བོད་ཟས།སྔ་མའི་པར་གཞི་དེ བསམ་འགྲུབ་རྒྱ་མཚོ།  ནས 2019-03-01 09:32ལ་འགྲུབ།

བོད་ཟས།

བོད་ཟས།
བོད་ཟས་ནི་མདོ་དབུས་ཁམས་གསུམ་གཙོ་བྱས་པའི་བོད་ཁུལ་གྱི་ཟས་རིགས་སྤྱི་ཡི་མིང་ལ་ཟེར། རྒྱུ་ཆ་ཁྱབ་ཆེ་བ་དང་ཁྱད་ཆོས་དམིགས་བསལ་ལྡན། མཚོན་བྱེད་རང་བཞིན་གྱི་ནོར་ལུག་གི་ཤ་དང་རྩམ་པ། ཞོ་འོ་མ། མར་རྩམ་པ། འོ་ཇ་དང་ནས་ཆང་སོགས་ཡོད། མ་བཅོས་རྒྱུ་ཆ་གཙོ་བོ་ནོར་ལུག་གི་ཤ། ཞོ་འོ་མ། ནས་འབྲས་ཕྱེ། ཞོག་ཁོག་དང་ལ་ཕུག་སོགས་སྔོ་ཚལ་སོགས་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོག་རིགས།
སྤྱིར་བཏང་གི་ཟས།
རྒྱ་ཡིག་གི་མིང་།
藏餐
རུལ་འགོག་སྨན་རྫས་ཡོད་མེད།
མེད།
ཕྱི་ཡིག་གི་མིང་།
Tibetan cuisine
མ་བཅོས་རྒྱུ་ཆ།
རྩམ་པ། མར་དང་ཆུར། འོ་མ་དང་ཞོ། འོ་ཇ། ནོར་ལུག་གི་ཤ། ནས་འབྲས་ཕྱེ་སོགས་ཡིན།
1 ༡ བོད་ཟས་ངོ་སྤྲོད།

བོད་ཟས་ཀྱི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད།  གཙོ་བོ་ནོར་ལུག་གི་ཤ་དང་ཁུ་བ། ཤ་སྐམ། ཞོ། འོ་ཇ་དང་མར། གྲོ་ནས་སྲན་གསུམ། དབྱར་རྩྭ་སོགས་ཀྱིས་གྲུབ་པ་ཡིན། འཚོ་བཅུད་ཕུན་སུམ་ཚོགས་ཤིང་། བལྟས་ན་མདོག་ཡག་ལ་ཁ་ལ་བྲོ་བ་ཞིམ་པ་ཞིག་ཡིན།

2 ༢ བོད་ཟས་ཀྱི་མ་བཅོས་རྒྱུ་ཆ་གཙོ་བོ།

བོད་ཟས་ཀྱི་མ་བཅོས་རྒྱུ་ཆ་གཙོ་བོ་ནི་རྩམ་པ་དང་མར།  ཆུར་བ།  ཞོ་འོ་མ།  ནོར་ལུག་གི་ཤ།  གྲོ་ནས་ཕྱེ་སོགས་རིགས་ཧ་ཅང་མང་།

3 ༣ བོད་ཟས་ཀྱི་སྒྲིག་སྦྱོར།

བོད་ཟས་ཀྱི་སྒྲིག་སྦྱོར་བྱེད་སྟངས་ལ་རིགས་ཧ་ཅང་མང་། དཔེར་ན་བཙོས་བ་དང་བསྐོལ་བ། རླངས་བཙོས།  བརྔོ་བ་སོགས་ཡོད།