མག་པ།

བུ་མོའི་ཁྱོ་བོ་ལ་ཕ་མ་དང་རྒན་རབས་ཀྱིས་མག་པ་ཟེར།

རིགས་དབྱེ།  

འཇིག་རྟེན།

འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་མིང་།

རིགས་དབྱེ།  

སྤོས་ཤེལ།

གནའ་དུས་གསོམ་ཤུག་གི་ཐང་ཆུ་ས་འོག་གཏིང་ཟབ་སར་སོང་ནས་རིམ་གྱིས་རྡོར་གྱུར་པ་ཡིན་ཞིང་། མདོག་སེར་སྨུག་ཅན་དྭངས་པ་ཞིག རྒྱན་ཆ་དང་དྲི་ཞིམ་གྱི་རྫས་བྱེད་ཆོག་ལ་ནུས་པས་མིག་ནད་རབ་རིབ་ལ་ཕན།

རིགས་དབྱེ།  

ཏིལ།

ལོ་ཏོག་རིགས་ཤིག་གི་མིང་སྟེ། འབྲུ་ལ་དཀར་ནག་གཉིས་ཡོད། རོ་མངར། ཞུ་རྗེས་དྲོད། ནུས་པས་རླུང་འཇོམས། ལུས་སྟོབས་འཕེལ་བར་བྱེད། ཆུ་སེར་ལའང་ཕན།

རིགས་དབྱེ།  

ཀ་ཁ་པ།

བོད་ཡིག་ཐོག་མར་སློབ་སྦྱོང་བྱེད་མཁན་ལ་ཟེར།

རིགས་དབྱེ།  

ཀ་ཁ།

བོད་ཡིག་གསལ་བྱེད་སུམ་ཅུའི་མིང་།

རིགས་དབྱེ།  

ཀ་ཀོ་ལ།

རྒྱ་གར་ནག་དང་ལྷོ་མོན་ནས་ཐོན་པའི་རྩྭ་ལྡུམ་གྱི་འབྲས་བུ་དེའི་ལོ་སྡོང་ལྗང་གུ་དང་འབྲུའི་པགས་པ་མཐུག་ཅིང་སུལ་ཅན། དྲི་རོ་ག་བུར་དང་ཕྱོགས་མཚུངས་པ་འདིས་ཕོ་འཚེར་གྱི་གྲང་ནད་སེལ།

རིགས་དབྱེ།  

ཀ་གཞུ།

ཀ་མགོ་དང་གདུང་མའི་བར་གྱི་ཤིང་རྟེན།

རིགས་དབྱེ།  

ཀ་ཅ།

1.ཅ་ལག་གམ་ནོར་སྤྱིའི་མིང་། 2.འཚོ་བའི་ཡོ་བྱད་སྤྱིའི་མིང་།

རིགས་དབྱེ།  

ཀ་ཏོ་ར།

ལྕགས་དང་། ཟངས་སོགས་རྒྱུ་ཆ་བྱས་ནས་བཟོས་པའི་གཞོང་པ།

རིགས་དབྱེ།  

ཀ་ཐོ།

དཔེ་དེབ་ཐོ་འགོད་སྐབས་ཨང་ཀིའི་ཚབ་ཏུ་ཀ་ཁའི་རིམ་པ་བསྒྲིགས་ཏེ་ཀ་མད་སུམ་ཅུ་དང་དབྱངས་བཞི་བཅས་ཀྱི་གོ་རིམ་ལྟར་སྡེ་ཚན་བསྒྲིགས་པའི་ཐོ་ལ་ཟེར།

རིགས་དབྱེ།  

ཀ་བ།

ལྕགས་དང་། རྡོའམ་ཤིང་སོགས་ལས་བཟོས་པའི་དངོས་པོའི་དབྱིབས་ཟླུམ་པོའམ་གྲུ་བཞི་ནར་མོ་རིང་པོ། ཁང་པ་དང་། ཟམ་པ་སོགས་ཀྱི་གདུང་མ་འདེགས་བྱེད།

རིགས་དབྱེ།  

ཀ་ཅི།

རས་དཀར་པོ་སྲབ་མོ་ཞིག

རིགས་དབྱེ།  

ཀ་མ་རུ།

རྡོ་སྲ་ཞིང་དཀར་བ་ཞིག

རིགས་དབྱེ།  

ཀ་རག

རྩིག་ངོས་སོགས་ལ་བྱུག་རྒྱུའི་ས་རྩི་དཀར་པོ་ཞིག

རིགས་དབྱེ།  

ཀ་རུ།

ཁ་དོག་དཀར་པོའི་དོན།

རིགས་དབྱེ།  

ཀ་རྟེན།

ཀ་རྟིང་བརྟན་པོ་ཡོང་བ་དང་། ཀ་བའི་རྩ་བ་མི་རུལ་ཆེད་ཀ་རྟིང་གི་འོག་ཏུ་གདིང་རྒྱུའི་རྡོ་བ།

རིགས་དབྱེ།  

ཀ་པེད།

ལོ་གཅིག་སྐྱེ་བའི་རྩི་ཤིང་ཞིག་གི་འབྲས་བུའི་མིང་།

རིགས་དབྱེ།  

ཀ་པ།

དཔེ་དེབ་སོགས་ཀ་ཁའི་རིམ་པ་ལྟར་བསྒྲིགས་པའི་དང་པོ་མཚོན་བྱེད།

རིགས་དབྱེ།  

ཀ་ཕུར།

ཕྱུགས་འདོགས་བྱེད་ཀྱི་ཕུར་བ་རིང་པོ།

རིགས་དབྱེ།  

ཀ་བེ་ཀོབ་བེ།

ཀབ་ཀོབ་དང་དོན་མཚུངས།

རིགས་དབྱེ།  

ཀ་མིག

ཁང་པ་ཆེ་ཆུང་བརྩི་སྟངས་ཏེ། ཀ་བར་གཅིག་གི་སའི་རྒྱ་ཁྱོན།

རིགས་དབྱེ།  

ཀ་མེད།

ཐབས་དང་ནུས་པ་མེད་པ།

རིགས་དབྱེ།  

ཀ་ཡེ།

རང་དང་མཉམ་པ་རྣམས་ལ་སྐད་གཏོང་སྐབས་ཀྱི་འབོད་བརྡ།

རིགས་དབྱེ།  

ཀ་ར།

1.ཇ་དང་ཁ་ཟས་ལ་བྲོ་བ་འདོན་བྱེད་ཀྱི་རྫས་རོ་ཤིན་ཏུ་མངར་བ་ཞིག་སྟེ། བུ་རམ་ཤིང་སོགས་བཙོ་སྦྱང་བྱས་ནས་བཟོས་པ་ཡིན། 2.སྦྲ་གུར་གྱི་གདུང་མ་དང་ཆོན་ཐག་འགེར་བྱེད་ཀྱི་ཀ་རྒྱུག་གི་མིང་།

རིགས་དབྱེ།  

ཀ་ལ་པིང་ཀ།

སྐད་ཤིན་ཏུ་སྙན་པའི་བྱ་རིགས་རྒྱ་མཚོའི་གླིང་ན་གནས་པ་ཞིག

རིགས་དབྱེ།  

ཀ་སྡེ།

གསལ་བྱེད་ཀྱི་ཡི་གེ་རྣམས་སྡེ་ཚན་ཕྱེད་དང་བརྒྱད་དུ་ཕྱེ་བའི་ནང་གི་སྡེ་ཚན་དང་པོ་ཀ་ཁ་ག་ང་བཞི་ལ་ཀ་སྡེ་ཟེར།

རིགས་དབྱེ།  

ཀ་ལག

རྡོའི་རིགས་ཤིག

རིགས་དབྱེ།  

ཀན།

ཕ་རོལ་སྟོན་པའི་སྤྱི་སྒྲ་ཞིག

རིགས་དབྱེ།  

ཀབ་ཀོབ།

ཀོ་བ་གྱོང་བོ་ལྟ་བུའི་རྣམ་པ།

རིགས་དབྱེ།