མིང་ཚིག་གསལ་བ་ལས།  རྡོ་ཀོང་ངམ་རྡོའི་སྣོད་ལྟ་བུ།  臼,石器。【增】碓窝。﹝四﹞ 3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  ཤ་རུས་སོགས་རྫོག་སྣོད་ཀོང་པོ།

རིགས་དབྱེ།   རིག་གནས།སྒྲ་རིག་པ།

གཏམས།

སྣོད་སོགས་གང་བའི་དོན། ལོ་ཙཱ། རྒྱ་ཡིག 充满,装满 དབྱིན་ཡིག be filled with རྒྱས་འགྲེལ། 1.དག་ཡིག་གསར་བསྒྲིགས་ལས།  ①གཏམ་ལ་ལྟོས། ②ལྟེམས་ཀྱི་མ་འོངས་པར་གཏམས་འབྲི་བའང་ཡོད། 2.བརྡ་དག་མིང་ཚིག་གསལ་བ་ལས།  གྲངས་ཏེ་རབ་བཀྲམ་ཆེན་པོ༡༠ 满,矜羯罗﹝梵﹞,大数之一,十个“载”,十个摩诃钵罗廋多。【增】潤。﹝四﹞ 3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  ①སྣོད་སོགས་གང་བའི་དོན་ཏེ།    སྣོད་རྣམས་བཅུད་ཀྱིས་གཏམས།    བང་མཛོད་ནོར་གྱིས་གཏམས།    སྐུལ་ཚིག་ལ་གཏོམས་ཞེས་ཟེར།  ②གྲངས་གནས་ཤིག

རིགས་དབྱེ།   རིག་གནས།སྒྲ་རིག་པ།

ཡུལ་སྐད།

སྐད་ཆའི་ཡུལ་སྐད་སོ་སོའི་བར་ན་མི་འདྲ་ས་ཅི་ཙམ་ཡོད་ན་ཡང་། མཚུངས་ཆོས་ཅུང་ཙམ་རེ་ཡོད་པའི་ཁྱབ། ཐུན་མོང་གི་མཚུངས་ཆོས་འདི་དག་ནི་སྐད་རིགས་འདི་སྐད་རིགས་གཞན་དག་དང་ཐ་དད་དུ་འབྱེད་པའི་རྟགས་རེད། ཡུལ་སྐད་ཀྱི་ཁྱད་པར་སྔར་ལས་ཇེ་ཆེ་ཇེ་མང་དུ་སོང་ན། གཉེན་འབྲེལ་གྱི་སྐད་རིགས་དུ་མར་ཐད་གྱེས་སུ་འགྱུར་སྲིད། གཉེན་འབྲེལ་གྱི་སྐད་རིགས་སོ་སོའི་བར་དུ་ཡང་ཐུན་མོང་གི་མཚུངས་ཆོས་དུ་མ་གནས་ཡོད་དེ། ཐུན་མོང་གི་མཚུངས་ཆོས་དེ་དག་ནི་གཉེན་འབྲེལ་སྐད་རིགས་དང་གཉེན་འབྲེལ་གྱི་སྐད་རིགས་མ་ཡིན་པ་དབྱེ་བ་འབྱེད་པའི་གཞི་འཛིན་ས་རེད། རགས་བཤད།

རིགས་དབྱེ།   རིག་གནས།སྒྲ་རིག་པ།

དགྲོང་།

བསད་པའི་ཞེ་ས། ལོ་ཙཱ། རྒྱ་ཡིག 弑(敬语) དབྱིན་ཡིག to kill (honorific) རྒྱས་འགྲེལ། 1.དག་ཡིག་གསར་བསྒྲིགས་ལས།  བཀྲོངས་ཀྱི་མ་འོངས་པ། 2.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  བཀྲོངས་ཀྱི་མ་འོངས་པ།

རིགས་དབྱེ།   རིག་གནས།སྒྲ་རིག་པ།

གཏི་མུག

གཉིད་ཀྱི་མིང་གཞན་དང་མ་རིག་པའི་དོན་སོགས་ལ་གོ ལོ་ཙཱ། རྒྱ་ཡིག 痴,愚昧 དབྱིན་ཡིག ignorance, stupidity རྒྱས་འགྲེལ། 1.དག་ཡིག་གསར་བསྒྲིགས་ལས།  ①གཉིད་ཀྱི་མིང་གཞན། ②(རྒྱན་ཚིག)རིག་པ་མི་གསལ་བ་སྟེ། མི་གཏི་མུག་ཅན་ཞེས་པ་ལྟ་བུ། 2.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  མ་རིག་པ་སྟེ།    ཆོས་ཀྱི་ཚུལ་ཡང་དག་པར་མ་རྟོགས་པའམ་ཕྱིན་ཅི་ལོག་ཏུ་རྟོག་པའི་རྨོངས་པ།    གཏི་མུག་བདོ་བ།    གཏི་མུག་མུན་པའི་ཁུང་བུར་འཇོག་མི་རུང་།

རིགས་དབྱེ།   རིག་གནས།སྒྲ་རིག་པ།

གཏུག

ཕན་ཚུན་ཐུག་ཏུ་འཇུག་པའི་དོན། ལོ་ཙཱ། རྒྱ་ཡིག 碰头,抵达 དབྱིན་ཡིག to reach, to bring before the(law) རྒྱས་འགྲེལ། 1.དག་ཡིག་གསར་བསྒྲིགས་ལས།  (བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་ད་ལྟ་བ)①ཕན་ཚུན་ཐུག་ཏུ་འཇུག་པའི་དོན་ཏེ། བྱ་སྒོང་རྡོ་ལ་མ་གཏུག ཁུ་ཚུར་གཏུག་མཁན་ཞེས་པ་ལྟ་བུ། 【གཏུགས】ནི་འདས་པ་དང་སྐུལ་ཚིག་སྟེ། ཁུ་ཚུར་གཏུགས་ནས་རྩེད་མོ་རྩེ། ཁུ་ཚུར་གཏུགས་ཤིག་ལྟ་བུ། ②སླེབ་པའི་དོན་ཏེ། པེ་ཅིན་ལ་གཏུགས། མཐའ་ལ་གཏུགས་ལྟ་བུ། ③ཕན་ཚུན་འཕྲད་དུ་འཇུག་པའི་དོན་ཏེ། ངོ་གཏུག་དགོས།

རིགས་དབྱེ།   རིག་གནས།སྒྲ་རིག་པ།

གཏར།

ནད་པའི་ལུས་ནས་ཁྲག་རྣག་ལེན་པའི་དོན། ལོ་ཙཱ། རྒྱ་ཡིག 剖刺,穿刺 དབྱིན་ཡིག to bleed, to draw blood རྒྱས་འགྲེལ། 1.དག་ཡིག་གསར་བསྒྲིགས་ལས།  (བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་ད་ལྟ་བ་དང་འདས་པ)ནད་པའི་ལུས་ནས་ཁྲག་རྣག་ལེན་པའི་དོན་ཏེ། སྐྲངས་པ་གཏར་བར་བྱ། གཏར་གྱིན་ཡོད། སྐྲངས་པ་གཏར་ནས་རྣག་ཐོན་ལྟ་བུ། 【གཏོར】ནི་སྐུལ་ཚིག་སྟེ། སྐྲངས་པ་འདི་གཏོར་ཅིག་ལྟ་བུ། 2.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།   〔ཐ་དད་པ〕ནད་པའི་ལུས་ནས་ཁྲག་རྣག་ལེན་པའི་དོན་ཏེ།    ཁྲག་གི་ཞག་རྩི་མང་བའི་ནད་ལ་ཁྲག་གཏར་ན་ཕན་ངེས་རེད།   

རིགས་དབྱེ།   རིག་གནས།སྒྲ་རིག་པ།

གཏད།

རྫས་སྔགས་ཀྱི་སྒོ་ནས་གཞན་གནོད་ཀྱི་མཐུ་གཏད་པའི་དོན། ལོ་ཙཱ། རྒྱ་ཡིག 厌胜 དབྱིན་ཡིག aim, focus, direct towards རྒྱས་འགྲེལ། 1.དག་ཡིག་གསར་བསྒྲིགས་ལས།  (བྱེད་འབྲེལ་ལས་ཚིག་འདས་པ)①ཡིད་ཆེས་པ་སྟེ། མི་དམངས་ལ་བློ་གཏད། བློ་རྩེ་གཏད་ལྟ་བུ། 【གཏོད】ནི་མ་འོངས་པ་དང་ད་ལྟ་བ་སྐུལ་ཚིག་གསུམ་གར་འཇུག་སྟེ། བློ་གཏོད་ས། བློ་གཏོད་མཁན། བློ་རྩེ་གཏོད་ཅིག་ལྟ་བུ། ②བཅོལ་བ་སྟེ། སྨན་པ་ལ་ནད་པ་གཏད། བྱིས་པ་དགེ་རྒན་ལ་གཏད་ནས་ཡི་གེ་སློབ། བྱ་བ་འདི་ཁྱོད་ལ་གཏད་པ་ཡིན་ཞེས་པ་ལྟ་བུ།

རིགས་དབྱེ།   རིག་གནས།སྒྲ་རིག་པ།

ཏིལ།

ལོ་ཏོག་རིགས་ཤིག་གི་མིང་སྟེ། འབྲུ་ལ་དཀར་ནག་གཉིས་ཡོད། རོ་མངར། ཞུ་རྗེས་དྲོད། ནུས་པས་རླུང་འཇོམས། ལུས་སྟོབས་འཕེལ་བར་བྱེད། ཆུ་སེར་ལའང་ཕན། ལོ་ཙཱ། རྒྱ་ཡིག   芝麻 དབྱིན་ཡིག sesame རྒྱས་འགྲེལ། 1.དག་ཡིག་གསར་བསྒྲིགས་ལས།  ལོ་ཏོག་རིགས་ཤིག་གི་མིང་སྟེ། གཞུང་རྟ་གླིང་བཞི་ཅན་ཡིན། འབྲུ་ལ་དཀར་ནག་གཉིས་ཡོད་པས་དཀར་བོ་ལ་ཏིལ་དཀར་དང་། ནག་པོ་ལ་ཏིལ་ནག་ཟེར། ཏིལ་འབྲུ་བཙིར་བའི་སྣུམ་ལ་ཏིལ་མར་ཟེར་ཞིང་སྣུམ་ཟས་བཟང་བོ་ཞིག་ཡིན། 2.བརྡ་དག་མིང་ཚིག་གསལ་བ་ལས།  སྣུམ་འབྲུ་ཞིག་སྟེ་རྒྱ་གར་སྐད་ཟུར་ཆག 芝麻,榨油之粮食,梵语  ཏི་ལ 的变音。(同)  ཏིལ་འབྲུ། 3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།

རིགས་དབྱེ།   རིག་གནས།སྒྲ་རིག་པ།

བསྒྲུག

བཏུ་བའི་དོན། ལོ་ཙཱ། རྒྱ་ཡིག 拾起,捡起(未来式) དབྱིན་ཡིག to pick up (Future) རྒྱས་འགྲེལ། 1.དག་ཡིག་གསར་བསྒྲིགས་ལས།  སྒྲུག་གི་མ་འོངས་པ། 2.བརྡ་དག་མིང་ཚིག་གསལ་བ་ལས།  ས་ནས་བསྒྲུག་འདྲུག་ཅེས་སྣང་།  拾,由地上拾起,亦作 འདྲུག 【增】 སྒྲུག་པ་的未来式,采集,收集,收拾。﹝法﹞ 3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  〔བྱ་བྱེད་ཐ་དད་པ〕 བསྒྲུགས། བསྒྲུག སྒྲུག ས་ནས་རྡོ་སོགས་བསྒྲུག་རྒྱུ།

རིགས་དབྱེ།   རིག་གནས།སྒྲ་རིག་པ།

ཏེ།

མིང་མཐའ་ན་ར་ལ་ས་དང་ད་དྲག་ཅན་གྱི་རྗེས་སུ་སྦྱོར་བའི་ལྷག་བཅས་ཀྱི་སྒྲའི་ཕྲད་ཅིག ལོ་ཙཱ། རྒྱ་ཡིག 连词 དབྱིན་ཡིག this particle is used after finalན་ར་ལ་ས། རྒྱས་འགྲེལ། 1.དག་ཡིག་གསར་བསྒྲིགས་ལས།  (སྦྲེལ་ཚིག)བོད་ཡིག་གི་ལྷག་བཅས་ཀྱི་སྒྲ་སྟེ། བོད་ཡིག་གི་རྗེས་འཇུག་མི་འདྲ་བའི་དབང་གིས་ལྷག་བཅས་ལ་ཏེ་དེ་སྟེ་གསུམ་ཡོད་ཅིང་འཇུག་ཚུལ་ནི། ད་དེ་ན་ར་ལ་ས་ཏེ། ག་ང་བ་མ་འ་དང་ནི། མཐའ་རྟེན་མེད་མཐར་སྟེ་འཐོབ་བོ་ཞེས་པ་ལྟར་ཡིན། དེ་ཡང་ལས་ཚིག་ འདས་པའི་མཐར་སྦྱར་ན་སྔ་ཕྱིའི་རིམ་པ་སྟོན་ཏེ། སྤྱང་ཀི་བསད་དེ་ཕྱུགས་བསྲུངས། རྟ་ལ་ཞོན་ཏེ་དམག་རྩལ་སྦྱང་། འདྲུད་འཁོར་བསྐོར་ཏེ་ལོག་བརྒྱབ། གྲོ་ནས་ཐང་མར་བརྡལ་ཏེ་ཉི་མར་སྐེམ།  རས་དྲས་ཏེ་ལྭ་བ་བཟོས། རྡོ་བཅག་སྟེ་ཟེགས་མ་ལམ་ལ་བརྡབ།

རིགས་དབྱེ།   རིག་གནས།སྒྲ་རིག་པ།

རྟུག་དྲི།

བཤང་ལམ་ནས་ཐོན་པའི་འོག་རླུང་གི་མིང་། ལོ་ཙཱ། རྒྱ་ཡིག 臭屁 དབྱིན་ཡིག flatus, fart རྒྱས་འགྲེལ། 1.དག་ཡིག་གསར་བསྒྲིགས་ལས།  བཤང་ལམ་ནས་ཐོན་པའི་འོག་རླུང་གི་མིང་། 2.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  འོག་རླུང་།    རྟུག་དྲི་ཁ།    རྟུག་དྲི་གཏོང་བ།    རྟུག་དྲི་ངན་པོ་ང་མིན་ཁོ་ཡིན།    སྤོས་དྲི་ཞིམ་པོ་ང་ཡིན་ཁོ་མིན། 3.སྨོན་ལམ་ཚིག་མཛོད་ཆེན་མོ་ལས། མིང་ཚིག  བཤང་ལམ་ནས་ཐོན་པའི་འོག་རླུང་སྟེ།  ཕྱེན།  དཔེར་ན།  མི་མང་གྲལ་དུ་རྟུག་དྲི་ཤོར་ཅེས་པ་ལྟ་བུ།

རིགས་དབྱེ།   རིག་གནས།སྒྲ་རིག་པ།

བཏེགས།

དངོས་པོ་ཡར་འདེགས་པ་དང་ལམ་ལ་ཆས་པ་སོགས་དོན་གཉིས་ལ་འཇུག་ཚུལ་ཡོད། ལོ་ཙཱ། རྒྱ་ཡིག 1.举起,抬起 2.上路 དབྱིན་ཡིག 1.to lift or raise up 2. to go རྒྱས་འགྲེལ། 1.དག་ཡིག་གསར་བསྒྲིགས་ལས། (བྱེད་འབྲེལ་ལས་ཚིག་འདས་པ)དངོས་པོ་ཡར་འདེགས་པའི་དོན་ཏེ། རྩལ་སྦྱང་པས་ལྕགས་གཏུན་ཡར་བཏེགས་ནས་རྩལ་ཤུགས་སྦྱང་ལྟ་བུ། 【གདེག】ནི་མ་འོངས་པ་སྟེ། གདེག་བྱའི་གདུང་མ་ཞེས་པ་ལྟ་བུ། 【འདེགས】ནི་ད་ལྟ་བ་སྟེ། གདུང་མ་འདེགས་ཀྱིན་འདུག་ལྟ་བུ། སྐུལ་ཚིག་ལ་ཐེགས་འབྲི། 2.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  དངོས་པོ་ཡར་འདེགས་པའི་དོན་ཏེ།    རྩལ་སྦྱང་པས་ལྕགས་གཏུན་ཡར་བཏེགས་ནས་རྩལ་ཤུགས་སྦྱང་ལྟ་བུ།

རིགས་དབྱེ།   རིག་གནས།སྒྲ་རིག་པ།

གཏིབས།

རླངས་པ་སོགས་དབུགས་གཟུགས་ཀྱིས་མིག་ལམ་སྒྲིབ་པའི་དོན། ལོ་ཙཱ། རྒྱ་ཡིག 遮蔽,笼罩 དབྱིན་ཡིག to make overcast with clouds or fog རྒྱས་འགྲེལ། 1.དག་ཡིག་གསར་བསྒྲིགས་ལས།  གཏིབ་ལ་ལྟོས། 2.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  གཏིབ་པའི་འདས་པ་དང་སྐུལ་ཚིག

རིགས་དབྱེ།   རིག་གནས།སྒྲ་རིག་པ།

ཏོག་རྩི།

གཏར་ཁབ་ཀྱི་རིགས་ཤིག་གི་མིང་། ལོ་ཙཱ། རྒྱ་ཡིག 披针,放血针 དབྱིན་ཡིག needle for drawing blood རྒྱས་འགྲེལ། 1.དག་ཡིག་གསར་བསྒྲིགས་ལས།  གཏར་ཁབ་ཀྱི་རིགས་ཤིག་གི་མིང་། 2.བརྡ་དག་མིང་ཚིག་གསལ་བ་ལས།  གཙག་བུའམ། 放血针。 3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  གཏར་ཁབ་ཀྱི་རིགས་ཤིག 4.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  གཏར་ཁབ་ཀྱི་རིགས་ཤིག披针。一种针刺放血治病的医疗用具。

རིགས་དབྱེ།   རིག་གནས།སྒྲ་རིག་པ།