ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 5,374 ཡོད།

ཀླད་ཀོར།

ཐིག་ཀོར་ཏེ་ལེགས་སྦྱར་གྱི་ཡི་གེའི་ཀླད་དུ་བྲིས་པའི་དབྱིབས་སྒོར་སྒོར་གྱི་རྟགས་ལ་ཟེར། དེ་གསལ་བྱེད་དག་ལ་ཞུགས་པའི་ང་རོ་འདོན་ཚུལ་ནི། ཀ་ནས་ང་བར་གྱི་གསལ་བྱེད་ལྔའི་ཀླད་ཀོར་ལ་ང་སྒྲ་དང༌། ཙ་ནས་ཉ་བར་གྱི་ཀླད་ཀོར་ལ་ཉ་སྒྲ། ཊ་ནས་ཎ་བར་གྱི་ཀླད་ཀོར་ལ་ཎ་སྒྲ། ཏ་ནས་ན་བར་གྱི་ཀླད་ཀོར་ལ་ན་སྒྲ། བ་ནས་མ་བར་གྱི་ཀླད་ཀོར་ལ་མ་སྒྲ། ཡ་ནས་ཀྵ་བར་གྱི་གསལ་བྱེད

20151228

ཐེ་ཚོམ་གྱི་ཕྲ་རྒྱས།

ཕྲ་རྒྱས་དྲུག་གི་ནང་གསེས་ཤིག་སྟེ། བྱེ་སྨྲས་རྒྱུན་བཅས་ཀྱི་ཐེ་ཚོམ་དང་། གནས་མ་བུ་པས་དེའི་ཐོབ་པ་དང་། མདོ་སྡེ་པས་དེའི་ས་བོན་འཇོག་གོ །ཕྲ་རྒྱས་དྲུག་གི་ནང་གསེས་ཤིག་སྟེ། བྱེ་སྨྲས་རྒྱུན་བཅས་ཀྱི་ཐེ་ཚོམ་དང་། གནས་མ་བུ་པས་དེའི་ཐོབ་པ་དང་། མདོ་སྡེ་པས་དེའི་ས་བོན་འཇོག་གོ །

20260922

ཐིག་ལེ

1.རྩ་ཐིག་རླུང་གསུམ་གྱི་ཟླས་ཕྱེ་བའི་ཐིག་ལེ་སྟེ། བདེ་བ་ཆེན་པོའི་སྙིང་པོའམ་ས་བོན་དུ་གྱུར་པ། རྩ་རྣམས་ཀྱི་གནས་སུ་དྭངས་སྙིགས་སྣ་ཚོགས་ཀྱི་རྣམ་པར་གནས་པ་ཞིག 2.བླ་མ་དང་ལྷག་པའི་ལྷའི་ཐུགས་ཀར་སྐད་ཅིག་གིས་འཕེན་པར་བྱེད་པའི་ཏིང་ངེ་འཛིན། 3.ཀླད་ཀོར། སྒྲ་བཤད་ནི། མ་སྤྲོས་པས་སམ། ཡང་ན་ཟླུམ་པོའམ་གྲྭ་ཟུར་མེད་པས་ན་ཐིག་ལེ་ཞེས་གྲགས

20260825

ཐིག་ལེ་དྲུག་པ།

ཁྱབ་འཇུག་གི་མིང་གི་རྣམ་གྲངས་ཏེ། ཐིག་ལེ་སྟེ་ལུས་ལ་ཀླད་ཀོར་དྲུག་གིས་མཚན་པས་ན་དེ་ལྟར་བརྗོད།ཁྱབ་འཇུག་གི་མིང་གི་རྣམ་གྲངས་ཏེ། ཐིག་ལེ་སྟེ་ལུས་ལ་ཀླད་ཀོར་དྲུག་གིས་མཚན་པས་ན་དེ་ལྟར་བརྗོད།

20260911

ཁུ་བ

①ཁམས་དཀར། ②ཟས་སོགས་ཀྱི་ཁུ་བ།①ཁམས་དཀར། 【དཔེ】དབང་པོ་གཉྀས་ནི་མཉམ་བཞག་སྟེ་། །མཁས་པས་བདག་གི་ཁུ་བ་དག་། །སྦྱོར་བ་པས་ནི་རྟག་དུ་དབྱུང་། (p.t. ༥ - ༣༣) 【དཔེ】ཁུ་བ་ཕྱུང་སྟེ་ཆོ་ག་བཞྀན་། (p.t. ༥ - ༣༦) ②ཟས་སོགས་ཀྱི་ཁུ་བ། 【དཔེ】གཙོ་སྔོན་གྱི་ཁུ་བ་དང། དར་བ་དང། ཅིམ་རྩ་འདི་རྣམས

20260820

ཧུའུ་ཀྲན་ཅུན།

སྔོ་ཚལ་འདེབས་འཛུགས་བྱ་རྒྱུར་ཁྲིད་སྟོན་བྱས་པས། མུའུ་རེའི་ཆ་སྙོམས་ཁེ་གཙང་སྒོར3000ལྷག་ཟིན་ཡོད། སྤྱི་ལོ2010ལོར་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ཀྱི་ས་བོན་ཐོན་ལས་ཆེ་གྲས་དང་མཉམ་ལས་བྱས་ཏེ་སྔོ་ཚལ་དང་། ཀྭ་རིགས། འབྲས་ཤིང་བཅས་སྣ་ཁ་གསར་བ100ལྷག་ནང་འདྲེན་བྱས་པ་དང་། ལོ་དེར་ལོ་རེར་ཐོན་སྐྱེད་བྱས་པའི་ལེགས་བསྡུས་ཞིབ

20260922

ནམ་མཁའ

1.ཐོགས་རེག་མེད་པའི་བར་སྣང་སྟོང་པ། 2.ནམ་མཁའ་སྟོང་པ་ཡིན་པས་གྲངས་ཀླད་སྐོར་མཚོན།རྒྱ་ཡིག 1.虚空,天空 2.数字零的异名 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། [1]ཐོགས་རེག་མེད་པའི་བར་སྣང་སྟོང་པ། 虚空,天空:ནམ་མཁའ་དྭངས་པོ། 天气好,天气晴朗。ཆར་སྤྲིན་ནག་པོས་ནམ་མཁའ་ཡོངས་སུ་དཀྲིགས

20260805

སྐུའི་ཐིག་ལེ

ས་བོན་ནམ་ཁུ་བས་བོན་ནམ་ཁུ་བ

20251224

ནམ་མཁའ་གཡའ་དག

ནམ་མཁའ་སྒྲིབ་བྱེད་དང་བྲལ་བ།རྒྱ་ཡིག 晴空无垢 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ནམ་མཁའ་སྒྲིབ་བྱེད་དང་བྲལ་བ། 晴空无垢。虚空胡净,不染云烟:ནམ་མཁའ་གཡའ་དག་ས་གཞི་རྡུལ་དག 烟消尘净。喻一切隔阂争执,完全消释无余,有如天朗气清之状

20260805

དཀར་ཆའི་དྭངས་མ

ཁམས་དཀར་པོའི་དྭངས་མ་སྟེ། རྩ་དབུ་མའི་ཡར་སྣར་གནས་ལ། རྣམ་པ་ཧཾ་ཐུཏར་དུ་ལྟ་བའི་རང་བཞིན། ཆེ་ཆུང་ཡུངས་ཀར་ཙམ་པ། ཁ་དོག་དཀར་ལ་སྣུམ་པ་དྭངས་ཤིང་འཚེར་ལ་གཟི་མདངས་ཆེ་བ་ཞིགཁམས་དཀར་པོའི་དྭངས་མ་སྟེ། རྩ་དབུ་མའི་ཡར་སྣར་གནས་ལ། རྣམ་པ་ཧཾ་ཐུཏར་དུ་ལྟ་བའི་རང་བཞིན། ཆེ་ཆུང་ཡུངས་ཀར་ཙམ་པ། ཁ་དོག་དཀར་ལ་སྣུམ་པ་དྭངས་ཤིང་འཚེར་ལ་གཟི་མདངས་ཆེ་བ་ཞིག

20250923