བན།སྔ་མའི་པར་གཞི་དེ བྱ་མདོ་ཀླུ་མོ་མཚོ།  ནས 2017-06-22 09:28ལ་འགྲུབ།

བན།

༡ ཆུ་འཇོག་བྱེད་ཀྱི་སྣོད་ཁ་དོག་ལ་ལྟོ་བ་ཆེ་བའི་རིགས་ཀྱི་སྤྱི་མིང་། ༢ བན་དེ་ལ་ལྟོས།
1 ལོ་ཙཱ།

རྒྱ་ཡིག 雾气,器皿名

དབྱིན་ཡིག a jug or pot (usu. for beer)

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ①ཆུ་འཇོག་བྱེད་ཀྱི་སྣོད་ཁ་དོག་ལ་ལྟོ་བ་ཆེ་བའི་རིགས་ཀྱི་སྤྱི་མིང་སྟེ། ཆུ་བན་ཞེས་པ་ལྟ་བུ། ②བན་དེ་ལ་ལྟོས།

2.བརྡ་དག་མིང་ཚིག་གསལ་བ་ལས།Ⅰ.ཆར་པའི་སྨུགས་པ་ལྟ་བུ།  雾气,如降雨之雾气。Ⅱ. སྣོད་ཀྱི་མིང་རྒྱ་ནག་སྐད་ནས་བྱུང་།   器皿名,即汉语之瓶。

3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  ①བེན་དང་འདྲ།  ②བན་དེའི་བསྡུས་མིང་།

4.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  [1]བེན་དང་འདྲ། [2]བན་དེའི་བསྡུས་མིང༌།