ཨན་གི་ཆུ་འཁོར།སྔ་མའི་པར་གཞི་དེ མིང་གསང་KFFR35816  ནས 2023-08-17 09:25ལ་འགྲུབ།

ཨན་གི་ཆུ་འཁོར།

རྡོ་སྦིས་བྱང་ཤར་ཁྲ་མདོང་རི་བོ་ནས་འབབ་ཅིང་ཨན་གི་འགག་འཕྲང་བརྒྱུད་ནས་ཐུར་དུ་ཞོད། ནང་གསེས་སུ་དགོ་རུ་ཆུ་འཁོར། འབྲོང་ཆུ་འཁོར། རྟ་ལམ་ཆུ་འཁོར་སོགས་ཡོད། འབྲོང་ཆུ་འཁོར་ནི་འབྲོང་བ་ལུང་བ་ནས་སྡེ་འདབས་བར་རིང་ཚད་ལ་སྤྱི་ལེ་དགུ་ཙམ་ཡོད་པ་དང་། རྟ་ལམ་ཆུ་འཁོར་ནི་རྩེ་ནས་ལུང་བ་བརྒྱུད་ནས་སྡེ་འདབས་བར་རིང་ཚད་ལ་སྤྱི་ལེ་བརྒྱད་ཙམ་ཡོད། རྒོ་རི་ཆུ་འཁོར་ན་མིག་དང་ཕོ་བ་ལ་ཕན་པའི་སྨན་ཆུ་ཡོད་ལ། གདོན་རྐྱེན་དང་གནོད་རྐྱེན་ཡང་སེལ་བར་གྲགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
安岗瀑布
གནས་ཡུལ།
རྡོ་སྦིས་ཡུལ་ཚོ།
1 ངོ་སྤྲོད་མདོར་བསྡུས།

རྡོ་སྦིས་བྱང་ཤར་ཁྲ་མདོང་རི་བོ་ནས་འབབ་ཅིང་ཨན་གི་འགག་འཕྲང་བརྒྱུད་ནས་ཐུར་དུ་ཞོད། ནང་གསེས་སུ་དགོ་རུ་ཆུ་འཁོར། འབྲོང་ཆུ་འཁོར། རྟ་ལམ་ཆུ་འཁོར་སོགས་ཡོད། འབྲོང་ཆུ་འཁོར་ནི་འབྲོང་བ་ལུང་བ་ནས་སྡེ་འདབས་བར་རིང་ཚད་ལ་སྤྱི་ལེ་དགུ་ཙམ་ཡོད་པ་དང་། རྟ་ལམ་ཆུ་འཁོར་ནི་རྩེ་ནས་ལུང་བ་བརྒྱུད་ནས་སྡེ་འདབས་བར་རིང་ཚད་ལ་སྤྱི་ལེ་བརྒྱད་ཙམ་ཡོད། རྒོ་རི་ཆུ་འཁོར་ན་མིག་དང་ཕོ་བ་ལ་ཕན་པའི་སྨན་ཆུ་ཡོད་ལ། གདོན་རྐྱེན་དང་གནོད་རྐྱེན་ཡང་སེལ་བར་གྲགས། ལོ་རེའི་བོད་ཟླ་དྲུག་པའི་ཚེས་དྲུག་ཉིན་མི་རྣམས་ཆུ་འཁོར་འོག་ལ་འཛུལ་ནས་སྨན་ཆུ་ལེན། ཆུ་འཁོར་ལུང་བའི་རི་སྐེད་དུ་སྒྲུབ་ཕུག་དང་དགོན་ཤུལ་ཞིག་ཡོད་ལ། དགོན་ཤུལ་དེ་ཨན་གི་དགོན་ཤུལ་ཡིན་པར་བཤད།

བརྡ་འགྲེལ་གདོང་འཛར།

ཡ་རྫི། རྡོ་སྦིས། ཨན་གི་ཆུ་འཁོར།