སྡོད་གནས་བཟོ་སྐྲུན་གྱི་རྟེན་གཞིའི་རྒྱ་ཁྱོན།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2024-07-25 14:54ལ་འགྲུབ།

སྡོད་གནས་བཟོ་སྐྲུན་གྱི་རྟེན་གཞིའི་རྒྱ་ཁྱོན།

སྡོད་གནས་བཟོ་སྐྲུན་གྱི་རྟེན་གཞིའི་རྒྱ་ཁྱོན་དང་སྡོད་གནས་བཟོ་སྐྲུན་ལ་སྤྱོད་པའི་ས་ཆའི་རྒྱ་ཁྱོན་བར་གྱི་བསྡུར་ཚད་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
居住建筑密度
ཕྱི་ཡིག་གི་མིང་།
Residential floor area
ཁོངས་གཏོགས་རིག་ཚན།
བཟོ་སྐྲུན་རིག་པ།
1 སྤྱི་འགྲོས།

སྡོད་གནས་བཟོ་སྐྲུན་སྟུག་ཚད་ཀྱི་སྤྱི་འགྲོས་ནི།

སྡོད་གནས་བཟོ་སྐྲུན་གྱི་སྟུག་ཚད=སྡོད་གནས་བཟོ་སྐྲུན་གྱི་རྨང་མཐིལ་རྒྱ་ཁྱོན/སྡོད་གནས་བཟོ་སྐྲུན་ལ་སྤྱོད་པའི་རྒྱ་ཁྱོན།*100%

2 བླང་བྱ།

སྡོད་གནས་བཟོ་སྐྲུན་གྱི་སྟུག་ཚད་ནི་གཙོ་བོ་ཁང་པའི་བཀོད་སྒྲིག་གི་གནམ་གཤིས་དང་། མེ་འགོག ཡོམ་འགོགས་དབྱིབས་ཆ་རྐྱེན། སྒོ་རའི་བཀོལ་སྤྱོད་སོགས་ཀྱི་བླང་བྱ་ལ་རག་ལས་ཡོད། དེར་བརྟེན། སྡོད་གནས་བཟོ་སྐྲུན་གྱི་སྟུག་ཚད་ནི་ཁང་བའི་བར་ཐག་དང་། བཟོ་སྐྲུན་གྱི་བང་རིམ་གྲངས། བང་རིམ་མཐོ་ཚད། ཁང་བའི་སྟར་སྒྲིག་རྣམ་པ་སོགས་ལ་འབྲེལ་བ་ཡོད། ཆ་རྐྱེན་གཅིག་མཚུངས་ཀྱི་འོག་ཏུ། སྤྱིར་བཏང་གི་སྡོད་ཁང་གི་རིམ་གྲངས་ཇི་ལྟར་མཐོ་ན་སྡོད་ཁང་གི་སྟུག་ཚད་དེ་ལྟར་དམའ་བ་ཡིན།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སྡོད་གནས། བཟོ་སྐྲུན། སྟུག་ཚད།