ཆུར་རྐྱལ་འགྲན་སྡུར།སྔ་མའི་པར་གཞི་དེ ཨ་རྡོ  ནས 2016-01-13 14:43ལ་འགྲུབ།

ཆུར་རྐྱལ་འགྲན་སྡུར།

ཆུར་རྐྱལ་འགྲན་སྡུར།
ཆུར་རྐྱལ་ནི་ཆུའི་ནང་དུ་རྐང་ལག་གཡབ་པ་སོགས་ཀྱིས་འགྲོ་བ་སྟེ། ལུས་ཀྱི་རྐང་ལག་གི་འགུལ་སྐྱོད་ལ་བརྟེན་ནས་མདུན་དུ་བསྐྱོད་པའི་རྩལ་ནུས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
游泳
ཕྱི་ཡིག་གི་མིང་།
Swimming
1 ངོ་སྤྲོད།

ཆུར་རྐྱལ་ནི་ཆུའི་ནང་དུ་རྐང་ལག་གཡབ་པ་སོགས་ཀྱིས་འགྲོ་བ་སྟེ། ལུས་ཀྱི་རྐང་ལག་གི་འགུལ་སྐྱོད་ལ་བརྟེན་ནས་མདུན་དུ་བསྐྱོད་པའི་རྩལ་ནུས་ཤིག་ཡིན། དེར་རྩལ་འགྲན་ཆུར་རྐྱལ་དང་ཉེར་སྤྱོད་ཆུར་རྐྱལ་གཉིས་སུ་དབྱེ་ཞིང་། རྩལ་འགྲན་ཆུར་རྐྱལ་ནི་ཨོ་རྩལ་འགྲན་ཚོགས་ཁྲོད་ཀྱི་རྣམ་གྲངས་ཆེ་ཁག་གཉིས་པ་ཡིན་ལ། དེར་ཕྱེ་ལེབ་ཆུར་རྐྱལ་དང་གན་རྐྱལ། སྦལ་རྐྱལ། རང་མོས་ཆུར་རྐྱལ་བཅས་སྣ་བཞི་དང་གར་སྟབས་ཆུར་རྐྱལ་སོགས་ཡོད།

2 འཕེལ་རིམ།

སྤྱི་ལོ1896ལོའི་ཨོ་རྩལ་འགྲན་ཚོགས་སྐབས་དང་པོ་ནས་ཆུར་རྐྱལ་འགྲན་སྡུར་དེ་ལུས་རྩལ་རྣམ་གྲངས་སུ་བཞག་ཅིང་། རྒྱལ་སྤྱིའི་ཆུར་རྐྱལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འགན་ནི་ཨོ་རྩལ་འགྲན་ཚོགས་དང་རྒྱལ་ཁབ་གཞན་པའི་འགྲན་སྡུར་ཁྲོད་ཆུར་རྐྱལ་དང་ཆུར་མཆོང་། ཆུ་རྩེད་སྤོ་ལོ། གར་སྟབས་ཆུར་རྐྱལ་གྱི་སྒྲིག་ལམ་ལྟར། འཛམ་གླིང་གི་ཟིན་ཐོ་བསྐྲུན་པར་ཞིབ་བཤེར་ངོས་འཛིན་དང་ཨོ་རྩལ་འགྲན་ཚོགས་ཁྲོད་ཀྱི་ཆུར་རྐྱལ་འགྲན་སྡུར་མཛུབ་སྟོན་གནང་རྒྱུ་དེའོ། །

3 འགྲན་ཞུགས་རྣམ་གྲངས།

ཨོ་རྩལ་འགྲན་ཚོགས་ཀྱི་ཆུར་རྐྱལ་འགྲན་སྡུར་རྣམ་གྲངས་ལ། སྐྱེས་པ་དང་སྐྱེས་མའི་འགྲན་ཞུགས་རྣམ་གྲངས་དགར་ཡོད་ལ།

3_1 སྐྱེས་པའི་ཆུར་རྐྱལ།

སྨི50རང་མོས་ཆུར་རྐྱལ། སྨི100རང་མོས་ཆུར་རྐྱལ། སྨི200རང་མོས་ཆུར་རྐྱལ། སྨི400རང་མོས་ཆུར་རྐྱལ།  སྨི1500རང་མོས་ཆུར་རྐྱལ། སྨི100གན་རྐྱལ། སྨི200གན་རྐྱལ། སྨི100སྦལ་རྐྱལ། སྨི200སྦལ་རྐྱལ། སྨི100ཕྱེ་ལེབ་ཆུར་རྐྱལ། སྨི200ཕྱེ་ལེབ་ཆུར་རྐྱལ།  སྨི200མཉམ་བསྲེས་ཆུར་རྐྱལ།  4×སྨི100མཐུད་རྒྱུག་རང་མོས་ཆུར་རྐྱལ།  4×སྨི200མཐུད་རྒྱུག་རང་མོས་ཆུར་རྐྱལ།  4×སྨི100མཐུད་རྒྱུག་མཉམ་བསྲེས་ཆུར་རྐྱལ།  སྤྱི་ལེ10མ་ལ་སུང་ཆུར་རྐྱལ།    ཆུར་མཆོང་།  སྨི3ཅན་གྱི་མཆོང་པང་།  སྨི10ཅན་གྱི་མཆོང་སྟེགས།  མི་གཉིས་སྨི3ཅན་གྱི་མཆོང་པང་།  མི་གཅིག་སྨི10ཅན་གྱི་མཆོང་སྟེགས། 

3_2 སྐྱེས་མའི་ཆུར་རྐྱལ།

སྨི50རང་མོས་ཆུར་རྐྱལ། སྨི100རང་མོས་ཆུར་རྐྱལ། སྨི200རང་མོས་ཆུར་རྐྱལ། སྨི400རང་མོས་ཆུར་རྐྱལ།  སྨི800རང་མོས་ཆུར་རྐྱལ། སྨི100གན་རྐྱལ། སྨི200གན་རྐྱལ། སྨི100སྦལ་རྐྱལ། སྨི200སྦལ་རྐྱལ། སྨི100ཕྱེ་ལེབ་ཆུར་རྐྱལ། སྨི200ཕྱེ་ལེབ་ཆུར་རྐྱལ།  སྨི200མཉམ་བསྲེས་ཆུར་རྐྱལ། སྨི400མཉམ་བསྲེས་ཆུར་རྐྱལ། 4×སྨི100མཐུད་རྒྱུག་རང་མོས་ཆུར་རྐྱལ།  4×སྨི200མཐུད་རྒྱུག་རང་མོས་ཆུར་རྐྱལ།  4×སྨི100མཐུད་རྒྱུག་མཉམ་བསྲེས་ཆུར་རྐྱལ།


དཔྱད་གཞིའི་ཡིག་ཆ།