མ་ཧ་གྷན་དྷི།

​ཁོང་ནི་བོད་རབ་བྱུང་བཅུ་དྲུག་པའི་ས་མོ་འབྲུག་གི་ལོ་སྟེ་སྤྱི་ལོ1869ལོར་རྒྱ་གར་དུ་སྐུ་འཁྲུངས། རིགས་ནི་རྗེ་རིགས་ལས་ཚོང་བའི་རིགས་ཡིན་ཞིང་། རྒྱ་གར་གྱི་མི་རིགས་བཅིངས་འགྲོལ་ལས་འགུལ་གྱི་སྣེ་ཁྲིད་པ་དང་ཆེས་རླབས་ཆེ་བའི་ཆབ་སྲིད་སྣེ་ཁྲིད་པའི་གྲས་ཀྱི་གཅིག་ཡིན།

རིགས་དབྱེ།  

མན་དྷི་ལ།

ཧྥེ་གླིང་ལྷོ་མའི་མི་ནག་ཙུང་ཐུང་ཐོག་མ་ཡིན་ལ། ཁོང་ལ་ཀུན་གྱིས་ཧྥེ་གླིང་ལྷོ་མའི་ཡབ་ཆེན་ཞེས་པའི་མཚན་སྙན་གསོལ་ཡོད།

རིགས་དབྱེ།  

བྷི་རག་ཨོ་བྷ་མ།

བྷི་རག་ཨོ་བྷ་མ་ནི(Barack Hussein Obamaསྤྱི་ལོ1961ལོའི་ཟླ8ཚེས4ཉིན)ཨ་རིའི་ཞ་ཝེ་དབྱི་གླིང་ཐན་ཞང་གྲོང་རྡལ་དུ་སྐུ་འཁྲུངས་པའི་ཨ་རིའི་དམངས་གཙོ་ཏང་གི་སྐྱིད་སྡུག་ལ་ཞུགས་པའི་ཆབ་སྲིད་པ་ཞིག་ཡིན།

རིགས་དབྱེ།  

ཁུའུ་ལུའོ་ཆི་ཅིན།

ཁོང་ནི་སུའུ་ལེན་གྱི་དམག་དོན་འགོ་འཛིན་དང་། དམག་དཔོན་ཆེན་མོ།(སྤྱི་ལོ1959ལོ) སུའུ་ལེན་གྱི་དཔའ་བོ། དགེ་རྒན་ཆེན་མོ་བ་བཅས་ཡིན།

རིགས་དབྱེ།  

ཅི་ཞིན་ཀུ།

ཁོང་ནི་སྤྱི་ལོ1923ལོའི་ཟླ5པའི་ཚེས27ཉིན་འཇར་མན་གྱི་ཧྥེ་ཐེར་སྐྱེས་ཤིང་། ཡིའུ་ཐའེ་པའི་གདུང་རྒྱུད་ཡིན། སྤྱི་ལོ1938ལོར་ཨ་མེ་རི་ཁར་གནས་སྤོས། སྤྱི་ལོ1943ལོར་ཨ་མེ་རི་ཁའི་རྒྱལ་ཁོངས་ནང་ཞུགས། ཧྭ་ཧྥོ་སློབ་ཆེན་ནས་སློབ་མཐར་ཕྱིན་པ་དང་ཨ་མེ་རི་ཁའི་ཕྱི་འབྲེལ་པ། རྒྱལ་སྤྱིའི་གནད་དོན་གྱི་ཆེད་མཁས་པ། ཨ་མེ་རི་ཁའི་རྒྱལ་དོན་འགོ་འཛིན་སྔ་མ་བཅས་ཡིན། སྤྱི་ལོ1973ལོར་ནོ་པེར་ཞི་བདེའི་བྱ་དགའ་ཐོབ།

རིགས་དབྱེ།  

ལི་ཏུ་ཧྲུའོ།

ཁོང་ནི་ཝེ་གུང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་བློ་འདྲི་བ་དང་། ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཀྲུང་དབྱང་དམག་ཨུའི་ཧྲུའུ་ཅི་གཞོན་པ་སྔ་མ་བཅས་ཡིན།

རིགས་དབྱེ།  

མའེ་ཁུ་པུའུ་ལའེ་ཏུ།

ཁོང་ནི་ཨིར་ལན་གྱི་མི་ཡིན་པ་དང་། ཨིར་ལན་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་སྔ་མ་དང་། མཐོ་རིམ་ཁྲིམས་རྩོད་པ། རྒྱལ་སྤྱིའི་བཙོན་གྲོལ་ཆེན་མོའི་རྩ་འཛུགས་ཀྱི་གསར་གཏོད་པ་བཅས་ཡིན། ཁོང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་འབད་བརྩོན་བྱས་པའི་དབང་གིས་སྤྱི་ལོ1974ལོར་ནོ་པེར་ཞི་བདེའི་བྱ་དགའ་ཐོབ་པའི་ཨིར་ལན་བ་དང་པོ་ཡིན།

རིགས་དབྱེ།  

སཱ་ཏཱ་ཐུ།

ཁོང་ནི་ཨེ་ཅིབ་དང་ཨ་རབ་འཛམ་གླིང་གི་ཕུལ་དུ་བྱུང་བའི་ཆབ་སྲིད་པ་དང་། ཨེ་ཅིབ་ཀྱི་ཙུང་ཐུང་སྔ་མ(1970- 1981)བཅས་ཡིན། ཨ་དབྱི་ཞི་གྲོས་ལ་སྐུལ་འདེད་བཏང་བ་དང་། སྤྱི་ལོ1978ལོར་ནོ་པེར་ཞི་བདེ་བྱ་དགའ་ཐོབ།

རིགས་དབྱེ།  

པེ་ཅིང་།

ཁོང་ནི་ཕོ་ལན་གྱི་ཡིའུ་ཐའེ་པ་དང་། དབྱི་སི་རལ་གྱི་ཆབ་སྲིད་པ་ཞིག་ཡིན། སྤྱི་ལོ1977ལོ་ནས་སྤྱི་ལོ1983ལོའི་བར་དབྱི་སི་རལ་གྱི་ཙུང་ལིའི་འགན་བཞེས། ལི་ཁུའུ་ཏུ་ཚོགས་པའི་སྐྱེ་ཁུངས་ཀྱི་ཙུང་ལི་དང་པོ་ཡིན། སྤྱི་ལོ1978ལོར་ནོ་པེར་ཞི་བདེའི་བྱ་དགའ་ཐོབ་།

རིགས་དབྱེ།  

སྨི་ཏཱར།

ཁོ་མོ་ནི་སྤྱི་ལོ1902ལོའི་ཟླ1པོའི་ཚེས31ཉིན་སུའེ་ཏེན་གྱི་ཝུའུ་ཕུའུ་སཱ་ལཱར་སྐྱེས་ཤིང་། སྤྱི་ལོ1982ལོར་ནོ་པེར་ཞི་བདེའི་བྱ་དགའ་ཐོབ། སྤྱི་ལོ1986ལོའི་ཟླ2པའི་ཚེས1ཉིན་སྐུ་གཤེགས། དགུང་ལོ84ཡིན།

རིགས་དབྱེ།  

ལོའུ་ཧྥུའུ་ལའེ་སི།

སྤྱི་ལོ1978ལོར་དམག་མི་ཉུང་འཕྲིའི་གནད་དོན་ལ་གྲོས་བསྡུར་བྱེད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་གྲོས་ཚོགས་སུ་ཞུགས་པའི་མའོ་ཞི་ཁོའི་འཐུས་མི་ཚོགས་པའི་ཚོགས་གཙོའི་འགན་བཞེས། ཁོ་ནི་སྤྱི་ལོ1967ལོར་ལ་ཏིང་མེ་གླིང་གི་ཉིང་རྡུལ་མཚོན་ཆ་བཀག་སྡོམ་ཆིངས་ཡིག་གི་གྲོས་འགོ་འདོན་མཁན་དང་སྤྱི་ལོ1958ལོའི་ཉིང་རྡུལ་མཚོན་ཆ་རྒྱ་སྐྱེད་གཏོང་བར་བཀག་འགོག་བྱེད་པའི་ཆིངས་ཡིག་གི་འཆར་ཟིན་འགོད་མཁན་གྱི་གྲས་མི་ཡིན། ཁོང་གིས་འཛམ་གླིང་གི་ཉིང་རྡུལ་དང་དམག་མི་ཉུང་འཕྲིའི་ལས་འགུལ་ཁྲོད་བྱས་རྗེས་བཞག་པ་དང་། སུའེ་ཏེན་གྱི་གྲགས་ཅན་སྤྱི་ཚོགས་བྱེད་སྒོ་པ་ཨེར་ཝ•སྨི་ཏར་དང་མཉམ་དུ་སྤྱི་ལོ1982ལོར་ནོ་པེར་ཞི་བདེའི་བྱ་དགའ་ཐོབ། ཁོང་གི་བརྩམས་ཆོས་གཙོ་བོ《དམག་འཁྲུག་རྗེས་ཀྱི་མོ་ཞི་ཁོ》(སྤྱི་ལོ1944ལོ)དང《ལ་ཏིང་མེ་གླིང་དུ་ཉིང་རྡུལ་མཚོན་ཆ་བཀག་སྡོམ་བྱས་པ》(སྤྱི་ལོ1976ལོ)སོགས་ཡོད།

རིགས་དབྱེ།  

ཝ་ཝུན་སཱ།

ཁོང་ནི་ཕོ་ལན་གྱི་ཆབ་སྲིད་པ་དང་མཐུན་སྒྲིལ་བཟོ་ཚོགས་ཀྱི་འགོ་ཁྲིད་པ་ཡིན། སྤྱི་ལོ1967ལོར་ཀེ་ཏན་སི་ཁུ་ལེ་ཉིན་གྲུ་གཟིངས་བཟོ་གྲྭར་གློག་ལས་བཟོ་བ་བྱས། སྤྱི་ལོ1980ལོའི་ཟླ8པ་ནས་ཟླ9པའི་བར་གྱི་བཟོ་པའི་རླབས་རྒྱུན་གྱི་སྐབས་སུ་ཀེ་ཏན་སི་ཁུ་མཉམ་འབྲེལ་ལས་མཚམས་འཇོག་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་བཞེས། སྤྱི་ལོ1981ལོར《དུས་རབས་དུས་དེབ》ཀྱི་ལོ་འཁོར་གྱི་མི་སྣར་བདམས། སྤྱི་ལོ1983ལོར་ནོ་པེར་ཞི་བདེའི་བྱ་དགའ་ཐོབ། སྤྱི་ལོ1989ལོར་ཨ་མེ་རི་ཁའི“ཧྥེ་ཁྲིན་རང་དབང་གི་བྱས་རྗེས་གཟེངས་རྟགས”ཐོབ། སྤྱི་ལོ1990ལོའི་ཟླ12པ་ནས་སྤྱི་ལོ1995ལོའི་ཟླ12པའི་བར་ཕོ་ལན་གྱི་ཙུང་ཐུང་གི་འགན་བཞེས་པ་དང་། སྤྱི་ལོ1995ལོར་ཕོ་ལན་སྤྱི་མཐུན་རྒྱལ་ཁབ་སྤྱི་ཚོགས་དམངས་གཙོ་ཏང་གི་ཡཱ་ལི་ཧྲན་ཏཱ•ཁི་ཝ་ཞི་ཉེ་ཧྥུ་སི་ཅིས་ཕམ་པར་བྱས་ཏེ་སྲིད་སྟེགས་ནས་མར་བབས། སྤྱི་ལོ2000ལོར་ཙུང་ཐུང་འདེམས་བསྐོའི་འགྲན་བསྡུར་ལ་ཡང་བསྐྱར་ཕམ་ཁ་ཉོས།

རིགས་དབྱེ།  

ཝེ་སེར།

ཁོང་ནི་སྤྱི་ལོ1986ལོའི་ནོ་པེར་ཞི་བདེའི་བྱ་དགའ་ཐོབ་མཁན་དང་། རྒྱལ་ཁབ་ཨ་རི་ནས་ཡིན་པའི་ཡིའུ་ཐའེ་པའི་རྩོམ་པ་པོ་དང་ཆབ་སྲིད་པ་ཡིན། སྤྱི་ལོ1928ལོར་ཝེ་སེར་ནི་རོ་མ་ཉི་ཡཱའི་ཡིའུ་ཐའེ་པ་འདུས་སྡོད་ཁུལ་དུ་སྐྱེས། སྤྱི་ལོ1944ལོར་ལོ16ལ་སླེབས་པའི་ཝེ་སེར་ཡུལ་མི་དང་མཉམ་དུ་ཕོ་ལན་གྱི་ཨོ་སི་ཝེ་ཞིན་གཅིག་སྡུད་བཙོན་ཁང་དུ་བསྐྱལ། སྤྱི་ལོ1945ལོར་པུའུ་ལུའུ་ཝ་ཏི་གཅིག་སྡུད་བཙོན་ར་ནས་ཡང་བསྐྱར་རང་དབང་ཐོབ། སྤྱི་ལོ1986ལོར་ནོར་པེར་ཞི་བདེ་བྱ་དགའ་ཐོབ། སྤྱི་ལོ2016ལོའི་ཟླ7པའི་ཚེས2ཉིན་ཨའེ་ལི•ཝེ་སེར་སྐུ་གཤེགས། སྐུ་གཤེགས་སྐབས་དགུང་ལོ87ཡིན། ​

རིགས་དབྱེ།  

ཨ་ལི་ཡཱ་སི།

​ཁོང་ནི་ཁོ་སི་ཐ་རི་ཁའི་ཁྲིམས་རྩོད་པ་དང་། དཔལ་འབྱོར་རིག་པ། ཕྱི་འབྲེལ་པ། ཆབ་སྲིད་པ་བཅས་ཡིན་ལ། ཁོ་སི་ཐ་རི་ཁའི་ཙུང་ཐུང་གི་འགན་ཐེངས་གཉིས་འཁུར་མྱོང་། སྤྱི་ལོ1987ལོར་མེ་གླིང་དབུས་མའི་ཉམས་ཉེན་འདུམ་འགྲིག་བྱས་པའི་དབང་གིས་ནོ་པེར་ཞི་བདེའི་བྱ་དགའ་ཐོབ།

རིགས་དབྱེ།  

ཁུ་ལི་སི་ཏི་ཨན•ཝུའུ་ཨེར་ཧྥུའུ།

ཁོང་ནི་འཇར་མན་གྱི་ཆབ་སྲིད་མི་སྣ་ཞིག་ཡིན། སྤྱི་ལོ2010ལོའི་ཟླ6པའི་ཚེས30ཉིན་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བ་དང་ཟླ7པའི་ཚེས2ཉིན་ལས་གནས་བཞེས། ཝུའུ་ཨེར་ཧྥུའུ་འདེམས་ཤོག་རེས་སྐོར་གསུམ་འཕངས་ནས་འཇར་མན་གྱི་ཙུང་ཐུང་ལ་བདམས་པ་དང་། ཐེངས་འདིའི་འདེམས་བསྐོའི་ཁྲོད་ཁོང་འཇར་མན་གྱི་ལོ་རྒྱུས་ཐོག་གི་ལོ་ན་ཆེས་གཞོན་ཤོས་ཀྱི་ཙུང་ཐུང་དུ་གྱུར། སྤྱི་ལོ2012ལོའི་ཟླ2པའི་ཚེས17ཉིན་ཝུའུ་ཨེར་ཧྥུའུ་ཡིས་འགན་དབང་གང་བྱུང་དུ་སྤྱད་པའི་དབང་གིས་ལས་གནས་དགོངས་ཞུ་བྱས་པ་ཁྱབ་བསྒྲགས་བྱས།

རིགས་དབྱེ།  

པི་སེན་ཐེ•ཧྥུ་ཁེ་སི•ཁེ་ས་ཏ།

ཁོང་ནི་སྤྱི་ལོ1942ལོའི་ཟླ7པའི་ཚེས2ཉིན་མོ་ཞི་ཁོའི་ཀྭ་ན་ཧྭ་ཐུའོ་ཀྲོའུ་ལི་ཨང་གྲོང་ཁྱེར་དུ་སྐྱེས་ཤིང་། ཨ་ཕ་ནི་རྒྱལ་ཁོངས་ཨིར་ལན་ཡིན་པའི་ཕྱུགས་བདག་ཅིག་དང་། ཨ་མ་ནི་སི་ཕེན་གྱི་ཡིན། བྱིས་པ་དགུའི་ནང་ནས་ཨང་གཉིས་པ་ཡིན། ཁོའི་བྱིས་དུས་ནི་མོ་ཞི་ཁོ་དབུས་རྒྱུད་ས་ཁུལ་གྱི་གཞིས་ཀ་ཞིག་ནས་བསྐྱལ་བ་རེད།

རིགས་དབྱེ།  

ཧྥེར་ནན་ཏུའོ•ཏེ་ལ་ལུའུ་ཨ།

ཁོང་ནི་ཨ་ཀེན་ཐིན་ཁོར་ཏུའོ་ཝ་གྲོང་ཁྱེར་དུ་སྐྱེས། རྒྱལ་བཙུགས་ཁོར་ཏོ་ཝ་སློབ་ཆེན་གྱི་བཅའ་ཁྲིམས་ཚན་ཁག་ནས་སློབ་མཐར་ཕྱིན་པ་དང་ཁྲིམས་རིག་པའི་འབུམ་རམས་པའི་བསླབ་གནས་ཐོབ་ཡོད། སྔོན་ཨ་ཀེན་ཐིན་གྱི་ཙུང་ཐུང་གི་འགན་བཞེས་མྱོང་། སྤྱི་ལོ2019ལོའི་ཟླ7པའི་ཚེས9ཉིན་གྱི་ཐོ་རེངས་སུ་ཧྥེར་ནན་ཏུའོ•ཏེ་ལ་ལུའུ་ཨ་ཨ་ཀེན་ཐིན་གྱི་རྒྱལ་ས་པུ་དབྱི་ནོ་སི་ཨེ་རི་སིར་སྐུ་གཤེགས་པ་དང་སྐུ་གཤེགས་སྐབས་དགུང་ལོ81སླེབས་ཡོད་པ་རེད།

རིགས་དབྱེ།  

རང•ཁི་ལེ་ཏི་ཨན།

ཁོང་ནི་ཁ་ན་ཏའི་ཁུའེ་པེ་ཁེ་ཞིང་ཆེན་དུ་སྐྱེས། ལ་ཝར་སློབ་ཆེན་གྱི་བཅའ་ཁྲིམས་ཆེད་ལས་ནས་མཐར་ཕྱིན་པ་དང་། སློབ་ཆེན་གྱི་ཁྲིམས་ལུགས་རིག་པའི་མཚན་འཛིན་འབུམ་རམས་པའི་བསླབ་གནས་ཐོབ་ཡོད། སྤྱི་ལོ1993ལོར་ཁ་ན་ཏའི་ཙུང་ལིར་བདམས་ཐོན་བྱུང་། སྤྱི་ལོ1997ལོ་དང་སྤྱི་ལོ2000ལོའི་འདེམས་བསྐོ་ཆེན་པོ་གཉིས་ཀྱི་ཁྲོད་དུ་བསྟུད་མར་རྒྱལ་ཁ་བླངས་ནས་ཙུང་ལིར་བསྐོས། སྤྱི་ལོ2003ལོའི་ཟླ12པར་ལས་གནས་ནས་ཕྱིར་འཐེན་བྱས་པ་དང་ཁོའི་རྒྱུད་འཛིན་པ་ནི་པའོ་ལོ་མཱ་ཏིང་ཡིན།

རིགས་དབྱེ།  

ཅིན་རི་ཁྲེང་།

ཁོང་ནི་སྤྱི་ལོ1912ལོའི་ཟླ4བའི་ཚེས15ཉིན་འཁྲུངས་ཤིང་། ཁྲའོ་ཞན་རིགས་ཡིན་ལ། ཐོག་མའི་མིང་ལ་ཅིན་ཁྲེང་ཀྲུའུ་ཟེར། ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་འཛུགས་འགོ་ཁྲིད་པ་གཙོ་བོ་དང་དེ་བཞིན་ཁྲའོ་ཞན་ངལ་རྩོལ་ཏང་དང་། ཁྲའོ་ཞན་མི་དམངས་དམག གཙོ་གཟུགས་བསམ་བློ་འཛུགས་མཁན་བཅས་ཡིན། སྤྱི་ལོ1925ལོར་ཀྲུང་གོའི་བྱང་ཤར་ཅི་ལིན་དུ་གནས་སྤོས་ཤིང་ཧྥུ་སུང་སློབ་ཆུང་དང་པོར་སློབ་སྦྱོང་བྱས། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པ་མཇུག་རྫོགས་རྗེས། སུའུ་ལེན་ནས་ཁྲའོ་ཞན་ལ་ལོག་པ་དང་། སྔ་གཞུག་ཏུ་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་སྤྱི་ཁྱབ་ཧྲུའུ་ཅིའི་འགན་ཁུར། སྤྱི་ལོ1948ལོ་ནས་སྐུ་གཤེགས་པའི་བར་དུ་ཁྲའོ་ཞན་གྱི་ཆེས་མཐོའི་འགོ་ཁྲིད་པའི་འགན་ཁུར་བ་དང་། ལོ་ངོ46རིང་དབང་བསྒྱུར་བ་རེད། སྤྱི་ལོ1992ལོར་ཅིན་རི་ཁྲེང་ལ་ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་སྤྱིའི་གོ་རྟགས་སྤྲད། སྤྱི་ལོ1994ལོའི་ཟླ7པའི་ཚེས8ཉིན། ཅིན་རི་ཁྲེང་དཔོན་ཚང་གི་ཕོ་བྲང་དུ་ཚེ་ལས་འདས། སྤྱི་ལོ1998ལོར་བཟོ་བཅོས་བྱས་པའི《ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་ཚོགས་རིང་ལུགས་རྩ་ཁྲིམས》ནང་ཁོང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་གཏན་འཁེལ་བྱས་ཡོད། ཅིན་རི་ཁྲེང་གིས་སྐུ་ཚེ་ཧྲིལ་པོར་ཀྲུང་གོར་འཚམས་འདྲི་ཐེངས་མང་གནང་བ་དང་འབྲེལ། སྤྱི་ལོ1961ལོར་ཀྲུང་གོ་དང《ཀྲུང་ཁྲའོ་མཛའ་གྲོགས་མཉམ་ལས་རོགས་རེས་ཆིངས་ཡིག》བཞག་པ་རེད།

རིགས་དབྱེ།  

ཀུ་ལིན་སི་ཕན།

ཁོང་ནི་སྤྱི་ལོ1926ལོའི་ཟླ3པའི་ཚེས6ཉིན་ཨ་རི་ཉིའུ་ཡུའེ་ནས་སྐྱེས་ཤིང་། ཨ་རིའི་ཡིའུ་ཐའེ་བ་དང་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ཡོན་ལྷན་ཁང་གི་ཐེངས་བཅུ་གསུམ་པའི་ཀྲུའུ་ཞིའི(སྤྱི་ལོ1987ལོ་ནས་སྤྱི་ལོ2006ལོའི་བར)འགན་བཞེས་ལ། ཨ་རིའི་ཙུང་ཐུང་སྐབས6ལས་བརྒལ་བ་རེད།

རིགས་དབྱེ།  

ཨའེ་སེན་ཧའོ་ཝེ་ཨེར།

ཁོང་ནི་སྤྱི་ལོ1890ལོའི་ཟླ10བའི་ཚེས14ཉིན་འཁྲུངས་ཤིང་། ཨ་རིའི་ཙུང་ཐུང་དང་། སྐར་ལྔའི་ཧྲང་ཅང་། ཆབ་སྲིད་མཁས་ཅན། དམག་དོན་མཁས་ཅན་བཅས་ཡིན་ལ། སྤྱི་ལོ1969ལོའི་ཟླ3པའི་ཚེས28ཉིན་ཚེ་ལས་འདས་པ་ཡིན།

རིགས་དབྱེ།  

ཕི་ཏུ་གོང་མ།

ཁོང་ནི་སྤྱི་ལོ1672ལོའི་ཟླ6པའི་ཚེས9ཉིན་འཁྲུངས་ཤིང་། ལོ་རྒྱུས་སུ་ཕི་ཏུ་སྐུ་ཕྲེང་དང་པོ་ཟེར་ཞིང་། རྗེས་རབས་པས་ཁོང་ལ་ཕི་ཏུ་གོང་མ(Peter the Great)ཞེས་འབོད་པ་དང་། དེ་ནི་ཨ་ལིའེ་ཁུ་ཞེ་སྐུ་ཕྲེང་དང་པོའི་བུ་ཕྲུག་ཡིན་ལ། ཨུ་རུ་སུའི་ལུའོ་མན་ནུའོ་ཧྥུའུ་རྒྱལ་རབས་ཀྱི་ཧྲ་ཧོང་གོང་མ་ལྔ་བ་དང་། ཨུ་རུ་སུ་བཙན་རྒྱལ་གྱི་རྒྱལ་པོ་དང་པོ། ཨུ་རུ་སུའི་ལོ་རྒྱུས་ཐོག་གི“གོང་མ”གཉིས་ཀྱི་གྲས་ཤིག་ཡིན་ཞིང་། སྤྱི་ལོ1725ལོའི་ཟླ2པའི་ཚེས8ཉིན་ཚེ་ལས་འདས་པ་ཡིན། ཕི་ཏུ་སྐུ་ཕྲེང་དང་པོས་དབང་སྒྱུར་བྱེད་སྐབས་ཆབ་སྲིད་དང་། དཔལ་འབྱོར། དམག་དོན། ཚན་རྩལ་སོགས་ཁྱབ་ཁོངས་སུ་ནུབ་ཕྱོགས་ཅན་དུ་འགྱུར་བའི་བསྒྱུར་བཅོས་བྱས་པས། ཨུ་རུ་སུ་དེ་ཡོ་རོབ་ཀྱི་རྒྱལ་ཁབ་ཆེན་པོའི་གྲས་ཤིག་ཏུ་གྱུར་ཡོད་ལ། ཉེ་རབས་ཨུ་རུ་སུའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སློབ་གསོ། ཚན་རྩལ་སོགས་ཐད་ཀྱི་འཕེལ་རྒྱས་ནི་ཕི་ཏུ་སྐུ་ཕྲེང་དང་པོའི་དུས་རབས་ལས་བྱུང་བ་ཡིན་ཞེས་བརྗོད་ཆོག

རིགས་དབྱེ།  

རྒྱ་གར་རང་དབང་གི་ལམ་སྟོན་སྒྲོན་མེ་ཀན་ཏི།

མོ་ཧན་ཏ་སི·ཁོ.ཀན་ཏི་ནི(སྤྱི་ལོ1869ནས་སྤྱི་ལོ1948ལོའི་བར)རྒྱ་གར་གྱི་ཕུལ་དུ་བྱུང་བའི་ཆབ་སྲིད་པ་དང་སྤྱི་ཚོགས་བྱ་འགུལ་པ་ཞིག་དང་། རྒྱ་གར་མི་དམངས་རང་དབང་ལ་བརྩོན་པའི་དབུ་ཁྲིད་པ་ཞིག་ཀྱང་ཡིན་པས་རྒྱ་གར་མི་དམངས་ཀྱིས་ཁོང་ནི་བླ་ཆེན་ཞིག་ཏུ་བརྩི། ཀན་ཏི་ནི་པོ་ཨེར་པན་ཏ་ནས་སྐྱེས་ཏེ་ས་དེ་ནས་ནར་སོན། སློབ་ཆུང་ནས་སློབ་འབྲིང་བར་ཁོང་གིས་དགེ་རྒན་དང་སློབ་གྲོགས་སུ་ལའང་རྫུན་སྨྲས་མ་མྱོང་། ཁོང་ནི་རྒྱུན་དུ་མི་མང་ཡོད་སར་འགྲོ་རྒྱུར་མི་དགའ་བར་རང་གཅིག་པུས་སློབ་དེབ་ལ་ལྟ་རྒྱུར་དགའ་ཡང་སློབ་དེབ་ལས་གཞན་གྱི་དཔེ་ཆ་ལྟ་རྒྱུར་མི་དགའ་ལ་དགེ་རྒན་གྱི་འདྲི་ཞིབ་དང་ལེན་བྱེད་རྒྱུར་དེ་བས་མི་དགའ།

རིགས་དབྱེ།  

ཁི་ལིན་ཏུང་།

ཝེ་ལིན་ཅེ་ཧྥེ་སོན་ཁི་ལིན་ཏུང(William Jefferson Clinton)ཡོངས་གྲགས་སུ་ཁི་ལིན་ཏུང་ཞེས་འབོད་པ་འདི་ནི་སྤྱི་ལོ1946ལོའི་ཟླ8པའི་ཚེས19ཉིན་ཨ་རིའི་ཨ་ཁིན་སི་ཁུལ་ཧོ་ཕུའུ་རུ་འཁྲུངས་ཤིང་། ཨ་རིའི་དམངས་གཙོ་ཏང་གི་ཆབ་སྲིད་པ་ཞིག་ཡིན།

རིགས་དབྱེ།  

ཁུ་ཝེ་ཏུ།

ཁོང་ནི་འཇར་མན་གྱི་ལོ་རྒྱུས་རིག་པ་བ་དང་། ཆབ་སྲིད་པ། སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ་མཁན་བཅས་ཡིན། སྤྱི་ལོ1858ལོའི་ཟླ3པའི་ཚེས23ཉིན་འཇར་མན་བྱང་རྒྱུད་ཀྱི་གྲུ་ཁའི་གྲོང་ཁྱེར་པུའུ་ལའེ་མེ་རུ་ཚོང་པ་ཕྱུག་པོ་ཞིག་གི་ཁྱིམ་དུ་འཁྲུངས་ཤིང་སི་ཐུ་ལཱ་སི་པའོ་སློབ་ཆེན་དང་ཀུ་ཐིང་ཀེན་སློབ་ཆེན་དུ་ལོ་རྒྱུས་སློབ་སྦྱོང་བྱས་པ་ཡིན། སྤྱི་ལོ1881ལོར་ལོ་རྒྱུས་རིག་པའི་འབུམ་རམས་པའི་བསླབ་གནས་ཐོབ་ལ་གནའ་བོའི་རོ་མའི་ལོ་རྒྱུས་དང་འཇར་མན་གྱི་དུས་རབས་དཀྱིལ་མའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་མཁས་པ་ཞིག་ཡིན།

རིགས་དབྱེ།  

ཁའེ་ལོའུ་ཀུ།

ཁོང་ནི་ཨ་རིའི་སྐད་གྲགས་ཡོད་པའི་ཁྲིམས་རྩོད་པ་དང་ཕྱི་འབྲེལ་པ་ཡིན་ལ། དེ་སྔོན་ས་གནས་ཞིབ་བཤེར་དཔོན་པོ་དང་ཨ་རི་ཡོངས་ཀྱི་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱི་ཚོགས་གཙོ། རྒྱལ་ཕྲན་མཉམ་འབྲེལ་གྱི་གྲོས་མི། དབྱིན་ཇིར་བཅའ་སྡོད་གཞུང་ཚབ་ཆེན་མོ། རྒྱལ་སྤྱིའི་མནའ་འབྲེལ་གྱི་རྒྱུན་བཙུགས་ཁྲིམས་རའི་ཁྲིམས་དཔོན་བཅས་ཀྱི་འགན་ཁུར་ཡོད། ཁཱ་ཨེར་ཝུན·ཁུ་ལི་ཀྲི་ཙུང་ཐུང་གི་འགན་འཛིན་ཡུན་ཚད་ནང་ཐེངས45པའི་ཨ་རིའི་རྒྱལ་དོན་བློན་ཆེན་གྱི་འགན་ཁུར་ཡོད། སྤྱི་ལོ1927ལོར་ཧྥ་རན་སེའི་ཕྱི་འབྲེལ་པུའུ་ཀྲང་ཨ་ལི་སི་ཏི་ཏུ·པའེ་ལི་ཨན་དང་མཉམ་དུ་དམག་འཁྲུག་འདོར་བའི་སྤྱི་ཆིངས་སྤེལ་བ་དང་ཁའེ་ལོའུ་ཀུ་ལ་སྤྱི་ལོ1929ལོའི་ལོ་འཁོར་གྱི་ནོ་པེར་ཞི་བདེའི་བྱ་དགའ་ཐོབ།

རིགས་དབྱེ།  

པོ་ལན་ཐུ།

ཁོང་ནི་འཇར་མན་གྱི་ཆབ་སྲིད་པ་དང་། སྤྱི་ལོ1969ལོ་ནས་སྤྱི་ལོ1974ལོའི་བར་ཞི་ཏེ་ཙུང་ལིའི་འགན་བཞེས། ལོ16སྟེང་སྤྱི་ཚོགས་དམངས་གཙོ་ཏང་ལ་ཞུགས། སྤྱི་ལོ1931ལོར་སྤྱི་ཚོགས་རིང་ལུགས་ཀྱི་བཟོ་པའི་ཏང་ལ་ཞུགས། སྤྱི་ལོ1971ལོར་ནོ་པེར་ཞི་བདེའི་བྱ་དགའ་ཐོབ། སྤྱི་ལོ1992ལོའི་ཟླ10པའི་ཚེས8ཉིན་པོ་ལན་ཐུ་ཁྱིམ་དུ་སྐུ་གཤེགས་པ་དང་། དགུང་ལོ78ཡིན།

རིགས་དབྱེ།  

ཙུའོ་ཐེང་རོང་ཙུའོ།

ཁོང་ནི་འཇར་པན་གྱི་ཆབ་སྲིད་པ་དང་། འཇར་པན་གྱི་ལས་ཐོག61.62.63བཅས་ཀྱི་དབུ་བཞུགས་བློན་ཆེན། ཏུང་ཅིང་སློབ་ཆེན་ནས་སློབ་མཐར་ཕྱིན། དབུ་བཞུགས་བློན་ཆེན་གྱི་འགན་ཡུན་རིང《འཇར་པན་དང་ཧན་གོའི་གཞི་རྩའི་ཆིངས་ཡིག》བཞག་པ་དང་། 《འཇར་པན་དང་ཨ་རིའི་བདེ་འཇགས་ཆིངས་ཡིག》རང་ཤུགས་ཀྱིས་རིང་དུ་བཏང་། དེ་མིན་ཁོང་གིས་ཉིང་རྡུལ་མེད་པའི་རྩ་དོན་གསུམ་བཏོན་པས་སྤྱི་ལོ1974ལོར་ནོར་པེར་ཞི་བདེ་བྱ་དགའ་ཐོབ།

རིགས་དབྱེ།  

ཨང་ཧྲན་སུའུ་ཅི།

ཁོ་མོ་ནི་འབར་མའི་དབྱང་ཀོང་དུ་འཁྲུངས་ཤིང་། འབར་མའི་ཆབ་སྲིད་པ་དང་། ཕྱི་འབྲེལ་དཔོན། རྩོམ་པ་པོ་བཅས་ཡིན། ད་ལྟ་འབར་མའི་རྒྱལ་དོན་སྲིད་སྐྱོང་གི་ཆེས་མཐོ་བའི་འགོ་ཁྲིད་པ་ཡིན།

རིགས་དབྱེ།  

ཨ་ལ་ཧྥ་ཐེ།

ཁོང་ནི་སྤྱི་ལོ1929ལོའི་ཟླ8པའི་ཚེས24ཉིན་ཅེ་རུས་ས་ལེམ་དུས་སྐྱེས་ཤིང་། སྤྱི་ལོ1948ལོར་ཐེངས་དང་པོར་ཨ་དབྱི་དམག་འཁྲུག་ལ་ཞུགས། སྤྱི་ལོ1950ལོར་ཁེ་རོ་སློབ་གྲྭ་ཆེན་མོའི་ཨར་ལས་བཟོ་སྐྲུན་ཚན་ཁག་ཏུ་སློབ་སྦྱོང་གནང་བར་ཕེབས་པ་མ་ཟད་ཕ་ལེ་སི་ཐན་གྱི་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་། ཁེ་རོ་སློབ་ཆེན་ནས་མཐར་ཕྱིན་རྗེས་ཨེ་ཅིབ་དམག་དོན་སློབ་གླིང་དུ་སློབ་སྦྱོང་བྱེད་པར་སོང་། སྤྱི་ལོ1956ལོར་ཨེ་ཅིབ་ནས་ཨ་དབྱི་དམག་འཁྲུག་ཐེངས་གཉིས་པར་ཞུགས། སྤྱི་ལོ1957ལོར་ཁུ་ཝེ་ཐེ་སྤྱི་པའི་བཟོ་སྐྲུན་པུའུ་རུ་བཟོ་བཀོད་པའི་འགན་བཞེས། སྤྱི་ལོ1958ལོར་གསང་བའི་སྒོ་ནས་ཕ་ལེ་སི་ཐན་གྱི་མི་རིགས་བཅིངས་འགྲོལ་ལས་འགུལ་རྩ་འཛུགས“ཧྥ་ཐ་ཧོ”དང་དེའི་དམག་དོན་རྩ་འཛུགས་ཀྱི་འཕྲལ་རྒོལ་རུ་ཁག་གྲབས་འཛུགས་བྱེད་པར་ཞུགས། སྤྱི་ལོ1969ལོའི་ཟླ2པར་ཕ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས། སྤྱི་ལོ1971ལོར་ཕ་ལེ་སི་ཐན་གསར་བརྗེའི་དྲག་ཆས་སྟོབས་ཤུགས་ཀྱི་སྤྱི་ཁྱབ་དམག་སྤྱིའི་འགན་བཞེས། སྤྱི་ལོ1987ལོའི་ཟླ4པར་ཡང་བསྐྱར་པ་ཅེ་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས། སྤྱི་ལོ1989ལོའི་ཟླ4པར་པ་ཅེ་རྩ་འཛུགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག་ཕ་ལེ་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བ་དང་། སྤྱི་ལོ1991ལོའི་ཟླ9པར་ཙུང་ཐུང་གི་འགན་བཞེས་པ་རེད། སྤྱི་ལོ1994ལོའི་ཟླ་5པར་རང་སྐྱོང་འགོ་ཁྲིད་ལས་ཁུངས་ཀྱི་ཀྲུའུ་ཞིར་བསྐོ་གཞག་བྱས། སྤྱི་ལོ1996ལོའི་ཟླ4པར་ཡང་བསྐྱར་པ་ཅེ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས། སྤྱི་ལོ2004ལོའི་ཟླ11པའི་ཚེས11ཉིན་ཧྥ་རན་སིའི་ཕ་རི་སི་ནས་སྐུ་གཤེགས། ཨ་ལ་ཧྥ་ཐེ་གཞོན་ནུའི་དུས་ནས་བཟུང་ཕ་ལེ་སི་ཐན་མི་རིགས་ཀྱི་བཅིངས་འགྲོལ་བྱ་གཞག་ནང་ཞུགས་ནས་ཕ་ལེ་སི་ཐན་མི་དམངས་ཀྱི་ཁྲིམས་མཐུན་གྱི་མི་རིགས་ཁེ་དབང་སླར་གསོ་ཡོང་ཆེད་འཐབ་རྩོད་ཡུན་རིང་བྱས་པ་དང་། སྤྱི་ལོ1993ལོར་དབྱི་སི་རལ་དང《ཨའོ་སི་ལུའུ་ཡི་གྲོས་མཐུན》ལ་མིང་རྟགས་བཀོད་པས་སྤྱི་ལོ1994ལོའི་ནོ་པེར་ཞི་བདེའི་བྱ་དགའ་ཐོབ།

རིགས་དབྱེ།