འདིའི་སྐད་དོད་ས་མཱ་དྷིཿཞེས་པའི་སམ་ནི་ཡང་དག་པའམ་ཀུན་ཏུ་དང་། ཨ་དྷིཿནི་འཛིན་པ་ལ་འཇུག་པས། དམིགས་པ་ལ་སེམས་ཡང་དག་པར་འཛིན་པས་ན་ཏིང་ངེ་འཛིན་ཟེར། དེས་ན་ཏིང་ངེ་འཛིན་ཞེས་པ་ནི། དམིགས་པ་གཅིག་ལ་སེམས་སྦྲེངས་ཆགས་སུ་ཚུག་གེ་འཛིན་པ་སྟེ། ཏིང་ངེ་། སྦྲེང་ངེ་། ཚུག་གེ་ཞེས་བྱ་བ་རྣམས་རྣམ་གྲངས་ཡིན་ལ། དོན་དུ་དམིགས་པ་དེ་གར་སྡོད་པའི་ངང་དུ་བསྟར་ཆགས
20260121
ཡང་དག་པར་འཛིན་པ་སྟེ་བརྟག་པའི་དངོས་པོའམ་དམིགས་པ་ལ་སེམས་རྩེ་གཅིག་སྦྲེང་ཆགས་སུ་འཛིན་པའི་སེམས་བྱུང་ངོ་།།
20160414
རྒྱལ་དབང་སྐུ་ཕྲེང་བརྒྱད་པའི་ཡོངས་འཛིན་མཁས་མཆོག་ཡེ་ཤེས་རྒྱལ་མཚན་གྱི་སེམས་སེམས་བྱུང་གི་སྡོམ་ཚིག་ཏུ། འདུན་པ་མོས་པ་དྲན་པ་དང་། །ཏིང་འཛིན་ཤེས་རབ་རྣམ་ལྔའོ། །ཅེས་ཡུལ་ངེས་ལྔར་དབྱེ་བའི་ནང་གསེས་ཤིག་སྟེ། རང་གི་དམིགས་ལ་རྩེ་གཅིག་ཏུ་གཏོད་པའི་སེམས་བྱུང་ཞིག་ལ་བྱའོ། །ཏིང་ངེ་འཛིན་གང་ཞེ་ན། བརྟག་པའི་དངོས་པོ་ལ་སེམས་རྩེ་གཅིག་པ་ཉིད་དེ
20160912
ཕྱོགས་རིས་མེད་པར་ཡོངས་སུ་ཁྱབ་པའི་ཏིང་ངེ་འཛིན།ཕྱོགས་རིས་མེད་པར་ཡོངས་སུ་ཁྱབ་པའི་ཏིང་ངེ་འཛིན།
20260115
【སྔགས】 བསྐྱེད་རིམ་སྡུད་པའི་ཆིངས་ཀྱི་གྲས་ཤིག་སྟེ། 1.རྟེན་གྱི་དབུས་སུ་རང་ཉིད་དཀྱིལ་འཁོར་བའི་ལྷ་སྤྲུལ་བ་པོ་གཙོ་བོ་ཡབ་ཡུམ་སོགས་སུ་སྒོམ་པ་དང་པོ་སྦྱོར་བའི་ཏིང་ངེ་འཛིན་དང་། 2.སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ལས་སྤྲུལ་བའི་དཀྱིལ་འཁོར་བའི་ལྷ་བསྐྱེད་པ་རྣམས་རང་གནས་སུ་བཀོད་པ་དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན
20260122
བྱང་ཕྱོགས་སོ་བདུན་གྱི་སྟོབས་ལྔའི་ཡ་གྱལ་ཞིག་སྟེ། རྟག་ཏུ་རྣམ་པར་གཡེང་བ་མེད་པའི་ཏིང་ངེ་འཛིན།བྱང་ཕྱོགས་སོ་བདུན་གྱི་སྟོབས་ལྔའི་ཡ་གྱལ་ཞིག་སྟེ། རྟག་ཏུ་རྣམ་པར་གཡེང་བ་མེད་པའི་ཏིང་ངེ་འཛིན།
20260121
① ཞི་གནས་སྒྲུབ་པར་དགོས་ངེས་ཀྱི་དགེ་རྩ། ②རྟོག་བཅས་དཔྱོད་བཅས་ལ་སོགས་པའི་ཏིང་ངེ་འཛིན་གྱི་རང་བཞིན།① ཞི་གནས་སྒྲུབ་པར་དགོས་ངེས་ཀྱི་དགེ་རྩ། ②རྟོག་བཅས་དཔྱོད་བཅས་ལ་སོགས་པའི་ཏིང་ངེ་འཛིན་གྱི་རང་བཞིན།
20260122
མང་དུ་ཐོས་པའི་སེམས་རྣམ་པ་གཉིས་ཀྱི་ནང་གསེས་ཤིག་སྟེ། སེམས་ཏིང་ངེ་འཛིན་ལ་གནས་ན་ཅི་ཙམ་མང་དུ་ཐོས་ཀྱང་གནོད་པ་མེད་པའོ། །མང་དུ་ཐོས་པའི་སེམས་རྣམ་པ་གཉིས་ཀྱི་ནང་གསེས་ཤིག་སྟེ། སེམས་ཏིང་ངེ་འཛིན་ལ་གནས་ན་ཅི་ཙམ་མང་དུ་ཐོས་ཀྱང་གནོད་པ་མེད་པའོ། །
20260122
ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་དང་དོན་གཅིག་པས་དེར་གཟིགས།ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་དང་དོན་གཅིག་པས་དེར་གཟིགས།
20260122
ཕུང་པོ་ནི་ཚོགས་ལ་འཇུག་པས། ཏིང་ངེ་འཛིན་གྱི་ཕུང་པོ་ཞེས་པ་དེའི་ཚོགས་ལ་ཟེར་ཏེ། རྟོག་བཅམ་དཔྱོད་བཅས་ལ་སོགས་པའི་ཏིང་ངེ་འཛིན་གྱི་རང་བཞིན་རྣམས་སོ། །འགྲེལ་བ།
20260121