《རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང》ལས་བྱུང་བའི་ཤིང་སྨན་ལ་འགྱུར་བ་བཅུ་ལ་གོ་བ་ཡིན།1.ཤིང་གི་སྨན་ལ་རྩ་བ། 2.ལྡུམ་བུ། 3.སྡོང་པོ། 4.ཡལ་ག 5.རྐང་། 6.ཤུན་པ། 7.ཐང་ཆུ། 8.ལོ་མ་བ། 9.མེ་ཏོག 10.འབྲས་བུའོ༎འབྱུང་ཁུངས། 《རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང》དེབ་དང་པོ་ཤ437.8
20220408
ཤིང་སྨན་གྱི་རིགས་ཤིག་སྟེ། རོ་མངར་ལ་སྐྱུར། ཞུ་རྗེས་བསིལ། ནུས་པས་སྙིང་གི་ཚད་པ་སེལ།རྒྱ་ཡིག 酸枣仁 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ཤིང་སྨན་གྱི་རིགས་ཤིག་སྟེ། རོ་མངར་ལ་སྐྱུར། ཞུ་རྗེས་བསིལ། ནུས་པས་སྙིང་གི་ཚད་པ་སེལ། 酸枣仁。药用木本植物名,味甘酸,性谅,功能清心热
20230706
སྨན་འདིའི་ཕན་ནུས་ནི་རླུང་ནད་མ་ལུས་སེལ།སླེ་ཏྲེས།12 རླུང་ནད་མ་ལུས་སེལ། གསོ་དཔྱད་སྔོ་སྣ་ཚོགས་ཀྱི་མན་ངག་གི་སྔོ་སྨན་ཤིང་སྨན་བཤད་པའི་ལེའུ།རིགས་དབྱེ། སྨན་སྦྱོར། རྣམ་པ། ཐང་སྦྱོར། ཕན་ནུས། རླུང་ནད་མ་ལུས་སེལ། འབྱུང་ཁུངས། གསོ་དཔྱད་སྔོ་སྣ་ཚོགས་ཀྱི་མན་ངག་གི་སྔོ་སྨན་ཤིང་སྨན་བཤད་པའི་ལེའུ
20240227
ཤིང་སྨན་གྱི་རིགས་ཏེ། རོ་ཁ་ལ་བསྐ། ཞུ་རྗེས་བསིལ། ནུས་པས་རུས་པ་ཆག་པ་གསོ། རུས་པའི་ཚ་བ་སེལ།རྒྱ་ཡིག 杜仲 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ཤིང་སྨན་གྱི་རིགས་ཏེ། རོ་ཁ་ལ་བསྐ། ཞུ་རྗེས་བསིལ། ནུས་པས་རུས་པ་ཆག་པ་གསོ། རུས་པའི་ཚ་བ་སེལ། 杜仲。木本药用植物名。味苦涩,性凉,功能疗骨拆,清骨热
20231102
ཤིང་གི་ཤ་མོ་ཤིང་ལ་སྐྱེས། ། ཤིང་ལུད་སྐྱེས་པའི་ཤ་མོ་རིགས། །ཤིང་གི་ཤ་མོ་ཤིང་ལ་སྐྱེས། །ཤིང་ལུད་སྐྱེས་པའི་ཤ་མོ་རིགས། །བསྲེགས་པའི་ཐལ་བས་གྲེ་འགགས་སེལ། །རྒྱ་ཡིག་གི་མིང་། 树菇 ཁོངས་གཏོགས། ཤིང་སྨན་གྱི་རིགས།
20231124
སྦྱར་པ་འདྲ་ལ་ཅུང་ཟད་དཀར། །འཛེར་བ་མང་ལ་མཁྲེགས་པ་སྟེ། ། དེ་ཡི་ཤུན་པ་བཤུས་པ་དང་། །མཁལ་སྲན་དཀར་པོའི་ལོ་མ་དང་། །རྩི་མར་གསུམ་ནི་སྦྱར་བྱས་ཏེ། །ཆུ་གྲང་དག་གིས་ཕུལ་བཏང་ན། །ཚ་རིམས་གཟེར་ཐུང་ནད་རྣམས་སེལ། །ཞུན་བྱས་རྨ་རྣམས་འཚོ་བར་བྱེད། །གཞན་ཡང་ཡོན་ཏན་བསམ་མི་ཁྱབ། །རྒྱ་ཡིག་གི་མིང་། 苦檀 ཁོངས་གཏོགས། ཤིང་སྨན་གྱི་རིགས
20231023
། སྦ་བའི་བར་ཤུན་སྒྲོན་ཤིང་དང་། །ལྕང་མའི་བར་ཤུན་དག་དང་ནི། །བྲ་མའི་རྩ་བ་རྣམས་སྦྱར་ཏེ། །སྐ་སླ་ལུག་ཞོའི་ཚད་དུ་བྱ། །ཚ་སྐྲངས་ལ་ནི་ཞོ་དང་སྦྱར། །གྲང་སྐྲངས་ལ་ནི་ཆུ་དང་སྦྱར། །ཤ་ལ་མི་མངོན་བྱུག་པ་ན། །ཚ་གྲང་སྐྲངས་རྣམས་འདི་ཡིས་སེལ། །གཞན་ཡང་ཡོན་ཏན་བསམ་མི་ཁྱབ། །རྒྱ་ཡིག་གི་མིང་། 巴瓦藤萝 ཁོངས་གཏོགས། ཤིང་སྨན་གྱི་རིགས
20231124
ལྕགས་སྣ་མི་འདྲ་རིགས་གསུམ་དང་། །ཆུ་ནི་བྲེ་དྲུག་ནང་དུ་བསྡུ། །ཁུ་བ་ཕུལ་དོ་ལུས་པའི་ནང་། །སྐྱེར་བའི་བར་ཤུན་ཕུལ་གང་བསྡུ། །ཁུ་བ་ཕུལ་གང་ལུས་པ་དང་། །ནང་རེ་སྒོ་ང་གང་རེ་བཏང་། །དུག་ནད་ཐམས་ཅད་སེལ་བར་བྱེད། །བྲ་མའི་རྩ་བ་དུག་འཇོམས་ཡིན། །གཞན་ཡང་ཡོན་ཏན་བསམ་མི་ཁྱབ། །རྒྱ་ཡིག་གི་མིང་། 短叶锦鸡儿 ཁོངས་གཏོགས། ཤིང་སྨན་གྱི་རིགས
20231124
མེ་ཏོག་དཀར་པོ་འབྲས་བུ་ཅན། ། གདུག་པ་ཅན་གྱི་ཤིང་ཡིན་ནོ། ། རག་ཤའི་ཕྲེང་བ་ཆ་གཅིག་དང་། །སྟག་མའི་ལོ་མ་ནེ་གུ་ཆུང་། །རྨ་བྱའི་སྒྲོ་དང་མུ་ཏིག་དང་། །གོ་སྙོད་ལྔ་པོ་ཆ་མཉམ་སྟེ། །ཚ་གྲང་སྐྲན་ལ་ཧོང་ལེན་དང་། །སྦྱར་བ་མན་ངག་དམ་པ་སྟེ། །ཆུ་སྦྱར་རྨ་དང་སྐྲངས་ལ་བྱུག །རག་ཤས་སྐྲངས་པ་འཇོམས་པ་ཡིན། །རྒྱ་ཡིག་གི་མིང་། 刺桃 ཁོངས་གཏོགས། ཤིང་སྨན་གྱི་རིགས
20231124
ཚིགས་ནད་རྒྱུ་ལྟར་འཁྲིལ་བ་དང་། །ཡན་ལག་ཚིགས་ཁ་སྡོམ་ཕྱིར་བྱུག །ཕྱིང་བ་ཧབ་སྟོད་དུམ་བུས་བསྡམས། །ཚིགས་མིག་ན་སར་མེ་བཙའ་བྱ། །རས་འཇག་དག་གིས་ལེགས་པར་དཀྲིས། །ལུས་པོ་འབོལ་སྟན་ཁྲི་ལ་བཞག །འཕྲལ་ལ་ན་བར་གྱུར་པ་ན། །ལུས་པོ་འགུལ་བསྐྱོད་མི་བྱའོ། །ཚིགས་ནད་ཇི་ལྟར་ཐུ་ཡང་འཚོ། །རྒྱ་ཡིག་གི་མིང་། 榆树 ཁོངས་གཏོགས། ཤིང་སྨན་གྱི་རིགས
20231023