ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 58 ཡོད།

ཉེར་ལེན་གྱི་རྒྱུ།

རྒྱུའི་བྱེ་བྲག་ཅིག་ས་བོན་ལས་མྱུ་གུ་སྐྱེ་བ་ལྟ་བུ། རང་འབྲས་རང་གི་རྫས་རྒྱུན་དུ་གཙོ་བོར་སྐྱེད་བྱེད་དོ། །རྒྱ་ཡིག 近取因 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། རྒྱུའི་བྱེ་བྲག་ཅིག་སྟེ། ས་བོན་ལས་མྱུ་གུ་སྐྱེ་བ་ལྟ་བུ། རང་འབྲས་རང་གི་རྫས་རྒྱུན་དུ་གཙོ་བོར་སྐྱེད་བྱེད་དོ། ། 近取因。因之一种。如由种生芽之因。主要在于

20230509

རྟེན་བཅས་ཀྱི་དབང་པོ།

རང་འབྲས་དབང་ཤེས་ཀྱི་ཐུན་མོང་མིན་པའི་རྟེན་ནམ་བདག་རྐྱེན་དུ་གྱུར་པའི་དབང་པོ། དབང་ཤེས་ཡུལ་ལ་དངོས་སུ་ཉེ་བར་སྤྱོད་པའམ་དངོས་སུ་འཇུག་བཞིན་པའི་སྐབས་ཀྱི་མིག་རྣ་སྣ་ལྕེ་ལུས་ཀྱི་དབང་པོ་རྣམས་སོ། །རྒྱ་ཡིག 有依根 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། རང་འབྲས་དབང་ཤེས་ཀྱི་ཐུན་མོང་མིན་པའི་རྟེན་ནམ་བདག་རྐྱེན་དུ་གྱུར་པའི་དབང་པོ

20231008

འབྲས་བུ།

རྫས་རྒྱུན་དུ་གཙོ་བོར་བསྐྱེད་བྱ་དེ་ཉེར་འབྲས་ཀྱི་མཚན་ཉིད། མཚན་གཞི། རྒྱུའི་ཕྱི་ལོགས་སུ་བྱུང་ཞིང་རང་འབྲས་རང་གི་རྫས་རྒྱུན་དུ་གཙོ་བོར་བསྐྱེད་བྱ་ལྟ་བུའོ། ། མཚན་ཉིད། རང་འབྲས་རང་གི་རྫས་རྒྱུན་མ་ཡིན་པར་གཙོ་བོར་བསྐྱེད་བྱ་དེ་ལྷན་ཅིག་བྱེད་འབྲས་ཀྱི་མཚན་ཉིད། མཚན་གཞི། རྒྱུའི་ཕྱི་ལོགས་སུ་བྱུང་ཞིང་རང་འབྲས་རང་གི་རྫས་རྒྱུན་མ་ཡིན་པར་གཙོ་བོར

20160512

རྣ་དབང་།

དབང་བོ་ལྔའི་ཡ་གྱལ་ཞིག་སྟེ། རང་འབྲས་རྣ་ཤེས་གནས་སའི་དབང་རྟེན་ནང་དུ་དབྱིབས་གྲོ་ག་གཅུས་ནས་བཅད་པ་ལྟ་བུའི་གཟུགས་དྭངས་པ་དེ་ལ་ཟེར།རང་འབྲས་རྣ་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པའི་རིགས་སུ་གནས་པའི་ནང་གི་གཟུགས་ཅན་དྭངས་པ་དེ། རྣ་དབང་གི་མཚན་ཉིད། དབང་རྟེན་གི་ནང་དུ་དབྱིབས་གྲོ་ག་གཅུས་ནས་བཅད་པ་ལྟ་བུའི་གཟུགས་དྭངས་པའོ

20160422

སྣ་དབང་།

དབང་བོ་ལྔའི་ཡ་གྱལ་ཞིག་སྟེ། རང་འབྲས་སྣ་ཤེས་གནས་སའི་དབང་རྟེན་སྣའི་གདོང་རྒྱུད་གཉིས་ན་ཟངས་ཁབ་གཤིབ་པ་ལྟ་བའི་གཟུགས་དྭངས་པ་དེ་ལ་ཟེར།རང་འབྲས་སྣ་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པའི་རིགས་སུ་གནས་པའི་ནང་གི་གཟུགས་ཅན་དྭངས་པ་དེ། སྣ་དབང་གི་མཚན་ཉིད། དབང་རྟེན་སྣའི་གདོང་རྒྱུད་གཉིས་ན་ཟངས་ཁབ་གཤིབ་པ་ལྟ་བའི་གཟུགས་དྭངས་པའོ

20160422

རྟེན་བཅས་ཀྱི་མིག་དབང༌།

གཟུགས་སོགས་མཐོང་བཞིན་པའི་མིག་དབང༌། མིག་དབང་ལ་དབྱེ་ན་རྟེན་བཅས་ཀྱི་མིག་དབང་དང༌། དེ་མཚུངས་ཀྱི་མིག་དབང་གཉིས་ཡོད་པ་ལས། རང་འབྲས་མིག་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པའི་མིག་ཤེས་དེ་དང་པོའི་མཚན་ཉིད། མཚན་གཞི་ནི། མིག་ཤེས་ཀྱིས་གཟུགས་ལ་བལྟ་བཞིན་པའི་གནས་སྐབས་ཀྱི་མིག་དབང་ལྟ་བུའོ། །དེ་ནི་རང་ལ་བརྟེན་པའི་མིག་ཤེས་དང་བཅས་པའི

20170810

མིག་དབང་།

དབང་བོ་ལྔའི་ཡ་གྱལ་ཞིག་སྟེ། རང་འབྲས་མིག་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པའི་རིགས་སུ་གནས་པའི་ནང་གི་གཟུགས་ཅན་དྭངས་པ་དེ། མིག་དབང་གི་མཚན་ཉིད།རང་འབྲས་མིག་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པའི་རིགས་སུ་གནས་པའི་ནང་གི་གཟུགས་ཅན་དྭངས་པ་དེ། མིག་དབང་གི་མཚན་ཉིད། མིག་གི་དབང་རྟེན་གྱི་གོ་སར་དབྱིབས་ཟར་མའི་མེ་ཏོག་ལྟར

20160422

ལྕེ་དབང་།

དབང་བོ་ལྔའི་ཡ་གྱལ་ཞིག་སྟེ། རང་འབྲས་ལྕེ་ཤེས་གནས་སའི་དབང་རྟེན་གྱི་སྟེང་ཕྱོགས་ཀྱི་ནང་དུ་ཟླ་ཕྱེད་གཉིས་གཤིབ་པ་ལྟ་བུའི་གཟུགས་དྭངས་པ་དེ་ལ་ཟེར།རང་འབྲས་ལྕེ་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པའི་རིགས་སུ་གནས་པའི་ནང་གི་གཟུགས་ཅན་དྭངས་པ་དེ། ལྕེ་དབང་གི་མཚན་ཉིད། ལྕེའི་དབང་རྟེན་གྱི་སྟེང་ཕྱོགས་ཀྱི་ནང་དུ་ཟླ་ཕྱེད་གཉིས་གཤིབ

20160422

ལུས་དབང་།

དབང་བོ་ལྔའི་ཡ་གྱལ་ཞིག་སྟེ། རང་འབྲས་ལུས་ཤེས་གནས་སའི་དབང་རྟེན་ལུས་ཀྱི་ཕྱི་ནང་སྟོད་སྨད་ཐམས་ཅད་ཀྱི་ཤ་རུས་པགས་པ་རྒྱུས་པ་སོགས་ལ་རེག་བྱ་མྱོང་བའི་རྡུལ་རྫས་ཤིན་དུ་དྭངས་པས་ལུས་ཀྱི་དབྱིབས་བཞིན་དུ་ཁྱབ་པ་དེ་ལ་ཟེར།རང་འབྲས་ལུས་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པའི་རིགས་སུ་གནས་པའི་ནང་གི་གཟུགས་ཅན་དྭངས་པ་དེ

20160422

རྣའི་དབང་པོ།

རང་འབྲས་རྣ་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པའི་རིགས་སུ་གནས་པའི་ནང་གི༌གཟུགས་ཅན་དྭངས་པ། དེའི་མཚན་ཉིད། རྣའི་དབང་པོ་དང༌། རྣའི་ཁམས། རྣའི་སྐྱེ་མཆེད་རྣམས་དོན་གཅིག དབྱེ་ན་རྟེན་བཅས་ཀྱི་རྣ་དབང་དང༌། དེ་མཚུངས་ཀྱི་རྣ་དབང་གཉིས། སྒྲ་ཐོས་བཞིན་པའི་སྐབས་ཀྱི་རྣ་དབང་དེ༌རྟེན་བཅས་ཀྱི་རྣ་དབང་དང༌། གཉིད་ལོག་པའི་སྐབས་ཀྱི༌རྣ་དབང་དེ་མཚུངས

20170919