1.རྩ་ཐིག་རླུང་གསུམ་གྱི་ཟླས་ཕྱེ་བའི་ཐིག་ལེ་སྟེ། བདེ་བ་ཆེན་པོའི་སྙིང་པོའམ་ས་བོན་དུ་གྱུར་པ། རྩ་རྣམས་ཀྱི་གནས་སུ་དྭངས་སྙིགས་སྣ་ཚོགས་ཀྱི་རྣམ་པར་གནས་པ་ཞིག 2.བླ་མ་དང་ལྷག་པའི་ལྷའི་ཐུགས་ཀར་སྐད་ཅིག་གིས་འཕེན་པར་བྱེད་པའི་ཏིང་ངེ་འཛིན། 3.ཀླད་ཀོར། སྒྲ་བཤད་ནི། མ་སྤྲོས་པས་སམ། ཡང་ན་ཟླུམ་པོའམ་གྲྭ་ཟུར་མེད་པས་ན་ཐིག་ལེ་ཞེས་གྲགས
20260825
༡ སྟག་གཟིག་སོགས་ཀྱི་པགས་པའི་སྟེང་གི་རི་མོའི་མིང་། ༢ དཀྱིལ་སྙིང་། ༣ སྐྱེས་པ་དང་བུད་མེད་ཀྱི་མི་རྒྱུད་ཕྱི་མ་བསྐྱེད་པའི་ས་བོན་གྱི་མིང་། ༤ ཀླད་ཀོར། ༥ བཅུད་ཉིང་ངམ་ཧ་ཅང་རྩི་མཐོང་ཆེ་བ། ༦ གསང་སྔགས་ལས་གསལ་བའི་རྩ་ཐིག་རླུང་གསུམ་གྱི་ཟླས་ཕྱེ་བའི་ཐིག་ལེ་སྟེ་བདེ་བ་ཆེན་པོའི་སྙིང་པོའམ་ས་བོན་དུ་གྱུར་པ། རྩ་རྣམས་ཀྱི་གནས་སུ
20160517
སྐྱེས་པའི་ཁམས་དང་བུད་མེད་ཀྱི་ཁམས་དཀར་དམར་གཉིས་ཀྱི་མིང་སྟེ། ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་ཟབ་མོ་ནང་གི་དོན་ལས། ཐིག་ལེའི་དྭངས་ནི་དཀར་དམར་གཉིས། ། དཀར་ཆ་དབུ་མའི་ཡར་སྣ་ན། ། ཧཾ་གི་རང་བཞིན་ཡུངས་ཀར་ཙམ། ། དཀར་ལ་སྣུམ་པ་ཤེལ་དང་མཚུངས། ། ཕ་ལས་ཐོབ་པ་ཀུན་གྱི་མཆོག དམར་ཆ་རྩ་གསུམ་འདུས་ས་ཅན། ། དམར་གསལ་རྒོད་མའི་མེ་འདྲ་བ
20260911
ཁྱབ་འཇུག་གི་མིང་གི་རྣམ་གྲངས་ཏེ། ཐིག་ལེ་སྟེ་ལུས་ལ་ཀླད་ཀོར་དྲུག་གིས་མཚན་པས་ན་དེ་ལྟར་བརྗོད།ཁྱབ་འཇུག་གི་མིང་གི་རྣམ་གྲངས་ཏེ། ཐིག་ལེ་སྟེ་ལུས་ལ་ཀླད་ཀོར་དྲུག་གིས་མཚན་པས་ན་དེ་ལྟར་བརྗོད།
20260911
ཕྲ་རྒྱས་དྲུག་གི་ནང་གསེས་ཤིག་སྟེ། བྱེ་སྨྲས་རྒྱུན་བཅས་ཀྱི་ཐེ་ཚོམ་དང་། གནས་མ་བུ་པས་དེའི་ཐོབ་པ་དང་། མདོ་སྡེ་པས་དེའི་ས་བོན་འཇོག་གོ །ཕྲ་རྒྱས་དྲུག་གི་ནང་གསེས་ཤིག་སྟེ། བྱེ་སྨྲས་རྒྱུན་བཅས་ཀྱི་ཐེ་ཚོམ་དང་། གནས་མ་བུ་པས་དེའི་ཐོབ་པ་དང་། མདོ་སྡེ་པས་དེའི་ས་བོན་འཇོག་གོ །
20260922
ལྷ་མ་ཡིན་སྤུན་དེ་གཉིས་གསོད་པར་འདོད་ནས་ཚངས་པར་གསོད་པའི་ཐབས་དྲིས་པ་ན། ཚངས་པས་སྤུན་གཉིས་ནང་ཕན་ཚུན་གསོད་པའི་ཐབས་བསྟན་པས། ལྷ་རྣམས་དགའ་སྟེ་ལྷ་ཆེན་ལ་སོགས་པའི་ལྷ་ཐམས་ཅད་ཀྱི་རང་རང་གི་ལུས་ཀྱི་འོད་ཏིལ་འབྲུ་ཙམ་རེ་བསྡུས་ཏེ་ཐིག་ལེ་མཆོག་མ་ཞེས་བྱ་བའི་བུ་མོ་ཤིན་ཏུ་མཛེས་པ་ཞིག་བསྐྱེད་དེ་ཚངས་པར་ཕུལ་བར་བཤད་པའི་ལྷའི་བུ་མོ་དེའོ
20260911
དཔྲལ་བའི་རྩ་འཁོར་གྱི་ལྟེ་བར་སད་པའི་གནས་སྐབས་བསྐྱེད་པའི་ཐིག་ལེ་དང་། མགྲིན་པའི་རྩ་འཁོར་གྱི་ལྟེ་བར་རྨི་ལམ་གྱི་གནས་སྐབས་བསྐྱེད་པའི་ཐིག་ལེ། སྙིང་གའི་རྩ་འཁོར་གྱི་ལྟེ་བར་གཉིད་འཐུག་པའི་གནས་སྐབས་བསྐྱེད་པའི་ཐིག་ལེ་དང་། ལྟེ་བའི་རྩ་འཁོར་གྱི་ལྟེ་བར་བཞི་པའི་གནས་སྐབས་བསྐྱེད་པའི་ཐིག་ལེ་རྣམས་གནས་པ་ལ། རིམ་བཞིན་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་ཐིག་ལེར
20251223
ཇོ་བོ་ཡབ་སྲས་ཀྱི་གསང་ཆོས་ཐུན་མོང་མ་ཡིན་པ་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་གདམས་པར་གྲགས་པ་འདི་ནི། ཇོ་བོ་ཡབ་སྲས་ཞལ་བཞུགས་པའི་དུས་ན་ཤིན་ཏུ་གསང་བར་མཛད་ནས་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་དངོས་སུ་རྗེས་སུ་བཟུང་བ་གངས་ཅན་བསྟན་པའི་ཉིན་བྱེད་རྔོག་ལེགས་པའི་ཤེས་རབ་གཅིག་པུ་ལ་གནང་བ་དང་། དེ་ནས་བྱང་ཆུབ་སེམས་དཔའ་ཤེས་རབ་རྒྱལ་མཚན་ལ་གནང
20251024
ས་བོན་ནམ་ཁུ་བ།ས་བོན་ནམ་ཁུ་བ།
20251224
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་བརྒྱུད་པའི་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་སྟེ། བོད་ཀྱི་གྲུབ་མཐའ་རིས་མེད་ལ་དར་རྒྱས་ཆེ་བ་ཞིག་ཡིན་ནོ། ། འདིའི་ཉམས་ལེན་ནི་རྗེས་དྲན་ལྔ་སྟེ། བླ་མ་རྗེས་སུ་དྲན་པ་བླ་མའི་རྣལ་འབྱོར་དང་། ལུས་ལྷའི་རང་བཞིན་དུ་སྒོམ་པ། ངག་ལ་སྔགས་ཀྱི་བཟླས་བརྗོད་དང་མ་བྲལ་བ། སེམས་ཀྱི་གནས་ལུགས་སྟོང་པ་ཉིད་དུ་སྒོམ་པ་དང་བྱམས
20251024