བག་ཟོན།སྔ་མའི་པར་གཞི་དེ བྱ་མདོ་ཀླུ་མོ་མཚོ།  ནས 2017-02-22 17:50ལ་འགྲུབ།

བག་ཟོན།

ཐེ་ཚོམ་དང་འབྲེལ་བའི་དོ་སྣང་ངམ་དོགས་ཟོན་གྱི་མིང་།
1 ལོ་ཙཱ།

རྒྱ་ཡིག 谨慎,提防

དབྱིན་ཡིག caution, prudence

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  འཇིགས་པའི་དོན་ཏེ། བག་ཚ་བ་དང་ཡ་ང་བ་མེད་པར་དགྲ་ལ་འཐབ་འཛིང་བྱས་ལྟ་བུ།

2.བརྡ་དག་མིང་ཚིག་གསལ་བ་ལས།  ཉོན་མོངས་པའི་དབང་དུ་མ་སོང་བར་དགེ་བ་སྒྲུབ་ཅིང་མི་དགེ་བ་ལས་སེམས་སྲུང་བའི་ཤེས་པའོ།།  谨慎,能不随烦恼转移,而修善防恶之心。(同)བག་ཡོད་པ།

3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  ཐེ་ཚོམ་དང་འབྲེལ་བའི་དོ་སྣང་། མི་ངན་གྱི་བྱ་སྤྱོད་ལ་རྟག་ཏུ་བག་ཟོན་བྱེད་པ། 

4.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  ཐེ་ཚོམ་དང་འབྲེལ་བའི་དོ་སྣང༌། 提防,警惕:མི་ངན་གྱི་བྱ་སྤྱོད་ལ་རྟག་ཏུ་བག་ཟོན་བྱེད་པ། 经常警惕坏人捣乱。

5.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།   མིང་ཚིག ཐེ་ཚོམ་དང་འབྲེལ་བའི་དོ་སྣང་ངམ་དོགས་ཟོན་གྱི་མིང་། དཔེར་ན། དགྲ་བོའི་འཇབ་རྒོལ་ལ་བག་ཟོན་བྱེད་པ། རྟག་ཏུ་མི་དགེ་བའི་བློ་སྐྱེ་བར་བག་ཟོན་གྱིས་ལྟ་བུ།