རྟེན་བཅས་ཀྱི་མིག་དབང༌།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཟུགས་སོགས་མཐོང་བཞིན་པའི་མིག་དབང༌། མིག་དབང་ལ་དབྱེ་ན་རྟེན་བཅས་ཀྱི་མིག་དབང་དང༌། དེ་མཚུངས་ཀྱི་མིག་དབང་གཉིས་ཡོད་པ་ལས། རང་འབྲས་མིག་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པའི་མིག་ཤེས་དེ་དང་པོའི་མཚན་ཉིད། མཚན་གཞི་ནི། མིག་ཤེས་ཀྱིས་གཟུགས་ལ་བལྟ་བཞིན་པའི་གནས་སྐབས་ཀྱི་མིག་དབང་ལྟ་བུའོ། །དེ་ནི་རང་ལ་བརྟེན་པའི་མིག་ཤེས་དང་བཅས་པའི་མིག་དབང་ཡིན་པས། རྟེན་བཅས་མིག་དབང་ཞེས་བརྗོད། རང་འབྲས་མིག་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་མི་བྱེད་པའི་མིག་དབང་དེ་གཉིས་པའི་མཚན་ཉིད། མཚན་གཞི་ནི། གཉིད་ལོག་པའི་གནས་སྐབས་ཀྱི་མིག་དབང་ལྟ་བུའོ། །དེའི་སྐབས་སུ་རང་ལ་བརྟེན་པའི་མིག་ཤེས་མེད་ཀྱང༌། རང་ལ་བརྟེན་པའི་མིག་ཤེས་ཡོད་པའི་མིག་དབང་དང༌། མིག་དབང་ཡིན་པ་རིགས་མཚུངས་པས་ན། དེ་མཚུངས་ཀྱི་མིག་དབང་ཞེས་བརྗོད། བྱེ་བྲག་སྨྲ་བས་རྟེན་བཅས་ཀྱི་མིག་དབང་གིས་ཀྱང་གཟུགས་མཐོང་བར་འདོད་དོ། །
1 རྒྱས་འགྲེལ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-08-30

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།