གཏམ།སྔ་མའི་པར་གཞི་དེ རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ།  ནས 2016-04-11 11:38ལ་འགྲུབ།

གཏམ།

སྐད་ཆའི་མིང་།
1 ལོ་ཙཱ།

རྒྱ་ཡིག 话,言语

དབྱིན་ཡིག speech, talk, tales

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  1.①སྐད་ཆའི་མིང་སྟེ། གཏམ་བཤད། གཏམ་སྙན་ཞེས་པ་ལྟ་བུ། ②རྩོམ་གྱི་འབྲི་ཚུལ་གཏམ་དང་བརྗོད་པ་གཉིས་སུ་ཕྱེ་བའི་གཏམ་གྱི་མིང་། 2.(བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་ད་ལྟ་བ)①བཅོལ་བ་དང་གདམས་པའི་དོན་ཏེ། གྲོགས་སུ་གཏམ་དགོས། ལས་ཀ་ལས་རོགས་གཏམ་དགོས་ལྟ་བུ། 【གཏམས】ནི་འདས་པ་སྟེ། ལས་རོགས་གཏམས་ནས་རྩིག་པ་བརྒྱབ་ལྟ་བུ། སྐུལ་ཚིག་ལ་ཐོམས་འབྲི་བའང་ཡོད། ②བཤད་པ་དང་བརྗོད་པའི་དོན་ཏེ། རྫུན་མ་གཏམ། ཚོང་ཟོང་གི་རིན་གོང་གཏམས་ནས་ཉོས་ལྟ་བུ། སྐུལ་ཚིག་ལ་གཏོམས་ཟེར་བའང་ཡོད།

2.བརྡ་དག་མིང་ཚིག་གསལ་བ་ལས།  ངག་སྟེ་ཚིག་དུ་མ་འདུས་པ། 语,话(包括多数句子)。【增】 ﹦ཚིགས་ལྟ་བུ或 མོལ། 1.会话,言谈。2.消息,报告。3.谣言。﹝达﹞故事。﹝高﹞

3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  ①བརྗོད་པའམ་སྐད་ཆ།  སྙིང་གཏམ།  གསང་གཏམ།  བླུན་གཏམ། ཚོགས་གཏམ།    དཔྱད་གཏམ།  གཏམ་སྔོག་པ།  གཞན་གྱི་གཏམ་ལ་རྣ་བ་གཏད་དེ་ཉོན། བུ་སྐྱེས་པ་ལ་མིང་།    ཆང་དྲངས་པ་ལ་གཏམ། མི་རྣམས་ཐམས་ཅད་ཕྱུག་པོའི་བུ་ལ་དགའ། གཏམ་རྣམས་ཐམས་ཅད་འདོད་པའི་ཕྱོགས་སུ་འགྲོ། ཕོ་རོག་ཤ་ཁྱེར་ལུང་པའི་ཕུ་དང་།  སྤྲང་པོ་གཏམ་ཁྱེར་ལུང་པའི་མདའ། ②〔ཐ་དད་པ〕དངོས་པོ་གཞན་ལ་བཅོལ་བའི་དོན།    ངས་ཨ་ཞང་ཚང་ལ་རྟ་དང་གཡག་ཚང་མ་གཏམ་ཡོད། སྒོར་མོ་ཚང་མ་དངུལ་ཁང་ནང་ལ་གཏམ་ཡོད།  ང་ཕྱི་རྒྱལ་ལ་འགྲོ་དུས་མེ་ཏོག་འདི་རྣམས་ཁྱིམ་མཚེས་ཚང་ལ་གཏམ་དགོས་དྲན་ཞིང་ཡོད།  ལྟ་བུའོ།།   ཞེས་སོ།།