ཐིག་ལེ།སྔ་མའི་པར་གཞི་དེ གླང་ཕག་ལོ། ནས 2026-08-25 10:08ལ་འགྲུབ།
1.རྩ་ཐིག་རླུང་གསུམ་གྱི་ཟླས་ཕྱེ་བའི་ཐིག་ལེ་སྟེ། བདེ་བ་ཆེན་པོའི་སྙིང་པོའམ་ས་བོན་དུ་གྱུར་པ། རྩ་རྣམས་ཀྱི་གནས་སུ་དྭངས་སྙིགས་སྣ་ཚོགས་ཀྱི་རྣམ་པར་གནས་པ་ཞིག 2.བླ་མ་དང་ལྷག་པའི་ལྷའི་ཐུགས་ཀར་སྐད་ཅིག་གིས་འཕེན་པར་བྱེད་པའི་ཏིང་ངེ་འཛིན། 3.ཀླད་ཀོར། སྒྲ་བཤད་ནི། མ་སྤྲོས་པས་སམ། ཡང་ན་ཟླུམ་པོའམ་གྲྭ་ཟུར་མེད་པས་ན་ཐིག་ལེ་ཞེས་གྲགས་སོ། །