ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 159 ཡོད།

རྡོ་སྦིས་ནང་སོ།

འགྲོ་མགོན་འཕགས་པའི་བཀའ་བཞིན་ཡུལ་རེབ་གོང་དུ་གཞི་བཟུང་བའི་ཡང་ཚ་རོང་ཆེན་མདོ་སྡེ་འབུམ་གྱི་གདུང་རྒྱུད་ལས་བུ་ཞིག་འདི་གར་མངགས་ཏེ་ས་བཟུང་བས་ནང་སོ་འདི་བྱུང་། སྐབས་དེའི་རྡོ་སྦིས་ཡུལ་གྱི་ཆོས་སྲིད་སྐྱོང་མཁན་བླ་དཔོན་ཡིན། དེ་ལ་རོང་བོ་ཡར་ནང་མར་ནང་གཉིས་དང་རྡོ་སྦིས་ནང་སོ་གསུམ་ཟེར་བ་དང་ལོ་རྒྱུས་དུས་མཉམ་ཡིན། རྡོ་སྦིས་ནང་སོ་ཐོག་མ་སེང་གེ་རྣམ་རྒྱལ

20230713

རྡོ་སྦིས་གཞུང་ཆུ།

ཆུ་མགོ་དར་རྒྱལ་རི་འདབས་ནས་ཐོན་ཅིང་། རྡོ་སྦིས་ཁོག་གི་ཆུ་ཕྲན་དང་ཆུ་མིག་མང་ཤོས་འདིའི་ནང་དུ་འབབ་ཀྱིན་ཡོད། ལོ་ཧྲིལ་བོར་ཆེ་ཆུང་རན་ཙམ་ཡོད་པ་དང་དབྱར་དུས་ཆར་ཆུ་མོད་དུས་ཆུ་ཅུང་རྒྱས། རྡོ་སྦིས་གཞུང་གི་སྡེ་བ་མང་ཤོས་ཀྱི་ཞིང་སའི་ནང་ཆུ་འདི་འདྲེན་གྱིན་ཡོད།ཆུ་མགོ་དར་རྒྱལ་རི་འདབས་ནས་ཐོན་ཅིང་། རྡོ་སྦིས་ཁོག་གི་ཆུ་ཕྲན་དང་ཆུ་མིག་མང་ཤོས

20230810

རྡོ་སྦིས་བོད་རིགས་ཡུལ་ཚོ།

ཞིག་ཡིན་ལ། ཡུལ་གྲུ་འདིའི་མིང་ཐོགས་ཚུལ་ལ་ངག་རྒྱུན་ལྟར་ན་ཡུལ་འདིའི་སྟོད་སྨད་བར་གསུམ་དུ་རྡོ་ཕ་བོང་ཆེ་ཆུང་ཁང་བ་དང་འདྲ་བ་བཞི་ཡོད་པ་ལས་ཉིན་པ་སྡེ་བའི་གཞོངས་དཀྱིལ་དུ་རྡོ་སྦིས་དཀར་ཞེས་ཡོད་པ་དེ་ལ་བརྟེན་ནས་རྡོ་སྦིས་ཞེས་ཐོགས་པར་བཤད། རྡོ་སྦིས་ས་ཆ་འདི་མཚོ་སྔོན་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་ས་མཚམས་དང་འདྲེས་ཡོད། རྫོང་གི་ཤར་ལྷོའི

20230721

རྡོ་སྦིས་གཏིང་སྡེ་བ།

ཞིག་ཡིན། གྲོང་རྡལ་སྲིད་གཞུང་ནས་ནུབ་ཕྱོགས་སུ་སྤྱི་ལེ3ཙམ་གྱི་ས་ན་ཆགས་ཡོད། ཁྱིམ་ཚང39དང་མི་གྲངས219ཡོད་ལ། སྡེ་བ་འདི་ནི་སྔོན་ཆད་བོད་སྡེ་ཆེན་པོ་ཞིག་ཡིན། རྡོ་སྦིས་ཀྱི་འདབས་ཕྱོགས་སམ་གཏིང་དུ་གནས་པས་མིང་དེ་ལྟར་འབོད། དུས་རབས་སྔ་མའི་སྟོད་དུ་ཟ་ལར་རིགས་མང་པོ་ཕྱོགས་སོ་སོ་ནས་ས་འདིར་རུ་སྤར་བ་ཇེ་མང་ནས་ཇེ་མང་ལ་སོང་བས་བོད་མི་རྣམས་འདུག

20230515

རྡོ་སྦིས་ཕ་བོང་དུས་ཆེན།

རྡོ་སྦིས་ཕ་བོང་དུས་ཆེན་ནི་མདོ་སྔགས་རིག་གནས་ཀུན་ལ་གཞན་དྲིང་མི་འཇོག་པའི་མཁས་པའི་ཁྱུ་མཆོག་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོའི་འཁྲུངས་ཡུལ་རྡོ་སྦིས་ས་ཆ་རུ་ལུང་ཁོག་དེའི་སྟོད་པ་ཁག་གསུམ་དང་བྱེ་བྲག་ཏུ་ཧོར་རོང་པོ་སྡེ་བ་ནས་ལོ་རེ་རེའི་ཧོར་ཟླ་ལྔ་བའི་ཚེས་དགུ་ཉིན་ལྷ་སའི་འོང་སྐོར་དུས་ཆེན་དང་ཆ་འདྲ་བར་རོལ་བའི་དུས་ཆེན་ཁྱད་པར་བ་ཞིག་ཡིན

20151230

རྡོ་སྦིས་སྤྱི་མཐུན་ལབ་ཙེ་ཆེན་མོ།

བླ་བྲང་གུང་ཐང་རིན་པོ་ཆེ་སྐུ་དངོས་ཕེབས་ཀྱིས་གཞི་བདག་གསུམ་གྱི་ལབ་ཙེ་གཅིག་ཏུ་བསྟད་པ་དང་བསང་མཆོད་ཀྱང་བརྩམས། དེ་ནས་བཟུང་ལོ་རེའི་ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་ལ་རྡོ་སྦིས་ལྷ་ཆེན་མཐུ་བོ་ཆེ་གསུམ་གྱི་སྤྱི་མདའ་བསྟོད།རྒྱ་ཡིག་གི་མིང་། 道帏拉则 ཁོངས་གཏོགས་ས་ཁུལ། མཚོ་སྔོན་ཞིང་ཆེན་མཚོ་ཤར་ཁུལ་ཞོན་ཧྭ་རྫོང

20230425

རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ།

ལྷ་རམས་པ་དགེ་བཤེས་རྗེ་བཙུན་ཤེས་རབ་རྒྱ་མཚོ་ནི། མདོ་སྨད་རྡོ་སྦིས་གསེར་མོ་ལྗོངས་ཞེས་པའི་ཡུལ་གྱི་ཁོངས་གཏོགས་ཧོར་གྲོ་བ་ཞེས་པའི་གྲོང་སྡེར་ཡབ་ལྷ་ལུང་སྐྱབས་དང་། ཡུམ་ལྷ་ལུང་སྐྱིད་ཅེས་པ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བའི་ཤིང་སྤྲེལ་ལོ་སྟེ་སྤྱི་ལོ1884ལོར་སྐུ་འཁྲུངས། ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་དང་འབྲས་སྤུངས་སྒོ་མང་གྲྭ་ཚང

20180411

རྡོ་སྦིས་མཆོད་རྟེན་རང་བྱོན།

ནང་ཚན་ཤ་སྟག་ཡིན་ཞེས་བཤད་ཚུལ་ཡོད། 《མདོ་སྨད་ཆོས་འབྱུང》དུ་སྔ་དུས་གྲུབ་ཆེན་བརྒྱད་ཅུས་བཞེངས་པ་དང་། ཡང་གནའ་དུས་ཀྱི་རྒན་པོའི་ངག་རྒྱུན་དུ་དགྲ་བཅོམ་པ་ལྔ་བརྒྱས་ཞག་གཅིག་ལ་ས་སྤུངས་མཛད་ནས་བཞེངས་ཞེས་བཤད་སྲོལ་སོགས་ཡོད།རྒྱ་ཡིག་གི་མིང་། 安多天然佛塔 གནས་ཡུལ། མཚོ་སྔོན་ཞིང་ཆེན་མཚོ་ཤར་ཁུལ་ཞོན་ཧྭ་རྫོང་རྡོ་སྦིས་བོད་རིགས་ཡུལ་ཚོ

20230713

རྡོ་སྦིས་གྲྭ་ཚང་དགའ་ལྡན་འཕེལ་རྒྱས་གླིང་།

རྡོ་སྦིས་གྲྭ་ཚང་ནི་ཨ་མྱེས་སྟག་མགོའི་གཤམ་དུ་གནས་ཡོད་ཅིང་། ཡུལ་འདིའི་སེར་སྐྱ་ཐུན་མོང་དང་དགོན་མ་ལག་བཅུ་གསུམ་མམ་བཅུ་གཅིག་གི་མ་དགོན་ཡིན། ཆོས་སྡེ་འདི་ཐོག་མར་འདེབས་པ་པོ་ནི་རོང་བོ་བླ་མ་བསམ་གཏན་རིན་ཆེན་ཡིན་པར་བཤད། དེ་མ་ཡིན་པའི་བཤད་ཚུལ་གཞན་ཡང་ཡོད། ཆོས་སྡེ་འདིའི་ཐོག་མའི་གྲུབ་མཐའ་ས་སྐྱ་ཡིན་པར་བཤད། རྗེས་སུ་རོང་བོ་ཁྲི་བ་བློ་བཟང

20230625

རྡོ་སྦིས་ལྷ་རམས་དཀོན་མཆོག་བསྟན་འཛིན་རྒྱ་མཚོ།

དཀོན་མཆོག་བསྟན་འཛིན་ནི་རྡོ་སྦིས་ལྷ་རམས་དཀོན་མཆོག་བསྟན་འཛིན་རྒྱ་མཚོ་སྟེ་མེ་ཡོས་ལོར་འཁྲུངས། བཅུ་གཅིག་སྟེང་ཆོས་གྲྭར་ཞུགས། སློབ་གཉེར་བྱེད་འདུན་ཆེ་བས་བྲོས་སྟབས་ཀྱིས་དབུས་གཙང་དུ་བྱོན། མེ་ལུག་ལོར་ལྷ་རམས་པའི་མཚན་བཏགས་ཐོབ།དཀོན་མཆོག་བསྟན་འཛིན་ནི་རྡོ་སྦིས་ལྷ་རམས་དཀོན་མཆོག་བསྟན་འཛིན་རྒྱ་མཚོ་སྟེ་མེ་ཡོས་ལོར་འཁྲུངས

20181123