བག་ཆགས།སྔ་མའི་པར་གཞི་དེ བྱ་མདོ་ཀླུ་མོ་མཚོ།  ནས 2017-02-22 17:50ལ་འགྲུབ།

བག་ཆགས།

༡ གོམས་པ། ༢ སེམས་སྟེང་དུ་བཞག་པའི་ནུས་པ། ༣ བྱ་བ་བཟང་ངན་གྱི་ཤུགས་རྐྱེན་ནམ་ཤན་གྱི་དོན།
1 ལོ་ཙཱ།

རྒྱ་ཡིག 习气,影响

དབྱིན་ཡིག 1.effect, consequence 2.good luck

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  1.མངོན་དུ་མ་གྱུར་བའི་སྐྱེ་སྟོབས་ཀྱི་ནུས་པའམ་རང་གཤིས་ཀྱི་མིང་སྟེ། ཞི་ལའི་ཕྲུ་གུ་ལ་ཙི་གུ་གསོད་པའི་བག་ཆགས་ཡོད་ལྟ་བུ། 2.བློ་དང་རིག་པ་མངོན་དུ་མ་གྱུར་གོང་གི་ས་བོན་ལྟ་བུ་ཞིག་ཡོད་པར་བཤད་པའི་སངས་རྒྱས་ཆོས་ལུགས་ཀྱི་བཤད་ཚུལ།

2.བརྡ་དག་མིང་ཚིག་གསལ་བ་ལས།  ཚེ་སྔ་མའི་བག་ཆགས་ཤར་བ་ལྟ་བུ།  习气,熏气(佛),如前生习气现前。【增】习惯,倾向,嗜好。﹝达﹞

3.དུང་དཀར་ཚིག་མཛོད་ཆེན་མོ་ལས།  སྤྱིར་གྲུབ་མཐའ་ཐུན་མོང་བའི་གསུང་ཚུལ་བྱས་ན། དཔེར་ན། བུམ་འཛིན་ཡིད་ཀྱི་ཤེས་པས་བུམ་པ་རྟོགས་རྗེས་སུ་ཤེས་པ་ཁོ་རང་འགག་ཀྱང་སེམས་སྟེང་དུ་བུམ་པ་དྲན་པའི་དྲན་ཤེས་སྐྱེད་པའི་ནུས་པ་ཞིག་ཡོད་པ་དེ་ལ་བག་ཆགས་ཟེར་ཞིང༌། སེམས་ཙམ་པའི་ལུགས་སུ། བག་ཆགས་བགོ་བྱེད་རྣམ་ཤེས་ཚོགས་བདུན་པོ་གང་རུང་གིས་བགོ་གཞི་ཀུན་གཞི་རྣམ་ཤེས་ཀྱི་སྟེང་དུ། ཕྱིས་བགོ་བྱེད་ཀྱི་ཆོས་དེ་འགག་ཀྱང་དེའི་རིགས་འདྲའམ་འབྲས་བུ་སྐྱེད་ནུས་པའི་ལག་རྗེས་ཀྱི་རྒྱུན་དེ་ལ་བག་ཆགས་ཞེས་བརྗོད་པ་ཡིན།

4.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  [1]ནང་སེམས་ཀྱིས་ཕྱི་ཡུལ་བཟང་ངན་བར་མ་སྣ་ཚོགས་ལ་གོམས་པ་སོང་བའི་ནུས་པ་བག་ལ་ཉལ་རྣམ་ཤེས་ཀྱི་སྟེང་ན་འགོས་ཡོད་པའི་ཆའོ། ། 习气,习惯。内心对种种善、不善、处中之外境,长期惯习之气隐存沾染于心识之上者:བག་ཆགས་ངན་པ་འཐུག་པོ་ཞིག་བསྡད་འདུག 染上了很深的不良习气。[2]བྱ་བ་བཟང་ངན་གྱི་ཤུགས་རྐྱེན་ནམ་ཤན། 影响,后果:ད་རེས་ཀྱི་འཐབ་འཛིང་ནང་དུ་ཁོང་གིས་བག་ཆགས་བཟང་པོ་བཞག་སོང༌། 在这一次斗争里,他干得很出色。ལས་ཀར་སླ་བཅོས་བྱས་ན་བག་ཆགས་ངན་པ་བཞག་ཡོང༌། 工作草率,会留下不良后果。

5.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།   མིང་ཚིག 1  ཆོས་ལུགས། གོམས་པའི་དོན་ཏེ། འདུལ་བ་གཞིི་རྒྱ་ཆེར་འགྲེལ་ལས། བག་ཆགས་ཞེས་བྱ་བ་ནི་གོམས་པའོ། །ཞེས་གསུངས་པ་ལྟར་རོ། །  དཔེར་ན། སྔོན་གྱི་བག་ཆགས་བཟང་པོ་ལྟ་བུ། 2 སེམས་སྟེང་དུ་བཞག་པའི་ནུས་པ། སྒྲ་བཤད་ནི། མི་མངོན་པར་བག་ལ་ཞ་བའི་ཚུལ་གྱིས་ཆགས་པའམ་གནས་པས་ན་དེ་སྐད་ཅེས་བྱ་བའམ། ཡང་ན་ཤུལ་དུ་ཆགས་པས་ན་བག་ཆགས་སོ། ། དཔེར་ན། ལས་དངོས་སུ་མེད་ཀྱང་ལས་ཀྱི་ཤུལ་དུ་ཆགས་པའི་ནུས་པ་ལ་ལས་ཀྱི་བག་ཆགས་ཞེས་པ་ལྟ་བུ། 3 བྱ་བ་བཟང་ངན་གྱི་ཤུགས་རྐྱེན་ནམ་ཤན་གྱི་དོན་ཏེ། དཔེར་ན། ད་རེས་ཁོང་ལ་བག་ཆགས་ཡག་པོ་ཞིག་འཇོག་དགོས་ལྟ་བུ།