བག་ཡངས།སྔ་མའི་པར་གཞི་དེ བྱ་མདོ་ཀླུ་མོ་མཚོ།  ནས 2017-02-22 17:50ལ་འགྲུབ།

བག་ཡངས།

ཁོམ་ལོང་ངམ་དོགས་ཟོན་མེད་པའི་དོན།
1 ​ལོ་ཙཱ།

རྒྱ་ཡིག 悠闲,舒畅

དབྱིན་ཡིག free(in thinking), open-minded( in thought and action)

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ཁོམ་ལོང་ངམ་དོགས་ཟོན་མེད་པའི་དོན་ཏེ། བག་ཡངས་མ་བྱེད་ངལ་རྩོལ་གྱིས་ལྟ་བུ།

2.བརྡ་དག་མིང་ཚིག་གསལ་བ་ལས།  ལྷོད་ལྷོད་སེམས་གུ་དོག་མ་ཡིན་པ།  松缓,安闲,心宽畅。【增】1.打击。2.勇猛,大胆。﹝达﹞(同)བག་རྐྱོང་།

3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  བློ་གུ་ཡངས་པ།

4.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།   བློ་གུ་ཡངས་པ། 悠闲,舒畅,心情宽绰。

5.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  རྒྱན་ཚིག   ཁོམ་ལོང་ངམ། སེམས་དྲན་ཤེས་མེད་པའི་རྣམ་པ་སྟེ། དཔེར་ན། སློབ་སྦྱོང་སྐབས་སུ་བག་ཡངས་མ་བྱེད། བག་ཡངས་ཀྱི་སྤྱོད་པ་ལྟ་བུ།