ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 243 ཡོད།

བོད་ཟས།

ནོར་ལུག་གི་ཤ་དང་ཁུ་བ། ཤ་སྐམ། ཞོ། འོ་ཇ་དང་མར། གྲོ་ནས་སྲན་གསུམ། དབྱར་རྩྭ་སོགས་ཀྱིས་གྲུབ་པ་ཡིན། འཚོ་བཅུད་ཕུན་སུམ་ཚོགས་ཤིང་། བལྟས་ན་མདོག་ཡག་ལ་ཁ་ལ་བྲོ་བ་ཞིམ་པ་ཞིག་ཡིན། བོད་ཟས་ཀྱི་མ་བཅོས་རྒྱུ་ཆ་གཙོ་བོ་ནི་རྩམ་པ་དང་མར། ཆུར་བ། ཞོ་འོ་མ། ནོར་ལུག་གི་ཤ། གྲོ་ནས་ཕྱེ་སོགས་རིགས་ཧ་ཅང་མང་། བོད་ཟས་ཀྱི་སྒྲིག་སྦྱོར་བྱེད་སྟངས་ལ་རིགས་ཧ་ཅང་མང

20190123

རྩམ་པའི་ཕན་ནུས།

བོད་ཟས་གཙོ་བོ་རྩམ་པ་ནི་བཟའ་བཏུང་དུ་སྤྱད་དེ་ལྟོ་བ་འགྲངས་བྱེད་གཅིག་པུ་མ་ཡིན་པར། དེ་ལ་མིའི་ཁམས་དང་བསྟུན་གཟུགས་གཞིའི་འབྱུང་ཁམས་གསོ་བ་སོགས་ཀྱི་ཕན་ནུས་ཀྱང་མི་དམན་པ་ཞིག་མངོན་སུམ་དུ་ལྡན་ཡོད། བོད་ཟས་རྩམ་པ་ནི་ཟས་རིགས་གཞན་དག་དང་བསྡུར་ན་རོ་བཅུད་ཤིན་ཏུ་ཆེ་སྟབས་བཀྲེས་ལྟོགས་སེལ་བའི་ཡུན་རིང་ཞིང་གཟུགས་གཞི་ལ་འཕྲོད་པ་མ་ཟད

20181018

གན་འགལ་གྱོད་དོན།

གན་རྒྱའི་ཁ་ཆད་དང་འགལ་ནས་མི་བཀོལ་ལས་ཁུངས་ལ་གྱོང་གུད་ཐེབས་ཚེ་འགན་གང་དག་འཁུར་དགོས་ཞེས་པའི་གྱོད་དཔེ་གཞིར་བཟུང་ནས་གྱོད་དོན་དབྱེ་ཞིབ་བྱས་ཡོད། ཚེ་རིང་ནི་ཟས་མཆོག་གླིང་བོད་ཟས་སྤྱི་གཉེར་ཁང་གི་ཇ་མ་གཙོ་ཤོས་ཡིན། ལོ་གཉིས་ཀྱི་སྔོན་དུ་ཚེ་རིང་སོགས་ན་གཞོན་ཕོ་མོ་འགའ་ཟས་མཆོག་གླིང་བོད་ཟས་སྤྱི་གཉེར་ཁང་དུ་བླངས་ཏེ་གན་རྒྱ་ལོ་བདུན་ལ་བཞག་སྟ

20190925

ལྷ་སྒྲོན།

ཁོ་མོ་སྤྱི་ལོ1975ལོའི་ཟླ4པར་སྐྱེས། མང་ཚོགས། སློབ་ཆུང་གི་རིག་གནས་ཆུ་ཚད་ལྡན། བྱང་ཐང་ཡར་འབྲོག་བོད་ཟས་ཁང་གི་འགན་འཁུར་བ་ཡིན། སྤྱི་ལོ2020ལོའི་ཟླ11པར། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་པའི་གཟི་བརྗིད་མཚན་སྙན་ཐོབ།ཁོ་མོས་རང་ངོས་ཀྱི་འབད་བརྩོན་ལ་བརྟེན་ནས་ཇ་མའི་ཐོབ་ཐང་ལག་ཁྱེར་ཐོབ་རྗེས། སྲིད་གཞུང་གི

20220922

འོ་མ་སྒོང་ཀྲིང་།

གངས་ཅན་བོད་ཟས་རིགས་ཤིག་ཡིན།འོ་མ་རྒྱ་མ1དང་། སྒོ་ང5 ཚྭ་བཅས་འོས་འཚམ་དགོས། དཀར་ཡོལ་ནང་སྒོ་ང་དང་། འོ་མ། ཚྭ་བཅས་བླུགས་ཏེ་དཀྲུག་དཀྲུག་ཡག་པོ་བཏང་ནས་མོག་ཕྲུའི་ནང་རླངས་བཙོས་རྒྱག་རྒྱུ།རྒྱ་ཡིག་གི་མིང་། 牛奶蒸蛋 རིགས་དབྱེ། དཀར་ཟས།

20160125

འོ་མའི་ཐུག་པ།

གངས་ཅན་བོད་ཟས་ལས་དཀར་ཟས་རིགས་ཤིག་ཡིན།འོ་མ་རྒྱ་མ5དང་། མར་ཁེ200 གྲོ་ཞིབ་རྒྱ་མ1 ཚྭ་བཅས་འོས་འཚམ་དགོས། གྲོ་ཞིབ་བརྫིས་ནས་ཐུག་ལྷེབ་བཟོས་ཏེ་མར་ཁུའི་ནང་བརྔོས་རྗེས་འོ་མ་དང་ཚྭ་བླུགས་ནས་མཉམ་དུ་བསྐོལ་རྒྱུ།རྒྱ་ཡིག་གི་མིང་། 牛奶粥 རིགས་དབྱེ། དཀར་ཟས།

20160125

གྲོ་མ་འབྲས་སིལ།

གངས་ཅན་བོད་ཟས་ལས་དཀར་ཟས་རིགས་ཤིག་ཡིན།གྲོ་མ་ཁེ200དང་། འབྲས་ཁེ200 མར་ཁེ100 བྱེ་མ་ཀ་ར་ཁེ50བཅས་དགོས། གྲོ་མ་དང་འབྲས་ཁག་སོ་སོ་བྱས་ནས་བཙོ་རྒྱུ། དེ་རྗེས་གྲོ་མ་དང་འབྲས་ཚ་པོའི་ནང་མར་དང་བྱེ་མ་ཀ་ར་བླུགས་ནས་མཉམ་བསྲེས་གཏོང་རྒྱུ།རྒྱ་ཡིག་གི་མིང་། 人参果饭 རིགས་དབྱེ། དཀར་ཟས

20160125

གྲོ་མ་མར་ཁུ།

གངས་ཅན་བོད་ཟས་ལས་དཀར་ཟས་རིགས་ཤིག་ཡིན།གྲོ་མ་ཁེ150དང་། ཆུར་བ་ཁེ100 མར་ཁེ100 བྱེ་མ་ཀ་ར་ཁེ50བཅས་དགོས། གྲོ་མ་བཙོས་རྗེས་མར་བཞུར་ནས་གྲོ་མ་དང་བྱེ་མ་ཀ་ར་བླུགས་ཏེ་མཉམ་བསྲེས་གཏོང་རྒྱུ། དེ་ནི་དཀར་ཟས་ཤ་མེད་ཅེས་པ་དེ་ཡིན།རྒྱ་ཡིག་གི་མིང་། 酥油人参果 རིགས་དབྱེ། དཀར་ཟས

20160125

ལ་ལ་གྲང་ཚལ།

གངས་ཅན་བོད་ཟས་ལས་དཀར་ཟས་རིགས་ཤིག་ཡིན།ལ་ལ་སོས་པ་ཁེ200དང་། ཚྭ་དང་། སུར་པན། བསོད་ནམས་དཔལ་འཛོམས་བཅས་འོས་འཚམ་དགོས། ལ་ལ་ཏི་ཀ་ལྷེབ་ལྷེབ་གཏུབས་རྗེས་ཚྭ་དང་། སུར་པན། བསོད་ནམས་དཔལ་འཛོམས་བཅས་ཀྱི་སུར་པན་དམར་ལྡུར་བཟོས་ནས་ལ་ལ་དང་མཉམ་དུ་མཆོད་རྒྱུ།རྒྱ་ཡིག་གི་མིང་། 凉拌奶酪 རིགས་དབྱེ། དཀར་ཟས

20160125

ཀོ་པི་འོ་བཙོས།

གངས་ཅན་བོད་ཟས་ལས་དཀར་ཟས་རིགས་ཤིག་ཡིན།ཀོ་པི་ཁེ100དང་། འོ་མ་རྒྱ་མ1 ཚྭ་འོས་འཚམ་བཅས་དགོས། ཀོ་པི་ཁ་ཕྲལ་ནས་གཏུབས་ཏེ་ཁུ་བ་ཞུ་རྒྱུ། དེ་རྗེས་འོ་མའི་ནང་ཀོ་པི་དང་ཚྭ་ཕྲན་བུ་བླུགས་ནས་བཙོས་ཏེ་ཁུ་བ་མཉམ་དུ་མཆོད་ན་རོ་བཅུད་ཤིན་ཏུ་ཆེ།རྒྱ་ཡིག་གི་མིང་། 牛奶烧花菜 རིགས་དབྱེ། དཀར་ཟས

20160125