ཙན་དན་དེ་བ་ད་རུ།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2023-11-29 15:12ལ་འགྲུབ།

ཙན་དན་དེ་བ་ད་རུ།

ཙན་དན་དེ་བ་ད་རུ།
ཙན་དན་དེ་བ་ད་རུ་ཤིང་། ། ལྷོ་བལ་གཏིང་ན་སྐྱེས་པ་སྟེ། ། སྡོང་པོ་ཆེ་ལ་མཁྲེགས་པ་ཡིན། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
方枝柏
ཁོངས་གཏོགས།
ཤིང་སྨན་གྱི་རིགས།
1 ​ངོ་བོ།

ཙན་དན་དེ་བ་ད་རུ་ཤིང་། ། ལྷོ་བལ་གཏིང་ན་སྐྱེས་པ་སྟེ། ། སྡོང་པོ་ཆེ་ལ་མཁྲེགས་པ་ཡིན། ། ལོ་མ་ཕྲ་ལ་དྲི་ཡང་ཞིམ། ། རོ་ནི་ཁ་ལ་རྩུབ་པ་ཡིན། །

2 ཕན་ནུས།

རང་གི་ནུས་པས་ཚ་གྲང་འཇོམས། །ཙན་དན་ཡུང་བ་ཏིག་ཏ་དང་། །ཧོང་ལེན་དང་ནི་པར་པ་ཏ། །ཞོ་དང་སྦྱར་ལ་སྐྲངས་ལ་བྱུགས། །དེ་ཡིས་ཚ་གྲང་མ་ལུས་འཇོམས། །ཙན་དན་དེ་བ་ད་རུ་དང་། །གོ་སྙོད་ལྕ་བ་བ་སྤྲུ་བ། །སྤང་སྤོས་མར་ནག་སྦྱར་བྱུག་ན། །རླུང་གིས་སྐྲངས་པ་འཇོམས་པར་བྱེད། །ཚ་རིམས་ཆུ་སེར་ནད་རྣམས་ཀུན། །འདིས་ནི་ཐམས་ཅད་འཇོམས་པ་ཡིན། །སྦྱོར་སྡེ་གཞན་ཡང་བསམ་མི་ཁྱབ། །

བརྡ་འགྲེལ་གདོང་འཛར།

ཤིང་སྨན། སྨན་རྫས། སྐྲངས་པ་འཇོམས།