གཏུགསྔ་མའི་པར་གཞི་དེ རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ།  ནས 2016-04-11 16:07ལ་འགྲུབ།

གཏུག

ཕན་ཚུན་ཐུག་ཏུ་འཇུག་པའི་དོན།
1 ལོ་ཙཱ།

རྒྱ་ཡིག 碰头,抵达

དབྱིན་ཡིག to reach, to bring before the(law)

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  (བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་ད་ལྟ་བ)①ཕན་ཚུན་ཐུག་ཏུ་འཇུག་པའི་དོན་ཏེ། བྱ་སྒོང་རྡོ་ལ་མ་གཏུག ཁུ་ཚུར་གཏུག་མཁན་ཞེས་པ་ལྟ་བུ། 【གཏུགས】ནི་འདས་པ་དང་སྐུལ་ཚིག་སྟེ། ཁུ་ཚུར་གཏུགས་ནས་རྩེད་མོ་རྩེ། ཁུ་ཚུར་གཏུགས་ཤིག་ལྟ་བུ། ②སླེབ་པའི་དོན་ཏེ། པེ་ཅིན་ལ་གཏུགས། མཐའ་ལ་གཏུགས་ལྟ་བུ། ③ཕན་ཚུན་འཕྲད་དུ་འཇུག་པའི་དོན་ཏེ། ངོ་གཏུག་དགོས། ངོ་གཏུགས་ནས་བསམ་འཆར་བཤད། དཔུང་བ་གཏུགས་ནས་དགྲ་ལ་འཐབ་ལྟ་བུ། ④འབྱུང་ས་འབྱུང་ཁུངས་འཚོལ་བའི་དོན་ཏེ། ཏང་གི་སྲིད་ཇུས་ཐམས་ཅད་མར་ལེ་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ལ་ཁུངས་གཏུགས་པ་ཡིན། ཁུངས་གཏུག་དགོས། སྲིད་ཇུས་ཀྱི་ཁུངས་གཏུག་ས་ཞེས་པ་ལྟ་བུ། ⑤གྱོད་གཞི་གོང་རིམ་མམ་རྒྱལ་ཁབ་ཀྱི་ལས་ཁུངས་ལ་ཐག་གཅོད་པར་ཞུ་བའི་དོན་ཏེ། ཉེས་ཅན་ཁྲིམས་ཁང་ལ་གཏུགས། ཁྲིམས་ཁང་ལ་གཏུགས་པའི་གྱོད། ཁྲིམས་ཁང་ལ་གཏུག་དགོས་ལྟ་བུ། ⑥འཐབ་ཏུ་བཅུག་པའི་དོན་ཏེ། དམག་གཏུགས། དགྲ་ལ་གཏུགས་ལྟ་བུ།

2.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  ཕན་ཚུན་ཐུག་ཏུ་འཇུག་པའི་དོན་ཏེ།    བྱ་སྒོང་རྡོ་ལ་མ་གཏུག  ཁུ་ཚུར་གཏུག་མཁན་ཞེས་པ་ལྟ་བུ།