སྤོས་ཤེལ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

སྤོས་ཤེལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དག་ཡིག )

སྤོས་ཤེལ།
གནའ་དུས་གསོམ་ཤུག་གི་ཐང་ཆུ་ས་འོག་གཏིང་ཟབ་སར་སོང་ནས་རིམ་གྱིས་རྡོར་གྱུར་པ་ཡིན་ཞིང་། མདོག་སེར་སྨུག་ཅན་དྭངས་པ་ཞིག རྒྱན་ཆ་དང་དྲི་ཞིམ་གྱི་རྫས་བྱེད་ཆོག་ལ་ནུས་པས་མིག་ནད་རབ་རིབ་ལ་ཕན།
1 ལོ་ཙཱ།

རྒྱ་ཡིག  琥珀

དབྱིན་ཡིག  Amber

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  གནའ་དུས་གསོམ་ཤུག་གི་ཐང་ཆུ་ས་འོག་གཏིང་ཟབ་སར་སོང་ནས་རིམ་གྱིས་རྡོར་གྱུར་པ་ཡིན་ཞིང་། མདོག་སེར་སྨུག་ཅན་དྭངས་པ་ཡིན། རྒྱན་ཆ་དང་དྲི་ཞིམ་གྱི་རྫས་བྱེད་ཆོག་ལ་སྨན་ཡང་བྱེད་ཆོག

2.བརྡ་དག་མིང་ཚིག་གསལ་བ་ལས།  སྤུ་ལོང་སྤོས་ཤེལ།   琥珀。

3.དུང་དཀར་ཚིག་མཛོད་ཆེན་མོ་ལས།  ཀློང་རྡོལ་བླ་མ་རིན་པོ་ཆེའི་བརྟག་ཐབས་ནང་སྤོས་ཤེལ་ལ། སྤོས་ཤེལ་སྦུར་ལེན་ཁ་ཆེ་མོང་གོལ་དང༌། ། མངའ་རིས་མཚོདང་མོན་གྱི་ཡུལ་ནས་འབྱུང༌། ཁ་ཆེ་གུར་གུམ་མདོག་འདྲ་བཟང་བ་དང༌། ། དཀར་སྐྱ་ཆུ་སྦུར་འདྲ་དང་དམར་ནག་ངན། ། རྫུས་མ་ག་བུར་སྤོས་དཀར་བསྡུས་པའི་བཅོས། ། ཕྱི་ཡི་རྒྱ་མཚོ་བཅུད་བསྡུས་བཟང་ཤོས་ཡིན། ། འདམ་སོགས་དུག་ཆུ་ལས་ཐོན་ངན་པ་ཡིན། ། ཞེས་སོ། །

4.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  རིན་པོ་ཆེའི་རིགས་ཤིག་སྟེ། ནང་གསེས་སུ་དབྱེ་ན་རིགས་གསུམ་མཆིས། ལེགས་ཤོས་ནི་ཚོས་གཞི་དམར་སེར་ཡིན་པ་ནང་དུ་སྤྲིན་པའི་གཟུགས་ལྟ་བུ་ཡོད། ནུས་པས་མིག་ནད་རབ་རིབ་ལ་ཕན།

5.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  རིན་པོ་ཆེའི་རིགས་ཤིག་སྟེ། ནང་གསེས་སུ་དབྱེ་ན་རིགས་གསུམ་མཆིས།  ལེགས་ཤོས་ནི་ཚོས་གཞི་དམར་སེར་ཡིན་པ་ནང་དུ་སྤྲིན་པའི་གཟུགས་ལྟ་བུ་ཡོད།  ནུས་པས་མིག་ནད་རབ་རིབ་ལ་ཕན། 琥珀。一种树脂化石,被视为宝物,分三类。色泽红黄,内有云彩者为上品。人药功能洽视力模糊。

6.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག གནའ་དུས་གསོམ་ཤུགས་གི་ཐང་ཆུ་ས་འོག་གཏིང་ཟབ་སར་སོང་ནས་རིམ་གྱིས་རྡོར་གྱུར་པ་ཡིན་ཞིང་། མདོག་སེར་སྨུག་ཅན་དྭངས་པ་ཡིན། རྒྱན་ཆ་དང་དྲི་ཞིམ་གྱི་རྫས་བྱེད་ཆོག་ལ། སྨན་ཡང་བྱེད་ཆོག

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-01-19

གསར་སྤེལ་མཁན། :ལོ་མི་ཆུང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།