ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 311 ཡོད།

སྡིག་པ་མི་དགེ་བ

འདོད་པའི་ཁམས་ཀྱི་ལུས་ངག་ཡིད་གསུམ་གྱི་མི་དགེ་བ་དང༌། དེ་དག་སྐྱེད་པའི་རྒྱུ་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ནི་བདག་དང་གཞན་ལ་གནོད་ཅིང་རྣམ་པར་སྨིན་པ་ཡང་སྡུག་བསྔལ་ཆེན་པོ་བསྐྱེད་ཅིང༌། དགེ་བ་དང་མི་མཐུན་ཞིང་འཕགས་པ་རྣམས་ཀྱིས་སྨད་པའི་གནས་སུ་གྱུར་པའོ། །འདོད་པའི་ཁམས་ཀྱི་ལུས་ངག་ཡིད་གསུམ་གྱི་མི་དགེ་བ་དང༌། དེ་དག་སྐྱེད་པའི་རྒྱུ་འདོད་ཆགས

20170907

སྐྱེས་ཐོབ་ཀྱི་མི་དགེ་བ

སྔོན་སྐྱེ་བ་སྔ་མ་ལ་མི་དགེ་བ་གོམས་པར་བྱས་པས་ཚེ་འདིར་དེའི་ངོ་བོ་རྣམ་པར་སྨིན་པ་མི་དགེ་བ་བྱེད་ནུས་ཀྱི་ལུས་མངོན་པར་གྲུབ་པ་སྟེ། དེས་མི་དགེ་བ་ཉིད་ལ་རང་གི་ངང་གིས་འདོད་པ་ཀུན་ནས་གནས་པའོ། །རྒྱ་ཡིག 生得不善。 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།སྐྱེ་བ་སྔོན་མི་དགེ་བར་གོམས་པས་ཚེ་འདིར་མི་དགེ་བ་འབྱུང་བ། 宿世多行恶行,今生

20200420

སྡིག་པ་མི་དགེ་བ་བཅུ།

(宗)十不善,十恶。同 མི་དགེ་བ་བཅུ།

20181210

མི་དགེ་བ་བཅུའི་འབྲས་བུ།

《དཔལ་བརྩེགས་ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང》ལས་བྱུང་བའི་མི་དགེ་བ་བཅུའི་འབྲས་བུ་ལ་གོ་བ་ཡིན།1.སྲོག་གཅོད་པའི་རྣམ་པར་སྨིན་པ་དང་། རྒྱུ་མཐུན་པའི་འབྲས་བུ། དབང་གི་འབྲས་བུ་ནི༎ སྲོག་བཅད་པས་ཚེ་ཐུང་ཞིང་ནད་མང་ལ་གསོད་འདོད་པ་ནི་རྒྱུ་དང་མཐུན་པའི་འབྲས་བུའོ༎ ཁ་ཟས་མི་བསོད་ཅིང་མཐུ་ཆུང་བ་སྐྱེ་བའི་ཡུལ་དང་ཕྲད་པ་ནི་དབང་གི་འབྲས་བུའོ

20220227

ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས།

མི་དགེ་བ་བཅུ་པོ་ཐམས་ཅད་དུག་བཞིན་དུ་སྤོང་བའི་སོ་ཐར་རིས་བདུན་གྱི་ཁྲིམས་ཏེ། དགེ་སློང་ཕ་མ་དང༌། དགེ་ཚུལ་ཕ་མ། དགེ་བསྙེན་ཕ་མ། དགེ་སློབ་མ་བཅས་ཀྱི་བསླབ་གཞི་འདི་ནི་ཚུལ་ཁྲིམས་གསུམ་གྱི་ཡ་གྱལ་ཞིགརྒྱ་ཡིག 律仪戒 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། མི་དགེ་བ་བཅུ་པོ་ཐམས་ཅད་དུག་བཞིན་དུ་སྤོང་བའི་སོ་ཐར་རིས་བདུན་གྱི་ཁྲིམས་ཏེ། དགེ་སློང་ཕ

20230510

ཅུང་ཟད་མི་དགེ་བ་རྣམས་ཀྱི་རྒྱུར་འགྱུར་བའི་ལས་བཅུ་གཉིས།

འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བའི་ཅུང་ཟད་མི་དགེ་བ་རྣམས་ཀྱི་རྒྱུར་འགྱུར་བའི་ལས་བཅུ་གཉིས་ལ་གོ་བ་ཡིན།འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། 1.རང་བཞིན་ལས། 2.འབྲེལ་བ་ལས། 3.རྗེས་སུ་འབྲེལ་པ་ལས། 4.བསླང་བ་ལས། 5.དོན་དམ་པ་ལས། 6.སྐྱེ་བ་ལས། 7.སྦྱོར་བ་ལས། 8.མདུན་དུ་བྱས་པ་ལས

20220522

ལུས་ཀྱི་མི་དགེ་བ་གསུམ།

1.སྲོག་གཅོད་པ། 2.མ་བྱིན་པར་ལེན་པ། 3.ལོག་གཡེམ་བཅས་གསུམ་ཡིན།1.སྲོག་གཅོད་པ། 2.མ་བྱིན་པར་ལེན་པ། 3.ལོག་གཡེམ་བཅས་གསུམ་ཡིན། དེ་ཡང་སྲོག་གཅོད་པས་གཞན་གྱི་སྲོག་ལ་གནོད་ཅིང་འདིའི་འབྲས་བུ་རང་ཉིད་ཚེ་ཐུང་དུ་འགྲོ། མ་བྱིན་ལེན་གྱིས་གཞན་གྱི་ལོངས་སྤྱོད་ལ་གནོད་ཅིང་དེའི་འབྲས་བུ་རང་ཉིད་དབུལ་དུ་འགྲོ། ལོག་གཡེམ

20180306

རྗེས་འབྲེལ་གྱི་མི་དགེ་བ

རྩ་ཉོན་དང་ཉེ་ཉོན་རྣམས་ཀྱི་བག་ཆགས།རྒྱ་ཡིག 相随不善 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། རྩ་ཉོན་དང་ཉེ་ཉོན་རྣམས་ཀྱི་བག་ཆགས། 相随不善。一切根本烦恼和随烦恼所有习气。

20230206

ངག་གི་མི་དགེ་བ་བཞི།

1.བརྫུན། 2.ཕྲ་མ། 3.ཚིག་རྩུབ། 4.ངག་ཀྱལ་བཞི་སྟེ་བརྫུན་སྨྲས་པས་རང་གི་ཚིག་ལ་གཞན་གྱིས་ཡིད་མི་ཆེས། ཕྲ་མ་སྨྲས་པས་རང་ཉིད་གཞན་དང་མི་མཐུན་པར་འགྱུར། ཚིག་རྩུབ་སྨྲས་པས་རང་ལ་མི་དགའ་བའི་དགྲ་ཇེ་མང་དུ་འགྱུར། ངག་ཀྱལ་སྨྲས་པས་རང་སེམས་ཟང་ཟིང་དང་མི་བརྟན་པར་འགྱུར་བ་བཅས་ཡིན། ཞིབ་པར《མངོན་པ་གོང་འོག》རྩ་འགྲེལ་རྣམས

20170526

ཡིད་ཀྱི་མི་དགེ་བ་གསུམ།

1.བརྣབ་སེམས། 2.གནོད་སེམས། 3.ལོག་ལྟ་བཅས་ཡིན།1.བརྣབ་སེམས། 2.གནོད་སེམས། 3.ལོག་ལྟ་བཅས་ཡིན། དེ་ཡང་གཞན་གྱི་ནོར་ལ་བརྣབ་སེམས་སྐྱེས་པས་དེའི་འབྲས་བུ་རང་གི་རེ་བ་རྣམས་འགྲུབ་ལ་ཁད་དུ་མི་འགྲུབ་པར་འགྱུར། གཞན་ལ་གནོད་སེམས་སྐྱེས་པས་རང་ཉིད་ས་ཕྱོགས་གང་དུ་གནས་ཀྱང་འཇིགས་སྐྲག་གི་ངང་དུ་གནས་དགོས་པ། ལས་འབྲས་དང

20180205