སྟག་མའི་ཤིང་།སྔ་མའི་པར་གཞི་དེ དཔལ་ལྷLhamo ནས 2023-11-29 09:29ལ་འགྲུབ།
སྟག་མའི་ཤིང་ནི་སྲིབ་མོར་སྐྱེས། ། སྡོང་པོ་རབ་ཏུ་མཁྲེགས་པ་ལ། ། ལོ་མ་ཝ་ལུང་ནང་ན་བལ། ། མེ་ཏོག་དམར་སྨུག་དཀར་པོ་མཛེས། །
རང་གི་ནུས་པས་རྣག་རྣམས་སྐེམ། །སྟག་མའི་མེ་ཏོག་རྡོ་ཞུ་དཀར། །གླ་རྩི་རྒྱ་ཚྭ་རྣམ་གཉིས་དང་། །མུ་ཟི་ལེགས་པར་བཏུལ་བ་རྣམས། །བྱང་ཁོག་རྣག་ཞུགས་ཁོང་དུ་བཏང་། །པགས་པ་རྡུལ་དང་རྔུལ་དང་ཕྱེ། །བལ་ལ་བྱུག་ལ་སྟེང་ནས་བཀབ། །རྣག་སྐེམ་རྨ་ཡི་འདྲུབ་སྨན་ཡིན། །སྟག་མའི་མེ་ཏོག་རྣག་སྐེམ་ཡིན། །སྟག་མའི་མེ་ཏོག་དུག་ལྕེ་ཕྱུངས་པ་དང་། །ཐར་ནུ་དང་ནི་བུལ་ཏོག་དང་། །ཡུང་བ་དང་ནི་ལང་ཐང་རྩེ། །དེ་རྣམས་མན་ངག་ཤེས་གྱུར་ན། །མཆིན་པ་གླང་ཐབས་གྲོལ་མ་དང་། །དེ་རྣམས་མ་ལུས་ཐམས་ཅད་སེལ། །